སྟོབས་རྒྱལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟོབས་རྒྱལ།
སྟོབས་རྒྱལ་ནི་སྤྱི་ལོ1953ལོའི་ཟླ5བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་ཁོངས་སུ་སྐྱེས་པ་དང་། ཁོང་ནི་གློག་བརྙན་འཕྲིན་གྱི་འཁྲབ་སྟོན་པ་གྲགས་ཅན་ཞིག་ཡིན། མཐར་ཕྱིན་སློབ་གྲྭ་ནི་ཧྲང་ཧེ་ཟློས་གར་སློང་གླིང་ཡིན། ད་ལྟ་བོད་ལྔོངས་གཏམ་བརྗོད་ཟློས་གར་ཚོགས་པའི་རྒྱལ་ཁབ་གྱི་འཁྲབ་སྟོན་པ་རིམ་པ་དང་པོ་དང་ཀྲུང་གོའི་ཟློར་གར་མཁས་ཅན་པའི་ཚོགས་པའི་ཚོགས་མི། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་ཚོགས་པའི་ཚོགས་མི་བཅས་ཡིན། ཁོས་སྔ་རྗེས་སུ་གཏམ་བརྗོད་ཟློས་གར་རིང་ཤོས《སྲོང་བཙན་སྒམ་པོ》དང《པོ་ཏ་ལའི་འཕོར་འགྱུར》《གནས་མཆོག་སུ་སྐྱོད་པའི་ལམ》《རྫོང་རིའི་རྣམ་ཤེས》《ཡང་རྩེ་བརྒལ་བ》སོགས་སུ་གཙོ་འཁྲབ་གྱི་འགན་ཁུར་ཞིང་། ད་ལྟའི་བར་ཏུ་གཏམ་བརྗོད་ཟློས་གར་ཆེ་ཆུང་ཉི་ཤུ་ཡས་མས་སུ་མི་སྣ་མི་འདྲ་བ་དུ་མ་འཁྲབ་མྱོང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
多布杰
ཕྱི་ཡིག་གི་མིང་།
Dobrgyal
སྐྱེས་ལོ།
སྤྱི་ལོ1953ལོའི་ཟླ5བ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་།
ལས་རིགས།
འཁྲབ་སྟོན་པ། རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན།
མཐར་ཕྱིན་སློབ་གྲྭ།
ཧྲང་ཧེ་ཟློས་གར་སློང་གླིང་།
འཐུས་ཚབ་བརྩམས་ཆོས།
《མི་མེད་ལུང་སྟོང》《ལྕགས་ཕག་ལོའི་གསར་བརྗེ》《ཧི་མ་ལ་ཡའི་རྒྱལ་སྲས》སོགས།
གྲུབ་འབྲས་གཙོ་བོ།
སྐབས24པའི་ཧྲང་ཧའེ་གློག་བརྙན་དཔྱད་བརྗོད་མི་སྣའི་བྱ་དགའ་སྟེ་སྐྱེས་པའི་འཁྲབ་སྟོན་པ་གསར་བར་གདམས་ཐོན་བྱུང་བ།
1 ངོ་སྤྲོད་མདོར་བསྡུས།

