ལེ་སོ་ཐོའི་རྒྱལ་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལེ་སོ་ཐོའི་རྒྱལ་རྟགས།
ལེ་སོ་ཐོའི་མིང་ཆ་ཚང་ལ་ལེ་སོ་ཐོ་རྒྱལ་པོའི་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཧྥེ་གླིང་ལྷོ་ཁུལ་དུ་གནས་པའི་དབྱིན་ཇི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁོངས་ཞུགས་རྒྱལ་ཁབ་ཅིག་ཡིན། ལེ་སོ་ཐོའི་རྒྱལ་རྟགས་ནི་སྤྱི་ལོ1968ལོའི་ཟླ10པའི་ཚེས4ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་ཤིང་། སྤྱི་ལོ2006ལོར་བཟོ་བཅོས་བྱས་པ་ཡིན། རྒྱལ་རྟགས་ཀྱི་དཀྱིལ་སྙིང་རི་མོ་ནི་ས་གནས་དེའི་དཔའ་བོའི་ཕུབ་ཁམ་མདོག་ཅན་ཞིག་ཡིན་ཞིང་། ཕུབ་ལྟག་རྒྱབ་ཀྱི་རྩེ་རུ་རྔ་མོང་བྱའི་བྱ་སྒྲོ་ཡིས་བཟོས་པའི་རྒྱལ་ཚང་གི་རྒྱན་ཆས་དང་པཱ་སུའུ་ཐུའོ་ལན་མིའི་འཕང་མདུང་། པན་ཐུའུ་མིའི་མགོ་སྒོར་ཁྲུད་ཤད་དབྱུ་གུ་བཅས་ཡོད། ཕུབ་རིས་འོག་གི་ཐཱ་པཱ་སུའུ་རི་བོའི་སྟེང་དུས་རབས19པའི་རྒྱལ་པོ་མོ་སོ་ཞིའུ་སྐུ་ཕྲེང་དང་པོ་དུར་དུ་སྦས་ཡོད་ལ། རི་ལྡེབས་ཀྱི་རང་རོང་འབར་འབུར་གྱི་ས་ཞིང་ནི་རྒྱལ་ཁབ་འདིའི་ས་ངོས་ཆགས་ཚུལ་གྱི་དཔེ་མཚོན་མཚོན་བྱེད་ཡིན། ཕུབ་རིས་ཀྱི་ཕྱོགས་གཉིས་སུ་རྟ་ཁམ་ཁམ་གཉིས་ཀག་གིས་ལངས་ཡོད་ཅིང་། དེ་གཉིས་ནི་སྟོབས་ཤུགས་ཀྱི་སྤྲུལ་པ་ཡིན། རྒྱལ་རྟགས་འོག་གི་རྒྱན་དར་སྟེང་སའེ་སུའུ་ཐུའོ་ཡི་ཡི་གེས་ལེ་སོ་ཐོའི་མིའི་རེ་བ་སྟེ་ཞི་བདེ་དང་ཆར་ཟིལ། ཐོན་ཁུངས་འཛོམས་པོ་ཞེས་བྲིས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
莱索托国徽
ཕྱི་ཡིག་གི་མིང་།
The national emblem of Lesotho
རིགས་དབྱེ།
རྒྱལ་རྟགས།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1968ལོའི་ཟླ10པའི་ཚེས4ཉིན།
1 ངོ་སྤྲོད།

ལེ་སོ་ཐོའི་མིང་ཆ་ཚང་ལ་ལེ་སོ་ཐོ་རྒྱལ་པོའི་རྒྱལ་ཁབ་ཟེར་ཞིང་།  དེ་ནི་ཧྥེ་གླིང་ལྷོ་ཁུལ་དུ་གནས་པའི་དབྱིན་ཇི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁོངས་ཞུགས་རྒྱལ་ཁབ་ཅིག་ཡིན།  ལེ་སོ་ཐོའི་རྒྱལ་རྟགས་ནི་སྤྱི་ལོ1968ལོའི་ཟླ10པའི་ཚེས4ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་ཤིང་།  སྤྱི་ལོ2006ལོར་བཟོ་བཅོས་བྱས་པ་ཡིན།  རྒྱལ་རྟགས་ཀྱི་དཀྱིལ་སྙིང་རི་མོ་ནི་ས་གནས་དེའི་དཔའ་བོའི་ཕུབ་ཁམ་མདོག་ཅན་ཞིག་ཡིན་ཞིང་།   ཕུབ་ལྟག་རྒྱབ་ཀྱི་རྩེ་རུ་རྔ་མོང་བྱའི་བྱ་སྒྲོ་ཡིས་བཟོས་པའི་རྒྱལ་ཚང་གི་རྒྱན་ཆས་དང་པཱ་སུའུ་ཐུའོ་ལན་མིའི་འཕང་མདུང་།  པན་ཐུའུ་མིའི་མགོ་སྒོར་ཁྲུད་ཤད་དབྱུ་གུ་བཅས་ཡོད།   ཕུབ་རིས་འོག་གི་ཐཱ་པཱ་སུའུ་རི་བོའི་སྟེང་དུས་རབས19པའི་རྒྱལ་པོ་མོ་སོ་ཞིའུ་སྐུ་ཕྲེང་དང་པོ་དུར་དུ་སྦས་ཡོད་ལ།  རི་ལྡེབས་ཀྱི་རང་རོང་འབར་འབུར་གྱི་ས་ཞིང་ནི་རྒྱལ་ཁབ་འདིའི་ས་ངོས་ཆགས་ཚུལ་གྱི་དཔེ་མཚོན་མཚོན་བྱེད་ཡིན།  ཕུབ་རིས་ཀྱི་ཕྱོགས་གཉིས་སུ་རྟ་ཁམ་ཁམ་གཉིས་ཀག་གིས་ལངས་ཡོད་ཅིང་།   དེ་གཉིས་ནི་སྟོབས་ཤུགས་ཀྱི་སྤྲུལ་པ་ཡིན།  རྒྱལ་རྟགས་འོག་གི་རྒྱན་དར་སྟེང་སའེ་སུའུ་ཐུའོ་ཡི་ཡི་གེས་ལེ་སོ་ཐོའི་མིའི་རེ་བ་སྟེ་ཞི་བདེ་དང་ཆར་ཟིལ།  ཐོན་ཁུངས་འཛོམས་པོ་ཞེས་བྲིས་ཡོད།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-02-13

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།