ཟོན་ཐར་རྒྱལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟོན་ཐར་རྒྱལ།
ཟོན་ཐར་རྒྱལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ནས་སྐྱེས་ལ། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་དགེ་འོས་སློབ་ཆེན་གྱི་མཛེས་རིས་སྡེ་ཚན་དང་། པེ་ཅིང་གློག་བརྙན་སློབ་གླིང་གི་པར་ལེན་སྡེ་ཚན་ནས་སློབ་སྦྱོང་བྱས་པ་རེད། ད་ལྟའི་ཆེད་ལས་ནི་གློག་བརྙན་པར་ལེན་པ་དང་མཛེས་རིས་པ། འཁྲབ་གཞུང་རྩོམ་པ་པོ་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
松太加
ཕྱི་ཡིག་གི་མིང་།
Sonthar Gyal
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་།
ལས་རིགས།
འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་པ་པོ། བརྙན་ལེན་པ། མཛེས་རིས་པ། རི་མོ་བ།
འཐུས་ཚབ་བརྩམས་ཆོས།
《དབུས་ལམ་གྱི་ཉི་མ》《གཙང་པོ》སོགས།
གྲུབ་འབྲས་གཙོ་བོ།
སྐབས30པའི་ཝུན་ཀུ་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་སྟག་འབྲུག་སྡེ་ཚན་བྱ་དགའ་ཐོབ།
1 ངོ་སྤྲོད་མདོར་བསྡུས།

ཟོན་ཐར་རྒྱལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ནས་སྐྱེས་ལ། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་དགེ་འོས་སློབ་ཆེན་གྱི་མཛེས་རིས་སྡེ་ཚན་དང་། པེ་ཅིང་གློག་བརྙན་སློབ་གླིང་གི་པར་ལེན་སྡེ་ཚན་ནས་སློབ་སྦྱོང་བྱས་པ་རེད། ད་ལྟའི་ཆེད་ལས་ནི་གློག་བརྙན་པར་ལེན་པ་དང་མཛེས་རིས་པ། འཁྲབ་གཞུང་རྩོམ་པ་པོ་སོགས་ཡིན།

སྤྱི་ལོ1994ལོ་ནས་བཟུང་རི་མོ་འབྲི་བའི་མགོ་བརྩམས་ཤིང་། ད་ལྟའི་བར་དུ་རི་མོའི་བརྩམས་ཆོས་གཙོ་བོ《ཚེ་སྲོག་གི་སྐོར》དང《ཁ་མདོག་དམར་བའི་སྐོར》ལ་སོགས་པའི་རི་མོ་ལྔ་བཅུ་ལྷག་ཡོད་པ་རེད།

སྤྱི་ལོ1998ལོར་སྣུམ་ཚོན་རི་མོ《ཟླུམ་གོར》ཚེ་སྲོག་གི་སྐོར་གྱི་ཚན་པ་ལྔ་ཞེས་པར་རྩོམ་རིག་སྒྱུ་རྩལ་གྱི་ཡིག་རིས་རྐོ་འབྲི་འགྲན་བསྡུར་སྟེང་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སྤྱི་ལོ1998ལོར་སྣུམ་ཚོན་རི་མོ《ཁ་སང་དང་དེ་རིང》ཁ་མདོག་དམར་པོའི་ལེའུ་གསུམ་པ་ཞེས་པའི་རི་མོར་མཚོ་སྔོན་ཞིང་ཆེན་གྱི་མཛེས་རིས་དགེ་རྒན་འགྲན་བསྡུར་སྟེང་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

སྤྱི་ལོ2002ལོ་ནས་བཟུང་གློག་བརྙན་པར་ལེན་གྱི་ལས་གཉེར་བྱས་ཤིང་། བརྩམས་ཆོས་ཀྱང་མང་པོ་ཡོད་པ་རེད།

སྤྱི་ལོ2004ལོར། 35mmཡི་ཚོན་ལྡན་གཏམ་རྒྱུད་ཐུང་ངུ《རྩྭ་ཐང》ཞེས་པའི་མཛེས་རིས་དང་པར་ལེན་གྱི་འགན་ཁུར།

སྤྱི་ལོ2005ལོར། གློག་བརྙན《ཆེས་མཐའ་མཇུག་གི་སེར་སྲུང་པ》ཞེས་པའི་པར་ལེན་གྱི་འགན་ཁུར།

སྤྱི་ལོ2005ལོར། 35mmཡི་ཚོན་ལྡན་གཏམ་རྒྱུད་གློག་བརྙན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པའི་མཛེས་རིས་ཀྱི་འགན་ཁུར།

སྤྱི་ལོ2006ལོར། བྱུང་རིམ་གློག་བརྙན་ཐུང་ངུ《ཁྱིམ་གཞི》ཞེས་པའི་འཁྲབ་ཁྲིད་པ་དང་པར་ལེན་གྱི་འགན་ཁུར།

སྤྱི་ལོ2007ལོར། 《ཀ་ཐོག་སྨོན་ལམ་ཆེན་མོ》ཞེས་པའི་གློག་བརྙན་དང་བྱུང་རིམ་གློག་བརྙན་རིང་གྲས《ཧྭ་རུང་ཏའོ》གཉིས་ཀྱི་པར་ལེན་གྱི་འགན་ཁུར།

