ཕོ་ཁྲོ་ཅན་བཅུ་གཉིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕོ་ཁྲོ་ཅན་བཅུ་གཉིས།
《ཕོ་ཁྲོ་ཅན་བཅུ་གཉིས》ཞེས་པའི་གློག་བརྙན་འདི་ནི་སྤྱི་ལོ1957ལོར་ཨ་རིའི་སྨི་ཀའོ་མེ་ཀུང་སིས་བཏོན་པའི་ཚོན་མེད་གློག་བརྙན་ཞིག་ཡིན། འཁྲབ་ཁྲིད་པ་ཞི་ཏུ་ནེ•ལུའུ་མའེ་ཐུས་འཁྲབ་ཁྲིད་བྱས་ཤིང་། མཱ་ཏེང•པོ་ཨར་སཱ་མུའུ་དང་ཅེ་ཁུ•ཁུ་ལུའུ་ཀུ་མན། ལི•ཁུ་པུའུ་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདིའི་ནང་དུ་གཙོ་བོ་མི་བཅུ་གཉིས་ལས་གྲུབ་པའི་འདྲི་གཅོད་ཚོགས་པ་ཞིག་གི་གཏམ་གླེང་སྐོར་ཡིན། འཁྲབ་ཚན་ཧྲིལ་པོར་ཨ་རིའི་ཁྲིམས་ལུགས་ཀྱི་དྲང་བདེན་དང་འདྲི་གཅོད་ལམ་ལུགས་ལ་གཏིང་ཟབ་ཀྱི་བགྲོ་གླེང་བྱས་པ་ཡིན་ཞིང་། འདི་ནི་ཨ་རིའི་གློག་བརྙན་གྱི་ལོ་རྒྱུས་ཐོག་གི་གློག་བརྙན་ཆེས་གཙོ་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ཕོ་ཁྲོ་ཅན་བཅུ་གཉིས།
མ་བརྙན་མིང་།
12 Angry Men
རྒྱ་འགྱུར་མིང་།
十二怒汉
རྒྱལ་ཁབ།
ཨ་རི།
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
ཞི་ཏུ་ནེ•ལུའུ་མའེ་ཐུ།
གཙོ་འཁྲབ་པ།
མཱ་ཏེང•པོ་ཨར་སཱ་མུའུ། ཅེ་ཁུ•ཁུ་ལུའུ་ཀུ་མན། ལི•ཁུ་པུའུ།
འགྲེམ་དུས།
1957-04-13
བརྙན་རིགས།
གཏམ་རྒྱུད།
ཡུན་ཚད།
སྐར་མ96
བྱ་དགའ་གཙོ་བོ།
སྐབས30པའི་ཨོ་སི་ཁཱའི་བྱ་དགའི་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ། འཁྲབ་གཞུང་བཅོས་སྒྲིག་རྩེ་གྲ་བཅས་ཀྱི་འོས་མིང་དུ་ཚུད།
1 ནང་དོན་མདོར་བསྡུས།

གློག་བརྙན་འདིར་འདྲི་གཅོད་པ་བཅུ་གཉིས་ཀྱིས་མི་ཚེ་གཅིག་གི་གདམ་ཁ་ཐག་གཅོད་བྱ་སྟེ། ཁོ་ཚོ་ནི་སྤྱི་ཚོགས་ཀྱི་གྲལ་རིམ་མི་འདྲ་བ་ནས་ཡོང་ཞིང་། ཁོ་ཚོའི་ནང་ལ་བརྡ་ཁྱབ་ཚོང་པ་དང་། བཟོ་ལས་དབུ་ཅན། ཉེན་རྟོག་པ། དངུལ་གཉེར་པ། འགྲེམ་ཚོང་པ་སོགས་ཡོད།