སྟོབས་རྒྱལ་ནི་སྤྱི་ལོ1953ལོའི་ཟླ5བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་ཁོངས་སུ་སྐྱེས་པ་དང་། ཁོང་ནི་གློག་བརྙན་འཕྲིན་གྱི་འཁྲབ་སྟོན་པ་གྲགས་ཅན་ཞིག་ཡིན། མཐར་ཕྱིན་སློབ་གྲྭ་ནི་ཧྲང་ཧེ་ཟློས་གར་སློང་གླིང་ཡིན། ད་ལྟ་བོད་ལྔོངས་གཏམ་བརྗོད་ཟློས་གར་ཚོགས་པའི་རྒྱལ་ཁབ་གྱི་འཁྲབ་སྟོན་པ་རིམ་པ་དང་པོ་དང་ཀྲུང་གོའི་ཟློར་གར་མཁས་ཅན་པའི་ཚོགས་པའི་ཚོགས་མི། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་ཚོགས་པའི་ཚོགས་མི་བཅས་ཡིན། ཁོས་སྔ་རྗེས་སུ་གཏམ་བརྗོད་ཟློས་གར་རིང་ཤོས《སྲོང་བཙན་སྒམ་པོ》དང《པོ་ཏ་ལའི་འཕོར་འགྱུར》《གནས་མཆོག་སུ་སྐྱོད་པའི་ལམ》《རྫོང་རིའི་རྣམ་ཤེས》《ཡང་རྩེ་བརྒལ་བ》སོགས་སུ་གཙོ་འཁྲབ་གྱི་འགན་ཁུར་ཞིང་། ད་ལྟའི་བར་ཏུ་གཏམ་བརྗོད་ཟློས་གར་ཆེ་ཆུང་ཉི་ཤུ་ཡས་མས་སུ་མི་སྣ་མི་འདྲ་བ་དུ་མ་འཁྲབ་མྱོང་ཡོད།

སྤྱི་ལོ1996ལོར་བརྙན་འཕྲིན་ཟློས་གར་གྱི་གར་སྟེགས་སུ་གོམ་པ་དང་པོ་སྤོས་དེ། གློག་བརྙན《སྲོང་བཙན་སྒམ་པོ》ཟེར་བའི་ནང་དམག་དཔོན་ཞིག་འཁྲབ། དེའི་རྗེས་ནས་ཁོས་འཁྲབ་པའི་གློག་བརྙན་ལ《ལུང་གཞུང་དམར་པོ》དང《གངས་སྐྱོབ》《ཡེ་ཧེ་མཉམ་འབྲེལ》《ཨ་ཆེན་གངས་ཆེན》སོགས་ཡོད། བརྙན་འཕྲིན་ཟློར་གར་ལ《གངས་ཉིལ》དང《གཟིམ་མེད་ཀྱི་མིག་ཟུང》《ལྷ་སའི་འདས་དོན》《བོད་ཀྱི་འཕོར་འགྱུར》《རྒྱ་བཟའ་ཀོང་ཇོ》《རྡུལ་ཕྲན་ཞོད་འཇགས》《ཇ་རྟའི་གནའ་ལམ》《སྐལ་བཟང་མེ་ཏོག་འདབ་བརྒྱད་མ》《གསང་འཕྲིན་འཕོར་འགྱུར》《དགེ་སྟག་སྤྲུལ་སྐུ》《སྤྲོ་སྐྱིད་ལྡན་པའི་འཚོ་བ》སོགས་འཁྲབ་ཏེ་ལོ་ངོ་སུམ་ཅུ་ལྷག་གི་རིང་གི་གཏམ་བརྗོད་ཟློས་གར་དང་བརྙན་འཕྲིན་ཟློར་གར་ཕྱོགས་གཉིས་ཐད་ནས་གྲུབ་འབྲས་མི་དམན་པ་བླངས།

