རྡོ་ཆུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྡོ་ཆུ།
འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ཕལ་མོ་ཆེའི་ཆུ་ཚན་དང་། མཚུར་ཁུ་ཡོད་ས་གར་ཡང་འབྱུང་ཞིང་། ཆུ་ཚན་གྱི་མཐའ་འཁོར་གྱི་བྲག་རྡོའི་ངོས་སུ་ཆགས་པ། གསར་པ་སོབ་ཅིང་། རྙིང་པ་རིམ་པས་སྲ་བར་འགྱུར་བ། ཕྱི་ནང་རིམ་པར་ཆགས་རིམ་ཡོད་པ། ཁ་དོག་ཅི་རིགས་ལ་འགའ་ཞིག་ལ་ལྕགས་ཀྱི་བཙའ་དྲེག་དམར་སེར་འདྲེས་པ། རོ་ཅུང་ཟད་སྐྱུར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
泉华
ཕྱི་ཡིག་གི་མིང་།
Sinter
མིང་གཞན།
ཆུ་སྐྱུར་རྡོ། རྡོ་སྐྱུར། རྡོ་རུལ་བཅས་སོ།།
རིགས་དབྱེ།
གཏེར་དངོས།
1 ངོ་སྤྲོད།

འདི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ཕལ་མོ་ཆེའི་ཆུ་ཚན་དང་། མཚུར་ཁུ་ཡོད་ས་གར་ཡང་འབྱུང་ཞིང་། ཆུ་ཚན་གྱི་མཐའ་འཁོར་གྱི་བྲག་རྡོའི་ངོས་སུ་ཆགས་པ། གསར་པ་སོབ་ཅིང་། རྙིང་པ་རིམ་པས་སྲ་བར་འགྱུར་བ། ཕྱི་ནང་རིམ་པར་ཆགས་རིམ་ཡོད་པ། ཁ་དོག་ཅི་རིགས་ལ་འགའ་ཞིག་ལ་ལྕགས་ཀྱི་བཙའ་དྲེག་དམར་སེར་འདྲེས་པ། རོ་ཅུང་ཟད་སྐྱུར་བ། གྲུབ་ཆ་གཙོ་བོ་ནིCaCO3དང་། དེ་མིན་གྱི་གྲུབ་ཆ་སྣ་ཚོགས་ཀྱང་འདྲེས་པ། སྲ་ཚད1.8~2.5°དང་། བསྡུར་ལྗིད་ཁེ2.8~3.1ཡོད་པ། ཡན་སོན་དང་འཕྲད་པས་ལྦུ་བ་འབྱུང་བ། སོབ་པས་བཏུལ་སླ་བ་བཅས། འདི་མཚུར་ཁུ་མེད་ས་དང་ཆར་ཆུ་མཁའ་རླུང་སོགས་ཡུན་རིང་ཕོག་པ་ལ་རོ་སྐྱུར་པོ་མངོན་གསལ་མེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།