ཨ་རིའི་འདྲི་གཅོད་ལམ་ལུགས་ནང་འདྲི་གཅོད་པ་ཚང་མའི་བསམ་འཆར་གཅིག་མཐུན་བྱུང་རྗེས་གཞི་ནས་ཡིན་མིན་ཐག་གཅོད་བྱ་དགོས་པའི་ཆ་རྐྱེན་ཡོད་པས། ཐེངས་དང་པོར་འོས་ཤོག་བཅུ་གཅིག་ཡོད་ཚེ། འོས་ཤོག་ཅིག་ཤོས་དེས་བདེན་དཔང་བྱེད་མི་ཐུབ་པའི་སྐབས་སུ། མི་ཚང་མས་མགོ་སྒུར་མཁན་ནི་འོས་ཤོག་གཅིག་པུ་དེ་ཁོ་ན་ཡིན་པར་བསམ་གྱིན་ཡོད། འོན་ཀྱང་། ཧེང་ལི•ཧྥང་ཏཱ་ཡིས་འཁྲབ་པའི་བཟོ་ལས་དབུ་ཅན་གྱིས་དཀའ་ངལ་ཁྱད་བསད་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་དེར་དོགས་སློང་བྱ་བར་བརྩམས་ཤིང་། དོགས་གཞི་ཇེ་ཆེར་བཏང་བ་དང་སྦྲགས་རིམ་བཞིན་འདྲི་གཅོད་པ་རེ་རེ་བཞིན་ཁ་གྲག་རྒྱུ་མེད་པར་བཟོས་ཡོད།

མི་ཕོ་བཅུ་གཉིས་དེ་སྤྱི་ཚོགས་སྟེང་གི་མི་ཕལ་པ་ཤ་སྟག་ཡིན་ཞིང་། ཐོག་མ་ནས་ཕན་ཚུན་སུ་དང་སུ་ལའང་ཆ་རྒྱུས་གང་ཡང་མེད་ཅིང་། རྗེས་མར་ཡང་ཕན་ཚུན་ལ་ཁ་ཏ་བྱེད་པའི་གོ་སྐབས་ཞིག་ཀྱང་ཡོད་དཀའ་བ་ལྟ་བུ་རེད། འོན་ཀྱང་། མི་བསད་འགྱོད་གཞི་ཞིག་གི་རྐྱེན་གྱིས་ཁོ་ཚོ་ཁང་པ་གཅིག་གི་ནང་དུ་འཛོམས་ཤིང་། ཁོ་ཚོ་ཁྲིམས་འཛིན་ལམ་ལུགས་དེས་འདེམས་སྒྲུག་བྱས་ནས་འགྱོད་གཞི་དེའི་འདྲི་གཅོད་ཚོགས་པ་ཞིག་ཏུ་ཆགས། དེ་ནས་བཟུང་རང་ལས་གཞན་པའི་མི་ཞིག་གི་ལས་དབང་སྟེ། ནག་ཉེས་ཡོད་མེད་དང་། འཆི་གསོན་གང་ཡིན་ཐག་གཅོད་བྱ་བའི་མགོ་བརྩམས། ཁོ་ཚོ་ཁྲིམས་ལ་ཆ་རྒྱུས་མེད་ཅིང་། ཧ་ལམ་ཁྲིམས་རྟོགས་པའི་དགོས་པའང་མེད་པ་འདྲ་སྟེ། ཁོ་ཚོ་ནི་ཁྲིམས་བཙན་པོའི་འོག་བྱ་ཐབས་ཟད་ནས་ཁྲིམས་སར་སླེབས་པ་ཞིག་རེད། ཁོ་ཚོར་གཞན་དང་མི་གཅིག་པའི་རང་རང་སོ་སོའི་ཁྱིམ་ཚང་དང་། འཚོ་བའི་གནས་ཚུལ། ལས་རིགས། མི་ཚེའི་མྱོང་བ། དེ་བཞིན་རང་རང་གི་དགའ་ཕྱོགས་དང་གཤིས་ཀ་རེ་ཡོད།