སྤྱི་ལོ1991ལོར་སྐབས་གཉིས་པའི་ཀྲུང་གོའི་གཏམ་བརྗོད་ཟློས་གར་གསེར་སེང་བྱ་དགའ་ཐོབ། སྤྱི་ལོ1994ལོར་ལོ་རྒྱུས་ཟློར་གར་རིང་ཤོས《ཕོ་བྲང་པོ་ཏ་ལའི་འཕོ་འགྱུར》གྱི་འཁྲབ་སྟོན་ལ་འབྲུག་དགུ་བུམ་པའི་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་ཐོབ། ལོ་དེར་ད་དུང་བོད་ལྗོངས་རྩོམ་རིག་ལྷན་ཚོགས་ཀྱིས་གནང་བའི་ཇོ་མོ་གླང་མའི་སྒྱུ་རྩལ་བྱ་དགའ་ཐོབ། སྤྱི་ལོ1995ལོར་བརྙན་འཕྲིན་ཟློས་གར《གངས་ཉིལ》ལ་སྐབས15བའི་རྒྱལ་ཡོངས་བརྙན་འཕྲིན་ཟློས་གར་གྱི་མཁའ་འགྲོའི་བྱ་དགའ་ལས་སྐྱེས་པའི་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་ཐོབ། སྤྱི་ལོ1997ལོར་གློག་བརྙན《ལུང་གཞུང་དམར་པོ》ལ་སྐབས17པའི་ཀྲུང་གོའི་གློག་བརྙན་གསེར་བྱ་བྱ་དགའ་ལས་སྐྱེས་པའི་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ་ཐོབ། སྤྱི་ལོ2002ལོར་བརྙན་འཕྲིན་ཟློས་གར《སྐལ་བཟང་མེ་ཏོག་འདབ་བརྒྱད་མའི》ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དང་འབྲེལ་བའི་ཟློར་གར་གྱི་རྟ་མཆོག་བྱ་དགའི་སྐྱེས་པའི་གཙོ་འཁྲབ་པ་རྩེ་གྲའི་བྱ་དགའ་ཐོབ། སྤྱི་ལོ2005ལོར་གློག་བརྙན《ཨ་ཆེན་གངས་རྒྱབ》འཁྲབ་སྟོན་ལ་སྐབས41པའི་ཀྲུང་གོའི་ཐའེ་ཝན་གྱི་གསེར་རྟའི་བྱ་དགའ་ལས་སྐྱེས་པའི་གཙོ་འཁྲབ་པ་རྩེ་གྲའི་འོས་མིང་དུ་ཚུད། འདི་ལྟར་ཁོ་རང་རྡོ་སོལ་འདོན་མཁན་གྱི་བཟོ་བ་ཆེས་སྤྱིར་བཏང་བ་ཞིག་ནས་རྒྱལ་ཡོངས་སུ་སྐད་གྲགས་ཡོད་པའི་སྒྱུ་རྩལ་པ་ཞིག་ཏུ་གྱུར།

2 གྲུབ་འབྲས་གཙོ་བོ།

སྤྱི་ལོ2014ལོར། སྐབས14པའི་རྒྱ་སྐད་གློག་བརྙན་སྨྱན་སྦྱོར་བྱ་དགའི་སྐྱེས་པའི་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ། 《མི་མེད་ལུང་སྟོང》འོས་མིང་དུ་ཚུད་པ།

སྤྱི་ལོ2005ལོར། སྐབས25པའི་ཀྲུང་གོ་གློག་བརྙན་གསེར་བྱ་བྱ་དགའི་སྐྱེས་པའི་གཙོ་འཁྲབ་པ་རྩེ་གྲའི་བྱ་དགའ། 《ཨ་ཆེན་གངས་རྒྱབ》འོས་མིང་དུ་ཚུད་པ།

སྤྱི་ལོ2004ལོར། སྐབས41པའི་ཐའེ་ཝན་གློག་བརྙན་གསེར་རྟ་བྱ་དགའི་སྐྱེས་པའི་གཙོ་འཁྲབ་པ་རྩེ་གྲའི་བྱ་དགའ། 《ཨ་ཆེན་གངས་རྒྱབ》འོས་མིང་དུ་ཚུད་པ།

སྤྱི་ལོ1997ལོར། སྐབས17པའི་ཀྲུང་གོ་གློག་བརྙན་གསེར་བྱ་བྱ་དགའི་སྐྱེས་པའི་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ། 《ལུང་གཞུང་དམར་པོ》འོས་མིང་དུ་ཚུད་པ།

སྤྱི་ལོ1994ལོར། བོད་ལྗོངས་རྩོམ་རིག་ལྷན་ཚོགས་ཀྱིས་གནང་བའི་ཇོ་མོ་གླང་མའི་སྒྱུ་རྩལ་བྱ་དགའ། 《ཕོ་བྲང་པོ་ཏ་ལའི་འཕོ་འགྱུར》བྱ་དགའ་ཐོབ་པ།

སྤྱི་ལོ1991ལོར། སྐབས2པའི་ཀྲུང་གོའི་གཏམ་བརྗོད་ཟློས་གར་གསེར་སེང་བྱ་དགའ་ཐོབ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-13

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།