མཆོད་རྟེན་དྲིལ་གསིལ་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཆོད་རྟེན་དྲིལ་གསིལ་མ།
མཆོད་རྟེན་དྲིལ་གསིལ་མ་ནི་མཚོ་ལྷོ་ཁྲི་ཀ་རྫོང་ཁོངས་ཀྱི་དམེ་ཀྱཱ་སྡེ་བའི་བྱང་ཕྱོགས་ཀྱི་མཆོད་རྟེན་སྐེ་ཞེས་པའི་ཞིང་དཀྱིལ་ན་བཞུགས། 《མདོ་སྨད་ཆོས་འབྱུང》དུ་རྒྱ་གར་ཕ་དམ་པ་རི་བོ་རྩེ་ལྔར་ཕེབས་སྐབས་འདིར་བྱོན། ནམ་མཁར་འཕུར་བ་སོགས་རྫུ་འཕྲུལ་སྣ་ཚོགས་བསྟན་པ་རྒན་པོ་ཞིག་གིས་མཐོང་། ཁོ་དད་དེ་བསྙེན་བཀུར་ཞུས་པས། རྣལ་འབྱོར་པའི་དབྱུག་པ་རྟེན་སྐལ་དུ་བཞག དེར་བརྟེན་ནས་དབྱུག་པ་དང་སངས་རྒྱས་བྱང་སེམས་དུ་མའི་སྐུ་གདུང་། ཆོས་སྐུའི་རིང་བསྲེལ་མང་དུ་བསགས་པ་ནང་བཞུགས་ཀྱིས་མཆོད་རྟེན་འདི་བཞེངས། སྔོན་དུས་ཀྱི་མཆོད་རྟེན་གྱི་རྣམ་པ་ནི་དང་ཐོག་ཁང་བ་ཆུང་ཆུང་ཞིག་ཡིན་ལ། ནང་རྟེན་གཙོ་བོ་ཡང་རྒྱ་གར་ཕ་དམ་པའི་སྦ་དབྱུག་དང་སངས་རྒྱས་དང་བྱང་སེམས་མང་པོའི་རིང་བསྲེལ་དང་འཕེལ་གདུང་མང་པོ་བཞུགས།
གཞི་རྩའི་གནས་ཚུལ།

བཞེངས་དུས།
ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་པའི་ནང་།
ནང་རྟེན།
རྒྱ་གར་ཕ་དམ་པའི་སྦ་དབྱུག་དང་སངས་རྒྱས་དང་བྱང་སེམས་མང་པོའི་རིང་བསྲེལ་དང་འཕེལ་གདུང་མང་པོ་བཞུགས།
ཞིག་གསོ།
གུང་རི་མཁའ་འགྲོ་མས་ཞིག་གསོ་བགྱིས་ཏེ་སྐུ་དཀར་གསོལ།
གནས་ཡུལ།
མཚོ་ལྷོ་ཁྲི་ཀ་རྫོང་ཁོངས་ཀྱི་དམེ་ཀྱཱ་སྡེ་བའི་བྱང་ཕྱོགས་ཀྱི་མཆོད་རྟེན་སྐེ་ཞེས་པའི་ཞིང་དཀྱིལ་ན་བཞུགས།
རབ་གནས།
རྣལ་འབྱོར་པ་ཆོས་གཡུང་དྲུང་བྱ་བས་རབ་གནས་མཛད།
1 ​ངོ་སྤྲོད།

