སྤོས་ཤེལ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སྤོས་ཤེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རིན་པོ་ཆེ་ཞིག )

སྤོས་ཤེལ།
འདིའི་ངོ་བོ་ནི་སྤོས་དཀར་ཤིང་དང་དེའི་ཐང་ཆུ་ས་འོག་ཏུ་སོང་ནས་ལོ་ཁྲི་ཕྲག་མང་པོ་འདས་པའི་འགྱུར་རྡོ་ཡིན་པས་སྤྱིར་བཏང་རྡོ་སོལ་ཡོད་ས་ནས་ཐོན། འདི་ནི་ནོར་བུའི་རིགས་ཀྱི་རྒྱན་ཆར་གཏོགས་པས། དྭངས་འཐིབ་འདྲེས་པ་སེར་སྨུག་དྭངས་པའི་ནང་དུ་སེར་སྐྱའི་སྤྲིན་རིས་འདྲེས་པ་སོགས་རང་བྱུང་གི་ཉམས་དང་ལྡན་པ་ཞིག་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
密腊(琥珀)
ཕྱི་ཡིག་གི་མིང་།
Ambrum(Amber)
མིང་གཞན།
སྦུར་ལེན།
རིགས་དབྱེ།
མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ།
1 ངོ་སྤྲོད།

འདི་ལོ་མ་ཉི་ཡ་དང་། སི་སི་རི་གླིང་ཕྲན། རྒྱ་ནག་དང་། རང་ལྗོངས་ཀྱི་ས་ཆ་འགའ་ནས་ཐོན། ངོ་བོ་ནི་སྤོས་དཀར་ཤིང་དང་དེའི་ཐང་ཆུ་ས་འོག་ཏུ་སོང་ནས་ལོ་ཁྲི་ཕྲག་མང་པོ་འདས་པའི་འགྱུར་རྡོ་ཡིན་པས་སྤྱིར་བཏང་རྡོ་སོལ་ཡོད་ས་ནས་ཐོན། འདི་ནི་ནོར་བུའི་རིགས་ཀྱི་རྒྱན་ཆར་གཏོགས་པས། དྭངས་འཐིབ་འདྲེས་པ་སེར་སྨུག་དྭངས་པའི་ནང་དུ་སེར་སྐྱའི་སྤྲིན་རིས་འདྲེས་པ་སོགས་རང་བྱུང་གི་ཉམས་དང་ལྡན་པ། གྲུབ་ཆ་གཙོ་བོ་ནིC10H15Oསྲ་ཚད2.5~3ºབསྡུར་ལྗིད་ཁེ1.05~1.09ཡོད་པ། རྡུལ་ལེན་པ། སྤོས་དཀར་གྱི་དྲི་མནམ་པ། སྙི་ཞིང་ཁྲོབ་པས་ཆག་སླ་བ། ཕྱེ་མས་སོ་མི་སེག་པ། མེར་བསྲེགས་ན་འཇུ་སླ་བ། དུ་བ་དཀར་པོ་འཐུལ་བ། ཚིག་རོ་མི་སྡོད་པ་བཅས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-19

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།