དགྲ་ལྷ་ཟླ་བ་བཟང་པོའི་ཆེད་རྩོམ་ཕྱོགས་བསྒྲིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགྲ་ལྷ་ཟླ་བ་བཟང་པོའི་ཆེད་རྩོམ་ཕྱོགས་བསྒྲིགས།
དགྲ་ལྷ་ཟླ་བ་བཟང་པོའི་ཆེད་རྩོམ་ཕྱོགས་བསྒྲིགས་ཞེས་པ་འདི་ནི་རྩོམ་པ་པོ་དགྲ་ལྷ་ཟླ་བ་བཟང་པོས་བརྩམས་པའི་ཆེད་རྩོམ་གྲགས་ཅན་སྐོར་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《扎拉•达娃桑布论文集》
རྩོམ་པ་པོ།
དགྲ་ལྷ་ཟླ་བ་བཟང་པོ།
དཔེ་སྐྲུན་ཁང་།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2003ལོའི་ཟླ6པ།
1 རྩོམ་པ་པོ།

དགྲ་ལྷ་ཟླ་བ་བཟང་པོ་ནི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་སྤྱི་ལོ1962ལོར་གཙང་ཁུལ་པ་སྣམ་དགའ་སྡོང་དགྲ་ལྷ་ཞེས་པའི་ཁྱིམ་དུ་སྐྱེས། རང་ལོ་བརྒྱད་པར་དགའ་སྡོང་དམངས་བཙུགས་སློབ་གྲྭར་སློབ་ཞུགས་བགྱིས་ཏེ་དགེ་བའི་བཤེས་གཉེན་བླ་གནས་བསོད་ནམས་རྡོ་རྗེ་སོགས་ཀྱི་དྲུང་ནས་རྒྱ་བོད་ཡིག་རིགས་དང་ཨང་རྩིས། རོལ་མོའི་ཤེས་བྱ་སོགས་བསླབ་སྦྱངས་ལ་བསྟེན་རང་རྐྱ་འཕེར་ཙམ་བྱང་། རང་ལོ་བཅུ་གསུམ་སོན་ཙམ་ལ་ཡུལ་དུས་དགོས་དབང་གིས་དགའ་སྡོང་དམངས་སློབ་ཀྱི་དགེ་རྒན་བྱེད་དགོས་བྱུང་། དེ་ནས་རང་ལོ་ཉི་ཤུ་པར་གཞིས་ཀ་རྩེ་ས་གནས་སློབ་འབྲིང་གི་བོད་ཡིག་དགེ་རྒན་དང་། རིག་རྩལ་བྱེད་སྒོའི་འགན་འཛིན་ཡང་བྱས། སྤྱི་ལོ1989ལོར་གཞིས་ཀ་རྩེ་དགེ་འོས་སློབ་གྲྭར་ལས་བསྒྱུར་གྱིས་བོད་ཡིག་དགེ་རྒན་བྱས་པ་དང་སྦྲགས་ལོ་དེ་གར་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་ཆེན་དུའང་སློབ་ཞུགས་ཀྱི་སྐལ་བ་ཐོབ། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་མཁས་དབང་དུང་དཀར་རིན་པོ་ཆེ་དང་ཐུབ་བསྟན་ཉི་མ་རིན་པོ་ཆེ་སོགས་རྒྱ་བོད་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་རྒྱ་བོད་ཀྱི་རིག་པའི་གནས་མང་པོར་ཐོས་བསམ་ལྷོད་མེད་བྱས་མཐར་སྦྱངས་འབྲས་ཕུལ་བྱུང་ངང་སློབ་མཐར་ཕྱིན། སླར་ཡང་གཞིས་ཀ་རྩེ་དགེ་འོས་སློབ་གྲྭར་ཕྱིར་ལྡོག་གིས་སློབ་ཁྲིད་བྱ་བར་ཞུགས།

