ཁོ་མོ་རོའི་རྒྱལ་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོ་མོ་རོའི་རྒྱལ་རྟགས།
ཁོ་མོ་རོའི་མིང་ཆ་ཚང་ལ་ཁོ་མོ་རོ་དབྱི་སི་ལན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཧྥེ་གླིང་གི་ཧིན་རྡུ་རྒྱ་མཚོའི་སྟེང་གི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། ཁོ་མོ་རོའི་རྒྱལ་རྟགས་ནི་སྒོར་དབྱིབས་ཤིག་ཡིན་ཞིང་། སྒོར་དབྱིབས་ཀྱི་དཀྱིལ་སྙིང་རི་མོ་ནི་རླུང་གཡབ་དབྱིབས་ཀྱི་རི་མོ་བརྒྱད་ཡིན་ལ། རི་མོ་དེའི་སྟེང་ཟླ་བ་ཚེས་རིས་ཤིག་བྲིས་ཡོད་པ་དང་། ཟླ་བ་ཚེས་རིས་ཀྱི་ཐོག་ཏུ་སྐར་མ་ཟུར་ལྔ་བཞི་བྲིས་ཡོད། སྒོར་དབྱིབས་དཀྱིལ་སྙིང་གི་རི་མོ་དེའི་མཐའ་སྐོར་དུ་ཧྥ་རན་སེའི་ཡི་གེ་དང་ཨ་རབ་ཀྱི་ཡི་གེས་སྒོར་གདུབ་ཅིག་གྲུབ་ཡོད་ཅིང་། སྟེང་གི་སྒོར་ཕྱེད་དུ་ཧྥ་རན་སེའི་ཡི་གེས་ཁོ་མོ་རོ་དབྱི་སི་ལན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཅེས་བྲིས་ཡོད་པ་དང་། འོག་གི་སྒོར་ཕྱེད་དུ་ཨ་རབ་ཀྱི་ཡི་གེས་ཁོ་མོ་རོ་དབྱི་སི་ལན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཅེས་བྲིས་ཡོད། ཡི་གེ་དེ་དག་ལྗང་མདོག་གི་ཡུའེ་ཀུའེ་སྡོང་བོའི་ཡལ་ག་དང་ལོ་མས་མཐའ་བསྐོར་ཡོད་ཅིང་། འོག་ཏུ་ཧྥ་རན་སེའི་ཡི་གེས་མཐུན་སྒྲིལ་དང་དྲང་བདེན། ཡར་ཐོན་ཞེས་བྲིས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
科摩罗国徽
ཕྱི་ཡིག་གི་མིང་།
The national emblem of the Comoros
རིགས་དབྱེ།
རྒྱལ་རྟགས།
བཀོལ་སྤྱོད་རྒྱལ་ཁབ།
ཁོ་མོ་རོ།
1 ངོ་སྤྲོད།

ཁོ་མོ་རོའི་མིང་ཆ་ཚང་ལ་ཁོ་མོ་རོ་དབྱི་སི་ལན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།   དེ་ནི་ཧྥེ་གླིང་གི་ཧིན་རྡུ་རྒྱ་མཚོའི་སྟེང་གི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན།  ཁོ་མོ་རོའི་རྒྱལ་རྟགས་ནི་སྒོར་དབྱིབས་ཤིག་ཡིན་ཞིང་།   སྒོར་དབྱིབས་ཀྱི་དཀྱིལ་སྙིང་རི་མོ་ནི་རླུང་གཡབ་དབྱིབས་ཀྱི་རི་མོ་བརྒྱད་ཡིན་ལ།   རི་མོ་དེའི་སྟེང་ཟླ་བ་ཚེས་རིས་ཤིག་བྲིས་ཡོད་པ་དང་།   ཟླ་བ་ཚེས་རིས་ཀྱི་ཐོག་ཏུ་སྐར་མ་ཟུར་ལྔ་བཞི་བྲིས་ཡོད།   སྒོར་དབྱིབས་དཀྱིལ་སྙིང་གི་རི་མོ་དེའི་མཐའ་སྐོར་དུ་ཧྥ་རན་སེའི་ཡི་གེ་དང་ཨ་རབ་ཀྱི་ཡི་གེས་སྒོར་གདུབ་ཅིག་གྲུབ་ཡོད་ཅིང་།  སྟེང་གི་སྒོར་ཕྱེད་དུ་ཧྥ་རན་སེའི་ཡི་གེས་ཁོ་མོ་རོ་དབྱི་སི་ལན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཅེས་བྲིས་ཡོད་པ་དང་།   འོག་གི་སྒོར་ཕྱེད་དུ་ཨ་རབ་ཀྱི་ཡི་གེས་ཁོ་མོ་རོ་དབྱི་སི་ལན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཅེས་བྲིས་ཡོད།  ཡི་གེ་དེ་དག་ལྗང་མདོག་གི་ཡུའེ་ཀུའེ་སྡོང་བོའི་ཡལ་ག་དང་ལོ་མས་མཐའ་བསྐོར་ཡོད་ཅིང་།  འོག་ཏུ་ཧྥ་རན་སེའི་ཡི་གེས་མཐུན་སྒྲིལ་དང་དྲང་བདེན།  ཡར་ཐོན་ཞེས་བྲིས་ཡོད།  རྒྱལ་རྟགས་སྟེང་གི་ཟླ་བ་ཚེས་རིས་ཀྱིས་ཁོ་མོ་རོས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱ་བ་མཚོན་ཞིང་།   སྐར་མ་ཟུར་ལྔ་བཞི་བོས་ཁོ་མོ་རོ་གྲུབ་བྱེད་ཀྱི་གླིང་ཕྲན་བཞི་བོ་མཚོན་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-02-13

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།