ལོ་བཅོ་བརྒྱད་ལ་སོན་པའི་ཕོ་གཞོན་ཞིག་གིས་ནམ་གུང་ལ་རང་གི་ཕ་བསད་པའི་ཉེས་པས་འགྱོད་ལ་ཐུག ཁྲིམས་སར་ཡོད་པའི་དཔང་རྟགས་ལའང་བདེན་པ་ཆེན་པོ་ཡོད་དེ། ཁོ་ཚོའི་ཁང་པའི་ཁ་གཏད་དུ་ཡོད་པའི་བུད་མེད་དེས་རང་ཁྱིམ་གྱི་སྒེའུ་ཁུང་ནས་འགྲོ་བཞིན་པའི་མེ་འཁོར་གྱི་སྒེའུ་ཁུང་བརྒྱུད་ཞུ་སྦྱོར་ཕྱི་མས་ལག་པར་གྲི་བཟུང་ནས་མི་གསོད་པ་མཐོང་བ་དང་། འོག་ཁྱིམ་གྱི་རྒད་པོས་ཀྱང་ཞུ་སྦྱོར་ཕྱི་མས་སྐད་ཤུགས་ཆེན་པོས། “ངས་རང་གསོད་ཀྱི་ཡིན། ”ཞེས་པའི་འབོད་སྒྲ་དང་ཕུང་པོ་ས་ལ་འགྱེལ་བའི་སྒྲ་ཐོས་པ་མ་ཟད། ཞུ་སྦྱོར་ཕྱི་མ་བར་འཁྱམ་ནས་མར་རྒྱུགས་པ་ཡང་མཐོང་ཡོད། ཕའི་བྲང་ཁོག་ལ་བཙུགས་པའི་གྲི་དེ་ནི་ཞུ་སྦྱོར་ཕྱི་མས་དེ་སྔོན་ཉོས་པའི་ལྡེམ་གྲི་དེ་དང་ཨ་ན་མ་ན་ཡིན། ཡང་ཞུ་སྦྱོར་ཕྱི་མས་ནམ་དགུང་གི་ཆུ་ཚོད་བཅུ་གཅིག་ནས་ཐོ་རེངས་ཀྱི་ཆུ་ཚོད་གསུམ་བར་བརྙན་འཕྲིན་ལ་བལྟས་ནས་བསྡད་པར་བཤད་ཀྱང་དེ་ནི་ཡིད་ཆེས་དཀའ་ལ། ཁོས་རང་ཉིད་ཀྱིས་ད་ལྟ་བལྟས་པའི་གློག་བརྙན་གྱི་མིང་གང་ཡིན་པའང་ཤེས་ཀྱི་མེད། གློག་བརྙན་ཧྲིལ་པོའི་ཁོར་ཡུག་ནི་ཁང་པ་གཅིག་ལས་མེད་ཅིང་། ཕན་ཚུན་བགྲོ་གླེང་གི་ཁྲོད་དོགས་པ་ཟ་འོས་པ་ཁག་ལྔ་བཏོན་ཡོད།

ཁོའི་ཁྱིམ་གྱི་ཁ་སྤྲོད་ཀྱི་དཔང་མི་བུད་མེད་དེས་ཕོ་གཞོན་གྱིས་གྲི་བཟུང་ནས་ངར་ངར་པོས་ཕའི་བྲང་ཁོག་ཏུ་བཙུགས་པ་དངོས་སུ་མཐོང་བར་བཤད། སྐབས་དེར་མེ་འཁོར་འཁོར་སྒྲོམ་དྲུག་ཅན་ཞིག་ཡོད་ཅིང་། མོས་མེ་འཁོར་མཇུག་གི་འཁོར་སྒྲོམ་གཉིས་པོའི་སྒེའུ་ཁུང་ནང་ནས་གནས་ཚུལ་དེ་མཐོང་བ་རེད། འོན་ཀྱང་འདྲི་གཅོད་པ་ཨང་ཀི་བརྒྱད་པ་དེ་དེ་སྔོན་ལྕགས་ལམ་གྱི་འགྲམ་དུ་བསྡད་མྱོང་ཞིང་། ཁོས་བལྟས་ན་མེ་འཁོར་རྒྱུགས་སྒྲ་ཆེ་བས། ཕ་རྒན་གྱོལ་པོ་ཞིག་གིས་ཕོ་གཞོན་དེས“ངས་རང་གསོད་ཀྱི་ཡིན། ”ཞེས་འབོད་པར་གསལ་པོར་ཐོས་མི་སྲིད་ཟེར།