ཁོང་གི་བརྩམས་ཆོས་ལ། 《བརྡ་སྤྲོད་བུང་བའི་གཤོག་སྒྲ》དང《བོད་ཀྱི་བྱིས་པའི་རོལ་རྩེད》《གངས་ལྗོངས་བྱིས་པའི་གླུ་གསར་ལེགས་འདེམས》སོགས་ཡོད་པར་མ་ཟད། སྔ་རྟིང་དུ་ཁོང་གིས《བོད་ཀྱི་དམངས་ཁྲོད་རོལ་དབྱངས་ཀྱི་གཞི་རྩའི་ཆོས་ཉིད་ལ་ཐོག་མར་དཔྱད་པ》ཞེས་པའི་དཔྱད་རྩོམ་དང་། 《བོད་ཀྱི་རིག་དངོས་སྙིང་བཏུས》ཞེས་པ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར། 《གངས་ལྗོངས་དགའ་གླུ》དང《ལྷ་ས་ལྷ་ཡི་ལུང་པ》སོགས་གཞས་ཚིག་དང་། 《སྒོར་མོ་ལྔ་བཅུ》ཞེས་པའི་བརྙན་འཕྲིན་ཟློས་གར་འཁྲབ་གཞུང་གསར་རྩོམ་བཅས་མཛད། ད་ལྟ《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》བོད་ཡིག་དུས་དེབ་ཀྱི་གཙོ་འགན་རྩོམ་སྒྲིག་པ་དང་། བོད་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཁང་གི་ཞིབ་འཇུག་ཆེ་མོ་བ། ཀྲུང་གོའི་ལྷོ་ནུབ་མི་རིགས་ཞིབ་འཇུག་རིག་ཚོགས་ཀྱི་ལས་འཛིན། བོད་རང་སྐྱོང་ལྗོངས་རིག་རྩལ་གཞུང་ལུགས་ཞིབ་འཇུག་རིག་ཚོགས་ཀྱི་གདན་བསྐོས་ཞིབ་འཇུག་ཆེ་མོ་བ། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཚན་ཁོངས་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་གོ་མིང་དཔྱད་འདེམས་ཨུ་ལྷན་ཀྱི་ཁོངས་མིའི་གནས་བབས་བཅས་ཀྱི་ཐོག་ནས་སོ་སོའི་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་སླད་འབད་བརྩོན་བྱེད་བཞིན་ཡོད།

2 ངོ་སྤྲོད།

ཆེད་རྩོམ་ཕྱོགས་བསྒྲིགས་འདིའི་ནང་དུ་བོད་ཀྱི་རིག་གནས་འཕེལ་རིམ་ནང་གི་འཛམ་གླིང་རང་བཞིན་ལ་དཔྱད་པ། ཡ་ཐོག་བོད་ཀྱི་རོལ་མོའི་ལོ་རྒྱུས་སྐོར་གླེང་བ། བོད་ཀྱི་རོལ་ཆའི་རྣམ་གྲངས་མུ་ཏིག་ཕྲེང་མཛེས། ནང་མའི་རོལ་དབྱངས་ཡུལ་དུས་ནམ་ཞིག་ཏུ་བྱུང་མིན་སྐོར་དང་འབྲེལ་བའི་མཐའ་དཔྱོད། བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་ཡུལ་སྐད་རང་བཞིན་དང་འབྲེལ་བའི་སྐོར་ལ་ཐོག་མར་དཔྱད་པ། དཔྱད་གཏམ་གར་གྱི་སྙིང་པོ། འབྲས་དཀར་སྒྱུ་རྩལ་སྐོར་ལ་དཔྱད་པ། 《གཞོན་ནུ་དྲུག་གི་རྟོགས་བརྗོད》རྒྱ་གཞུང་ཡིན་མིན་སྐོར་ལ་དཔྱད་པ། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོ་ཞེས་པའི་ཐ་སྙད་ལ་རགས་ཙམ་དཔྱད་པ། དཔྱད་ལན་ལོག་རྟོག་གཡའ་སེལ། བརྡ་སྤྲོད་བུང་བའི་གཤོག་སྒྲ། པ་སྣམ་དགའ་སྡོང་མཚན་སྒྲོག་དགའ་ལྡན་དར་རྒྱས་གླིང་དགོན་གྱི་ལོ་རྒྱུས། ཡར་རྒྱས་འགྲོ་བཞིན་པའི་བོད་མི་རིགས་ཀྱི་མདུན་དུ་ལྷགས་པའི་གནད་དོན་འགའ་ཞིག་སྐོར་གླེང་བ། གསར་དུ་རྙེད་སོན་བྱུང་བའི་བོད་ཀྱི་མིག་མངས་རིག་གནས་ཀྱི་དཔང་རྟགས་ཤིག་སྟེ་རྡོ་བརྐོས་ཀྱི་མིག་མངས་འཁྲབ་གཞིར་དཔྱད་པའི་སྙན་ཞུ་བཅས་འདུས་ཡོད།

