མཐིང་སྔོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཐིང་སྔོན།
འདི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གང་ནས་ཀྱང་ཐར་ཐོར་ཐོན་པའི་ཟངས་ཀྱི་གཏེར་རྡོ་ཞིག་སྟེ་ཟངས་རྡོ་གཞན་དང་ཁྱད་པར་སྤང་མ་དང་འདྲེས་པའམ་མཉམ་དུ་གནས། ཁ་དོག་སྔོན་པོ་དང་མཐིང་ནག ཐོག་མར་ས་འོག་ནས་རློན་པ་སྙི་ལ་མཁའ་རླུང་དང་འཕྲད་པས་རིམ་བཞིན་སྲ་མཁྲེགས་རྡོ་རུ་འགྱུར་ཞིང་། རྡོ་ལ་རི་མོ་སྔོན་པོ་དོད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
石青(蓝铜矿)
ཕྱི་ཡིག་གི་མིང་།
Azuritum
མིང་གཞན།
མཐིང་། ཀུ་ཤུའི་ཁམས། དུས་ཀྱི་མེ་ཏོག བྱ་ཁྱུང་རྡོ། མིག་སྨན་སྔོན་པོ། མེ་ཏོག་མིག་སྨན། མེ་ཏོག་ཟེ། གསལ་ལྡན། གསལ་བ་ཅན་བཅས་སོ།།
རིགས་དབྱེ།
གཏེར་དངོས།
1 ངོ་སྤྲོད།

འདི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གང་ནས་ཀྱང་ཐར་ཐོར་ཐོན་པའི་ཟངས་ཀྱི་གཏེར་རྡོ་ཞིག་སྟེ་ཟངས་རྡོ་གཞན་དང་ཁྱད་པར་སྤང་མ་དང་འདྲེས་པའམ་མཉམ་དུ་གནས། ཁ་དོག་སྔོན་པོ་དང་མཐིང་ནག ཐོག་མར་ས་འོག་ནས་རློན་པ་སྙི་ལ་མཁའ་རླུང་དང་འཕྲད་པས་རིམ་བཞིན་སྲ་མཁྲེགས་རྡོ་རུ་འགྱུར་ཞིང་། རྡོ་ལ་རི་མོ་སྔོན་པོ་དོད་པ། གྲུབ་ཆ་གཙོ་བོ་ནིCu3(Cu-55.3%)[CO3]2[OH]ཡོད་པ། སྲ་ཚད3~4°དང་། བསྡུར་ལྗིད་ཁེ3.7~3.9ཡོད་པ། བཟོ་ལས་ཐད་ཟངས་རྡོ་གཞན་དང་མཉམ་དུ་བཞུས་ནས་ཟངས་ཐོན་པ་དང་ལྷ་བཟོས་ཚོན་བྱེད་པ་ཡིན། ཟངས་རྡོ་གཞན་མ་བྱུང་ན་འདི་གཉིས་གང་བྱུང་བཏང་བས་ནུས་པར་ཁྱད་པར་མེད་དོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།