ཕ་རྒན་གྱོལ་པོས་ཁོ་རང་གིས་ཕོ་གཞོན་དེས“ངས་རང་གསོད་ཀྱི་ཡིན། ”ཞེས་ཐོས་ནས་སྐར་ཆ་གཅིག་སོང་རྗེས། དངོས་པོ་ས་ལ་ཟག་པ་ཐོས་པར(ཨ་ཕ་ཡིན་པར་ངོས་འཛིན)བཤད། ཁོ་སྐར་ཆ་བཅོ་ལྔ་རིང་ཉལ་ཁང་ནས་བར་འཁྱམ་བརྒྱུད་སྒོ་ཆེན་འགྲམ་དུ་ཐོན་རྗེས། ཕོ་གཞོན་དེ་ཚབ་ཚུབ་ངང་བྲོས་འགྲོ་བ་མཐོང་། འོན་ཀྱང་འདྲི་གཅོད་པ་ཨང་ཀི་བརྒྱད་པས་ཚུལ་དེ་ཚོད་བལྟ་ཐེངས་མང་བྱས་ནས་བདེན་དཔང་བྱས་པ་ལ། ཕ་རྒན་གྱོལ་པོ་ཞིག་རྒྱུགས་ཐབས་རྩ་བ་ནས་མེད་ཅིང་། ཁོའི་གོམ་པའི་མགྱོགས་ཚད་ལ་བལྟས་ན་སྐར་ཆ་ཞེ་གཅིག་འགོར་ངེས་ཤིང་། སྐར་ཆ་བཅོ་ལྔའི་ནང་སླེབས་ཐབས་མེད་པ་རེད། འདྲི་གཅོད་པ་ཨང་ཀི་དགུ་བ་ནི་མི་བཅུ་གཉིས་པོའི་ནང་ནས་ན་སོ་རྒན་ཤོས་དེ་ཡིན་ཞིང་། རྒན་འཁོགས་ལ་ཁོ་རྒྱུས་མངའ་ཆེ་བས། ཁོས་བཤད་རྒྱུར། ཕ་རྒན་གྱོལ་པོ་དེ་འཚོ་བ་ཉམས་ཐག་ཅིང་། མི་ཚེ་གཅིག་ནང་དོན་དག་ཆེན་པོ་འདྲ་སྒྲུབ་མ་མྱོང་བས། གཞན་གྱིས་སྣང་བའི་ཡུལ་ལ་མེད། འོན་ཀྱང་ད་ཐེངས་དོན་རྐྱེན་དེའི་ནང་ཁོ་དཔང་མིར་གྱུར་ནས་མི་གཞན་གྱི་སྣང་བའི་ཡུལ་དུ་གྱུར་པས། ཁོས་སྐྱག་རྫུན་བཤད་པ་རེད་ཟེར།

ཕོ་གཞོན་དེས་ཁོ་རང་བརྙན་འཕྲིན་བལྟ་རུ་སོང་ནས་གང་ཡང་དྲན་གྱི་མི་འདུག་ཟེར་བས། མི་ཚང་མས་ཕོ་གཞོན་དེས་སྐྱག་རྫུན་བཤད་པར་ཐག་བཅད། འོན་ཀྱང་འདྲི་གཅོད་པ་ཨང་ཀི་བརྒྱད་པས། ཕ་བུ་གཉིས་ཁ་རྩོད་ཤོར་རྗེས། ཕོ་གཞོན་དེ་ཕྱིར་སོང་བ་དང་། ནང་ལ་ཕྱིར་ལོག་དུས་རང་གི་ཕ་ཤི་བར་ཤེས་ཤིང་། ཉེན་རྟོག་པ་ཚོ་ཕའི་ཕུང་པའི་འགྲམ་ན་ཤིང་སྡོང་འོག་རི་བོང་སྒུག་པ་བཞིན་བསྡད་ཡོད་པས། ཕོ་གཞོན་དེ་སེམས་པ་ཚབ་ཐག་བཅད་ནས་ཅི་བཤད་འདི་བཤད་མེད་པར་ཆགས་པར་ངོས་འཛིན་གྱི་ཡོད་དེ། དེའི་བདེན་དཔང་དུ། འདྲི་གཅོད་པ་ཨང་ཀི་བརྒྱད་པས་འདྲི་གཅོད་པ་ཨང་ཀི་བཞི་བར་ཉིན་འདི་དག་རིང་བྱ་བ་གང་ལས་པར་འདྲི་གཅོད་བར་མེད་དུ་བྱས་པར། འདྲི་གཅོད་པ་ཨང་ཀི་བཞི་བ་ནི་ཉིན་ཤས་དེའི་རིང་བརྙན་འཕྲིན་བལྟ་བར་སོང་བ་དང་། ཁོས་ཀྱང་བརྙན་འཕྲིན་གྱི་མིང་དང་། འཁྲབ་ཁྲིད་པའི་མིང་འགྲིག་པོ་ངེས་མེད། འདྲི་གཅོད་པ་ཨང་ཀི་བཞི་བ་ནི་ཕྱི་རོལ་གྱི་གནོན་ཤུགས་མེད་པའི་འོག་དྲིས་ལན་བཏབ་པ་ཡིན་ཀྱང་། ནོར་འཁྲུལ་མང་བས་ཕོ་གཞོན་འདི་ལ་བཤད་ཅི་དགོས།