3 དཀར་ཆག

བོད་ཀྱི་རིག་གནས་འཕེལ་རིམ་ནང་གི་འཛམ་གླིང་རང་བཞིན་ལ་དཔྱད་པ།

ཀ བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་དང་དབྱེ་བ་མདོར་བསྟན་པ།

ཁ བོད་ཀྱི་རིག་གནས་ཀྱི་སྒོ་དབྱེའི་རང་བཞིན།

ག སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་འདུ་ཤེས་དབར་གྱི་གནད་དོན།

མཇུག་བསྡུའི་གཏམ།

ཡ་ཐོག་བོད་ཀྱི་རོལ་མོའི་ལོ་རྒྱུས་སྐོར་གླེང་བ།

བོད་ཀྱི་རོལ་ཆའི་རྣམ་གྲངས་མུ་ཏིག་ཕྲེང་མཛེས།

གཅིག རྔ་ཡི་སྐོར།

གཉིས། སྦུག་ཆལ།

གསུམ། སིལ་སྙན།

བཞི། ཏིང་ཤགས།

ལྔ། ཌ་མ་རུ།

དྲུག དྲིལ་བུ།

བདུན། གཡེར་ཁ།

བརྒྱད། གཎྜི།

དགུ། གླིང་བུ།

བཅུ། རྒྱ་གླིང་།

བཅུ་གཅིག རྐང་གླིང་།

བཅུ་གཉིས། དུང་ཆེན།

བཅུ་གསུམ། དུང་དཀར།

བཅུ་བཞི། ཤུ།

བཅོ་ལྔ། སྒྲ་སྙན།

བཅུ་དྲུག པི་ཝང་།

བཅུ་བདུན། གན་ཆག

བཅོ་བརྒྱད། རེ་མ།

བཅུ་དགུ། ཡང་ཆིན།

མཇུག་བསྡུའི་གཏམ།

ནང་མའི་རོལ་དབྱངས་ཡུལ་དུས་ནམ་ཞིག་ཏུ་བྱུང་མིན་སྐོར་དང་འབྲེལ་བའི་མཐའ་དཔྱོད།

དང་པོ། གཞན་ལུགས་མི་འཐད་པར་བསྟན་ཅིང་དགག་པ།

གཉིས་པ། རང་ལུགས་ལུང་དང་བཅས་པ་བསྟན་པ།

གསུམ་པ། ནང་མིའ་རོལ་དབྱངས་སྒྱུ་རྩལ་གྱི་འཕེལ་རིམ་བརྗོད་པའི་སྒོ་ནས་རྩོད་པ་སྤང་བ།

བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་ཡུལ་སྐད་རང་བཞིན་དང་འབྲེལ་བའི་སྐོར་ལ་ཐོག་མར་དཔྱད་པ།

དཔྱད་གཏམ་གར་གྱི་སྙིང་པོ།

གཅིག གར་ཞེས་པའི་ཐ་སྙད་ལ་དཔྱད་པ།

གཉིས། སྐབས་དོན་གར་གྱི་ཉམས་དགུ་བཤད་པ།

གསུམ། ཉམས་དང་འགྱུར་བའི་གནས་ལུགས་སྐོར་ལ་དཔྱད་པ།

འབྲས་དཀར་སྒྱུ་རྩལ་སྐོར་ལ་དཔྱད་པ།

《གཞོན་ནུ་དྲུག་གི་རྟོགས་བརྗོད》རྒྱ་གཞུང་ཡིན་མིན་སྐོར་ལ་དཔྱད་པ།

དང་པོ། བསྟན་བཅོས་ཀྱི་མཚན་བྱང་རྒྱ་བོད་ཤན་སྦྱར་དུ་སྨོས་པའི་དགོས་པའི་སྟེང་ནས་རྒྱ་གཞུང་ཡིན་པར་བསྟན་པ།