མཆོད་རྟེན་དྲིལ་གསིལ་མ་ནི་མཚོ་ལྷོ་ཁྲི་ཀ་རྫོང་ཁོངས་ཀྱི་དམེ་ཀྱཱ་སྡེ་བའི་བྱང་ཕྱོགས་ཀྱི་མཆོད་རྟེན་སྐེ་ཞེས་པའི་ཞིང་དཀྱིལ་ན་བཞུགས། 《མདོ་སྨད་ཆོས་འབྱུང》དུ་རྒྱ་གར་ཕ་དམ་པ་རི་བོ་རྩེ་ལྔར་ཕེབས་སྐབས་འདིར་བྱོན། ནམ་མཁར་འཕུར་བ་སོགས་རྫུ་འཕྲུལ་སྣ་ཚོགས་བསྟན་པ་རྒན་པོ་ཞིག་གིས་མཐོང་། .jpgཁོ་དད་དེ་བསྙེན་བཀུར་ཞུས་པས། རྣལ་འབྱོར་པའི་དབྱུག་པ་རྟེན་སྐལ་དུ་བཞག དེར་བརྟེན་ནས་དབྱུག་པ་དང་སངས་རྒྱས་བྱང་སེམས་དུ་མའི་སྐུ་གདུང་། ཆོས་སྐུའི་རིང་བསྲེལ་མང་དུ་བསགས་པ་ནང་བཞུགས་ཀྱིས་མཆོད་རྟེན་འདི་བཞེངས་ཏེ། རྣལ་འབྱོར་པ་ཆོས་གཡུང་དྲུང་བྱ་བས་རབ་གནས་མཛད་ཟེར། ཕྱིས་སུ་གུང་རི་མཁའ་འགྲོ་མས་ཞིག་གསོ་བགྱིས་ཏེ་སྐུ་དཀར་གསོལ། མཆོད་འབུལ་དང་སྨོན་ལམ་གནང་བས་འཇའ་དང་མེ་ཏོག་གི་ཆར་དང་ངོ་མཚར་བའི་ལྟས་བྱུང་། ལོ་རྒྱུས་རྣམས་མངོན་ཤེས་ཀྱིས་གཟིགས་ནས་གསུངས་ཞེས་ལི་ཀྱཱ་དབོན་པོ་ཤེས་རབ་དཔལ་བཟང་གི་དཀར་ཆག་ལས་བྱུང་། ནམ་མཁའ་ནས་དྲིལ་ཆུང་གི་སྒྲ་བྱུང་བར་ཡུལ་མི་རྣམས་ཀྱིས་བལྟས་པས་ཕ་དམ་པ་རྫུ་འཕྲུལ་གྱིས་གཤེགས་པའི་ལོ་རྒྱུས་དང་། ད་ལྟ་ཡང་དུས་བཟང་རྣམས་སུ་དྲིལ་བུའི་སྒྲ་ཐོས་རྒྱུ་ཡོད་པས་མཆོད་རྟེན་དྲིལ་གསིལ་མར་གྲགས། ཡང་ཆོས་རྒྱལ་མྱ་ངན་མེད་ཀྱི་ཞག་གཅིག་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་རྫུ་འཕྲུལ་གྱིས་བཞེངས་པར་གྲགས་པའི་ནང་ཚན་ཡིན་ལ། འབྲས་སྤུངས་སྐོར་ལམ་དུ་ཡང་འདི་འདྲ་གཅིག་ཡོད་ཅེས་ཐར་ཤུལ་དཔོན་སློབ་འདི་པས་གསུངས་ཐོས་ཞེས་བཀོད་ཡོད། མཆོད་རྟེན་འདི་ནམ་བཞེངས་ཀྱི་ལོ་ཚིགས་གསལ་བོར་འགོད་རྒྱུ་དཀའ་ན་ཡང་། གོང་གི་ལོ་རྒྱུས་ཀྱི་དོན་ལ་བསྟུན་ཏེ་རིགས་པས་དཔྱད་ན། ཕ་དམ་པ་རྒྱ་ནག་དང་བོད་དུ་ཕེབས་པའི་བཤད་ཚུལ་མི་མཐུན་པ་སྣང་ཡང་། རྗེ་མི་ལ་དང་དུས་མཉམ་ཡིན་པ་རྗེ་བཙུན་གྱི་རྣམ་ཐར་དུ་གསལ་བས་ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་པའི་ནང་ཡིན་པར་ངེས། མཆོད་རྟེན་གྱི་མདུན་དུ་རྟེན་རྡོཞིག་ཡོད་པའི་སྟེང་དུའང་གོང་སྨྲས་ལོ་རྒྱུས་དང་ཇི་འདྲ་བར་བརྐོད་ཡོད་པ་ད་ལྟའང་བཞུགས། དམ་པ་དུ་མའི་བཤད་རྒྱུན་ལྟར་ན། སྔོན་དུས་ཀྱི་མཆོད་རྟེན་གྱི་རྣམ་པ་ནི་དང་ཐོག་ཁང་བ་ཆུང་ཆུང་ཞིག་ཡིན་ལ། ནང་རྟེན་གཙོ་བོ་ཡང་རྒྱ་གར་ཕ་དམ་པའི་སྦ་དབྱུག་དང་སངས་རྒྱས་དང་བྱང་སེམས་མང་པོའི་རིང་བསྲེལ་དང་འཕེལ་གདུང་མང་པོ་བཞུགས་པ་རྐུན་ཇག་གི་གནོད་པས་མ་ཐར་ཏེ། ས་ཕག་བརྩིགས་ཏེ་འདམ་གྱིས་ཞལ་བ་བྱས། ཕྱིས་རེབ་གོང་སྤྲུལ་སྐུ་ཨ་རོལ་ལུང་རིགས་རྒྱ་མཚོ་དང་སྤྲུལ་སྐུ་སྒོ་མང་གཉིས་ཀྱིས་བསྐྱར་བཞེངས་བྱེད་རྩིས་བྱས་ཀྱང་རྐྱེན་དབང་གིས་གྱི་ནར་བར་ལུས། རིན་ཐང་གཞལ་དུ་མེད་པའི་རིག་དངོས་རྩ་ཆེན་འདི་ལ་ང་བརྒྱད་ལོ་དང་རིག་གསར་གྱིས་གནོད་རྐྱེན་ཅི་ཡང་མ་ཐེབས་པར་ད་ལྟ་ཡང་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཞུགས་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-19

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།