ཕའི་གཟུགས་པའི་རིང་ཚད་བུ་ལས་ཚོན་བདུན་གྱིས་ཆེ་བས་ཡོད་པས། གལ་སྲིད་རང་ལས་ཆེ་བའི་མི་ཞིག་གསོད་དགོས་ན། སྤྱིར་ཏང་གི་གྲི་ཆུང་ལག་པར་འགྲེང་ནས་བཙུགས་མི་སྲིད་པ་རེད། འདྲི་གཅོད་པ་ཞིག་བྱིས་པའི་དུས་རྒྱུན་དུ་གྲི་ཐབས་བལྟས་མྱོང་ཞིང་། ཁོར་དེའི་སྐོར་ཆ་རྒྱུས་ཆེན་པོ་ཡོད། གྲི་བཟུང་ནས་མི་གསོད་སྐབས་གྲི་མཐོན་པོར་འགྲེང་ནས་གཏན་ནས་མི་འཛུགས། མ་ཟད་ཕོ་གཞོན་དེས་གྲི་ལ་རྒྱུས་མངའ་ངེས་ཅན་ཡོད་པས། ཐབས་དེ་འདྲས་མི་གསོད་མི་སྲིད་པ་རེད།

དཔང་མི་བུད་མེད་དེས་རང་ཉིད་མཚན་མོ་དེར་ཆུ་ཚོད་གཅིག་རིང་གཉིད་ལ་མ་སོང་ཞིང་། མཚན་དགུང་གི་ཆུ་ཚོད་བཅུ་གཉིས་དང་སྐར་མ་བཅུ་ཐོག་ཏག་ཏག་ཕོ་གཞོན་དེས་ཉེས་པ་གསོག་པར་མཐོང་ཟེར། འོན་ཀྱང་བུད་མེད་དེ་མིག་ཤེལ་འདོགས་ཀྱི་ཡོད་ཅིང་། ཁྱིམ་ནས་ཐོན་དུས་སྣ་སྒང་ཐོག་མིག་ཤེལ་གྱི་རྗེས་ཤར་ཡོད། སྤྱིར་བཏང་ཡིན་ན་ཉལ་དུས་མིག་ཤེལ་མི་འདོགས་ཤིང་། དེ་ལྟར་རིགས་པས་འདེད་ན་ཕོ་གཞོན་དེས་ཉེས་པ་གསོག་དུས་བུད་མེད་དེ་མིག་ཤེལ་བཏགས་མེད་ཅིང་། ཁོ་མོའི་མིག་ནང་དུ་འཆར་བ་ནི་གཟུགས་བརྙན་རབ་རིབ་ཅིག་རེད།