གཉིས་པ། འགྱུར་ཕྱག་གི་དགོས་པའི་སྟེང་ནས་རྒྱ་གཞུང་ཡིན་པར་བསྟན་པ།

གསུམ་པ། 《རྟོགས་བརྗོད》འདིའི་འགྱུར་བྱང་ནང་གསལ་བའི་གཏམ་ལས་རྒྱ་གཞུང་ཡིན་པར་བསྟན་པ།

བཞི་པ། 《རྟོགས་བརྗོད》འདིའི་སྒྱུ་རྩལ་རང་བཞིན་གྱི་ཐོག་ནས་རྒྱ་གཞུང་ཡིན་པར་བསྟན་པ།

མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་ཚད་མ་རིག་པའི་ནང་དུ་བསྟན་པའི་དངོས་པོ་ཞེས་པའི་ཐ་སྙད་ལ་རགས་ཙམ་དཔྱད་པ།

དཔྱད་ལན་ལོག་རྟོག་གཡའ་སེལ།

བརྡ་སྤྲོད་བུང་བའི་གཤོག་སྒྲ།

ཚིག་སྡུད་བཤད་པ།

དང་པོ། ཚིག་སྡུད་ཀྱི་ངོ་བོ་བཤད་པ།

གཉིས་པ། ཚིག་སྡུད་ཀྱི་དབྱེ་བ་བཤད་པ།

གསུམ་པ། སོ་སོའི་གོ་དོན་དང་མཚན་གཞི་བཤད་པ།

ཡི་གེ་འཇུག་པའི་གནས་བརྒྱད་བཤད་པ།

བྱཱ་ཀ་ར་ཎའི་སྐད་ཀྱི་གནས་བརྒྱད་མདོ་ཙམ་བཤད་པ།

བྱེ་བྲག་ཏུ་ཡི་གེ་འཇུག་པའི་གནས་བརྒྱད་བཤད་པ།

པ་སྣམ་དགའ་སྡོང་མཚན་སྒྲོག་དགའ་ལྡན་དར་རྒྱས་གླིང་དགོན་གྱི་ལོ་རྒྱུས།

དང་པོ། དགོན་འདི་ཆགས་སའི་གནས་ཀྱི་དགེ་མཚན་བརྗོད་པ།

གཉིས་པ། དགོན་མིང་ཇི་ལྟར་ཐོགས་ཚུལ།

གསུམ་པ། ཐོག་མར་གང་གིས་ཕྱག་བཏབ་ཚུལ་དང་ཆོས་བརྒྱུད་ཇི་ལྟར་འཛིན་ཚུལ།

བཞི་པ། སྔར་དགོན་འདིར་རྟེན་དང་བརྟེན་པ་ཇི་ལྟར་བཞུགས་ཚུལ།

ལྔ་པ། རིག་གསར་སྐབས་རྩ་འཐོར་སོང་ཚུལ་དང་ད་ལྟ་ཉམས་གསོ་བྱུང་ཚུལ།

དྲུག་པ། འདོན་བྱ་སོགས་ལོ་གཅིག་གི་བྱེད་སྒོ་རིམ་པའི་སྐོར།

ཡར་རྒྱས་འགྲོ་བཞིན་པའི་བོད་མི་རིགས་ཀྱི་མདུན་དུ་ལྷགས་པའི་གནད་དོན་འགའ་ཞིག་སྐོར་གླེང་བ།

དང་པོ། རིག་གནས་སློབ་གསོའི་སྐོར།

གཉིས་པ། ཆོས་ལུགས་དད་མོས་ཀྱི་སྐོར།

གསུམ་པ། ཡུལ་སྲོལ་གོམས་འདྲིས་ཀྱི་སྐོར།

མཇུག་བསྡུའི་གཏམ།

གསར་དུ་རྙེད་སོན་བྱུང་བའི་བོད་ཀྱི་མིག་མངས་རིག་གནས་ཀྱི་དཔང་རྟགས་ཤིག་སྟེ་རྡོ་བརྐོས་ཀྱི་མིག་མངས་འཁྲབ་གཞིར་དཔྱད་པའི་སྙན་ཞུ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-04

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།