སྤྱི་ལོ2008ལོར།《བསམ་ཡས་དགོན》ཀྲུང་གོའི་དགོན་སྡེ་གྲགས་ཅན་དང་སྐྱེས་ཆེན་དམ་པ་ཞེས་པའི་མུ་འབྲེལ་གློག་བརྙན་དང་།《འཚོལ》ཞེས་པའི་གཏམ་རྒྱུད་གློག་བརྙན། བྱུང་རིམ་གློག་བརྙན་རིང་གྲས《སྨུག་པ་ཆེན་པོ》དང《ཀྲུང་གོའི་དགོན་སྡེ་གྲགས་ཅན་གྱི་འཕགས་པའི་དགེ་འདུན་དག་གི་རི་བོ་རྩེ་ལྔའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག》གློག་བརྙན་བཅས་སོགས་ཀྱི་པར་ལེན་གྱི་འགན་ཁུར།

ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་དང་པོ་ནི《དབུས་ལམ་གྱི་ཉི་མ》ཞེས་པ་དེ་ཡིན། གློག་བརྙན་འདིར་རྒྱལ་ཁབ་ཕྱི་ནང་ཀུན་ནས་དགའ་རྟགས་མང་པོ་བླངས་མྱོང་། སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་ནས་བཤད་རྒྱུར། བུ་མོ་འདི་གློག་བརྙན་དེའི་ཆེད་དུ་སྐྱེས་པ་འདྲ་སྟེ། ཁོ་མོའི་ལུས་ངག་ཡིད་གསུམ《གཙང་པོ》གང་གི་ཁུགས་སོ་ན། གློག་བརྙན་སྐོར་གྱི་བསམ་ཚུལ་བགྲོ་གླེང་བྱེད་སྐབས་ཀྱང་འདུ་འཛི་ཤིན་ཏུ་ཆེ་ཞིང་། ལྷག་པར་དུ་འཁྲབ་སྟོན་མ་བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོ་ཡི་གསོན་ཉམས་ལྡན་པའི་འཁྲབ་སྟོན་ལ་ཀུན་གྱིས་དགའ་མགུ་དང་གཟེངས་བསྟོད་བྱས་པ་མ་ཟད། ཡུལ་དངོས་ཀྱི་བྱིས་པ་མང་པོ་ཞིག་གིས་འཁྲབ་ཁྲིད་པར་བྱིས་བློའི་དག་གཙང་མ་ཡལ་བའི་དྲི་བ་མང་པོ་ཞིག་བཏོན་སོང་།

2 གྲུབ་འབྲས་གཙོ་བོ།

སྤྱི་ལོ2011ལོར། སྐབས30པའི་ཝུན་ཀུ་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་སྟག་འབྲུག་སྡེ་ཚན་བྱ་དགའ། 《དབུས་ལམ་གྱི་ཉི་མ》 བྱ་དགའ་ཐོབ་པ།

སྤྱི་ལོ2011ལོར། སྐབས14པའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཡ་གླིང་གི་མི་སྣ་གསར་བའི་བྱ་དགའ། 《དབུས་ལམ་གྱི་ཉི་མ》འོས་མིང་དུ་ཚུད་པ།

སྤྱི་ལོ2015ལོར། སྐབས9པའི་ཡཱ་ཐའེ་གློག་བརྙན་བྱ་དགའི་གཞོན་ནུ་གློག་བརྙན་རྩེ་གྲའི་བྱ་དགའ། 《གཙང་པོ》བྱ་དགའ་ཐོབ་པ།

སྤྱི་ལོ2015ལོར། སྐབས65པའི་པོ་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་མི་སྣ་གསར་བའི་སྡེ་ཚན་བྱ་དགའ།《གཙང་པོ》འོས་མིང་དུ་ཚུད་པ།

སྤྱི་ལོ2011ལོར། སྐབས35པའི་ཤང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཨང་ཀི་སྡེ་ཚན་གྱི་དམིགས་བསལ་གཟེངས་བསྟོད་བྱ་དགའ། 《དབུས་ལམ་གྱི་ཉི་མ》 བྱ་དགའ་ཐོབ་པ།

སྤྱི་ལོ2011ལོར། སྐབས64པའི་ལོའུ་ཅཱ་ནོའུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་དེབ་རབས་འཁྲབ་ཁྲིད་པའི་འགྲན་རྩོད་སྡེ་ཚན་བྱ་དགའ། 《དབུས་ལམ་གྱི་ཉི་མ》 བྱ་དགའ་ཐོབ་པ།

སྤྱི་ལོ2011ལོར། སྐབས55པའི་དབྱིན་ཇིའི་ལོན་ཏུན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།《དབུས་ལམ་གྱི་ཉི་མ》 བྱ་དགའ་ཐོབ་པ།

འཁྲབ་ཁྲིད་བརྩམས་ཆོས།

སྤྱི་ལོ2015ལོར། 《གཙང་པོ》གློག་བརྙན།

སྤྱི་ལོ2011ལོར། 《དབུས་ལམ་གྱི་ཉི་མ》གློག་བརྙན།

འཁྲབ་གཞུང་བརྩམས་ཆོས།

སྤྱི་ལོ2011ལོར། 《དབུས་ལམ་གྱི་ཉི་མ》གློག་བརྙན།

བརྙན་ལེན་བརྩམས་ཆོས།

སྤྱི་ལོ2007ལོར། 《འཚོལ》གློག་བརྙན།

སྤྱི་ལོ2011ལོར། 《ཁྱི་རྒན》གློག་བརྙན།

མཛེས་རིས་བརྩམས་ཆོས།

སྤྱི་ལོ2005ལོར། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གློག་བརྙན།

སྤྱི་ལོ2007ལོར། 《འཚོལ》གློག་བརྙན།

སྤྱི་ལོ2011ལོར། 《ཁྱི་རྒན》གློག་བརྙན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-13

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།