དེ་ལྟར་འདི་ལྟ་བུའི་བདེན་པ་རྩོད་མེད་ཀྱི་གྱོད་དོན་ལ། ཉེས་ཅན་པ་དེ་པང་ལེབ་ཐོག་གཟེར་བརྒྱབ་ནས་འཇོག་དགོས་མོད། ཁྲིམས་ལུགས་ལྟར་ན། ཁོ་ཚོའི་བསམ་འཆར་གཅིག་མཐུན་བྱུང་བ་དང་། གྱོད་དོན་དེ་དེ་བཞིན་ཐག་གཅོད་ཐུབ་ཀྱི་ཡོད། དེས་ན་ཁོ་ཚོར་མྱུར་དུ་ཁྲིམས་ཐག་གཅོད་རྒྱུའི་ནན་བསྐུལ་བྱེད་དོན་ནི། འདྲི་གཅོད་པ་དག་གིས་འདྲི་གཅོད་གང་མང་ཤིག་བྱས་ཟིན་པ་དང་། ཁོ་ཚོ་ཁང་ཆིང་འདི་འདྲ་ཤིག་ནང་བཀག་ནས། དབུགས་རྐྱང་འབྱིན་རྔུབ་དཀའ་ཞིང་། རྡོ་ལེབ་ཚ་པོའི་ཐོག་གི་གྲོག་མ་ལྟར་སེམས་རྣལ་ལ་མི་འབབ་མི་ཐུབ་པ་མ་ཟད། མི་འགས་རང་གི་ཚོང་ལས་དང་ཡང་ན་དགོང་དྲོའི་སྤོ་ལོ་འགྲན་བསྡུར་ལ་སེམས་ཁྲལ་བྱེད། མདོར་ན་རྒྱུ་མཚན་དེ་དག་ཕྱོགས་གཅིག་ཏུ་འདུས་ན་སྐབས་དེ་དུས་ཁོ་ཚོར“འདྲི་གཅོད་པ”ཞིག་གི་འགན་འཁུར་ཞིག་མེད་པས། དྲང་བདེན་གྱི་ཁྲིམས་ལུགས་ཟེར་བ་དང་། དཔང་པོར་གཞི་འཛིན་ཟེར་བ་ནི་ཁོ་ཚོའི་རྒྱུན་ལྡན་གྱི་གཞུང་དོན་ཞིག་ཡིན་ཞིང་། དེའི་རྗེས་ལ་གང་མགྱོགས་ཁྱིམ་དུ་ལོག་དགོས་པའི་ཁ་གཡར་རྒྱུ་དེ་རེད།

ད་ལྟ་འདྲི་གཅོད་པ་བཅུ་གཉིས་ཀྱིས་ཕོ་གཞོན་དེར་ནག་ཉེས་ཡོད་པར་ཐག་བཅད་ཅིང་། མི་གཅིག་ཁོ་ནས་གྱོད་དོན་དེར་དོགས་པ་བྱེད་ཀྱི་ཡོད་དེ། ཁོས་ལང་ཕྱོགས་བརྟན་པོར་བསྲུང་ཞིང་དོགས་སློང་བྱེད་པ་དང་སྦྲགས། སྡུག་རུས་དང་སྙིང་སྟོབས་ལ་བརྟེན་ནས་འདྲི་གཅོད་པ་གཞན་ཚོའི་བསམ་བློ་རེ་རེ་བཞིན་དགག་དགོས། བྱུང་རིམ་ཧྲིལ་པོ་ཀྱག་ཀྱོག་གྱི་ལམ་ཕྲན་ཞིག་དང་འདྲ་ཞིང་། བར་མཚམས་སུ་ཐག་གཅོད་ཐེངས་བདུན་བརྒྱུད་ཡོད། ཐག་གཅོད་ཀྱི་ཐབས་ནི་འོས་ཤོག་འབྲི་བ་དང་། ལག་པ་རྐྱོང་བ། ཁ་ནས་བཤད་པ་བཅས་ཡིན། མཇུག་འབྲས་ནི་རིམ་བཞིན11:1 9:3 8:4 6:6 3:9 4:8 1:11ཡིན་ཞིང་། ནག་ཉེས་ཡོད་པར་ཁས་ལེན་པའི་མི་གྲངས་ཇེ་ཉུང་ནས་ཇེ་ཉུང་དང་། མཐའ་མཇུག་ཞུ་སྦྱོར་ཕྱི་མར་ནག་ཉེས་ཡོད་པར་བཤད་པའི་འདྲི་གཅོད་པ་དག་ཕམ་ཞིང་། ཞུ་སྦྱོར་ཕྱི་མར་ནག་ཉེས་མེད་པ་ཁྱབ་བསྒྲགས་བྱས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-01

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།