ཧྥ་རན་སེའི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥ་རན་སེའི་རྒྱལ་དར།
ཧྥ་རན་སེའི་མིང་ཆ་ཚང་ལ་ཧྥ་ལན་ཞི་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་ནུབ་མ་རུ་གནས་པའི་ཙུང་ཐུང་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ཧྥ་རན་སེའི་རྒྱལ་དར་ནི་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་རིམ་བཞིན་མདོག་སྔོན་པོ་དང་དཀར་པོ། དམར་པོ་བཅས་ཡིན་པའི་དྲང་འཕྱང་དུ་སྒྲིག་པའི་མདོག་གསུམ་དར་ཆ་ཞིག་ཡིན། མདོག་སྔོན་པོ་དང་དཀར་པོ། དམར་པོ་བཅས་ཀྱི་ཞེང་ཚད་ནི་འདྲ་མཚུངས་མིན་ཞིང་། རྒྱལ་དར་གྱི་གཡོན་ཕྱོགས་ནས་གཡས་ཕྱོགས་ཀྱི་མདོག་གསུམ་པོའི་ཞེང་ཚད་ནི་རེ་རེ་བཞིན30བསྡུར33བསྡུར37ཡིན། རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི3བསྡུར2ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
法国国旗
ཕྱི་ཡིག་གི་མིང་།
le drapeau tricolore
རིགས་དབྱེ།
རྒྱལ་དར།
གཏན་ཁེལ་དུས་ཚོད།
སྤྱི་ལོ1946ལོ།
1 ངོ་སྤྲོད།

ཧྥ་རན་སེའི་མིང་ཆ་ཚང་ལ་ཧྥ་ལན་ཞི་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།   དེ་ནི་ཡོ་རོབ་ནུབ་མ་རུ་གནས་པའི་ཙུང་ཐུང་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།  ཧྥ་རན་སེའི་རྒྱལ་དར་ནི་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་རིམ་བཞིན་མདོག་སྔོན་པོ་དང་དཀར་པོ།  དམར་པོ་བཅས་ཡིན་པའི་དྲང་འཕྱང་དུ་སྒྲིག་པའི་མདོག་གསུམ་དར་ཆ་ཞིག་ཡིན།   མདོག་སྔོན་པོ་དང་དཀར་པོ།  དམར་པོ་བཅས་ཀྱི་ཞེང་ཚད་ནི་འདྲ་མཚུངས་མིན་ཞིང་།  རྒྱལ་དར་གྱི་གཡོན་ཕྱོགས་ནས་གཡས་ཕྱོགས་ཀྱི་མདོག་གསུམ་པོའི་ཞེང་ཚད་ནི་རེ་རེ་བཞིན30བསྡུར33བསྡུར37ཡིན།   རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ཚད་ནི3བསྡུར2ཡིན།

རྒྱལ་དར་གྱི་མདོག་གསུམ་པོའི་ཁྲོད།   དཀར་པོ་ནི་དཀྱིལ་དུ་ཡོད་ཅིང་།  དེས་རྒྱལ་པོ་མཚོན་ལ།  རྒྱལ་པོའི་བླ་ན་མེད་པའི་གོ་སའང་མཚོན་པ་ཡིན།  མདོག་དམར་པོ་དང་སྔོན་པོ་གཉིས་ནི་མཐའ་གཉིས་སུ་ཡོད་ཅིང་།  དེ་གཉིས་ཀྱིས་ཕ་རི་སིའི་གྲོང་མི་མཚོན་པ་ཡིན།   དུས་མཉམ་དུ་མདོག་འདི་གསུམ་པོས་ཧྥ་རན་སེའི་རྒྱལ་རྒྱུད་དང་ཕ་རི་སིའི་འབྱོར་ལྡན་གྲལ་རིམ་གྱི་མནའ་འབྲེལ་མཚོན་པ་ཡིན།  མདོག་གསུམ་དར་ཆ་ནི་སྔོན་ཆད་ཧྥ་རན་སེའི་གསར་བརྗེ་ཆེན་མོའི་མཚོན་བྱེད་ཡིན་ཞིང་།   རྗེས་སུ་མདོག་གསུམ་པོས་ཧྥ་རན་སེའི་རྒྱལ་ཁབ་ཀྱི་གདམས་ངག་སྟེ་རང་དབང་དང་འདྲ་མཉམ།   ཀུན་བྱམས་བཅས་མཚོན་པ་ཡིན།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1789ལོའི་ཧྥ་རན་སེའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་དུས་སྐབས་སུ།   ཕ་རི་སིའི་རྒྱལ་དམངས་རང་སྲུང་རུ་ཁག་གིས་མདོག་སྔོན་པོ་དང་དཀར་པོ།  དམར་པོ་བཅས་ཡིན་པའི་མདོག་གསུམ་དར་ཆ་དེ་རུ་ཁག་གི་རུ་དར་བྱས་ཤིང་།   སྤྱི་ལོ1794ལོའི་ཟླ2པའི་ཚེས15ཉིན།   མདོག་གསུམ་དར་ཆ་འདི་ཧྥ་ལན་ཞི་སྤྱི་མཐུན་རྒྱལ་ཁབ་དང་པོའི་རྒྱལ་དར་དུ་གཏན་ཁེལ་བྱས།  པོ་ཕང་རྒྱལ་རབས་ཀྱི་དུས་སུ་མདོག་གསུམ་དར་ཆ་དེ་མེད་པར་བྱས་མོད།   སྤྱི་ལོ1830ལོའི་ཟླ7པའི་གསར་བརྗེའི་རྗེས་སུ།  མདོག་གསུམ་དར་ཆ་དེ་ཡང་བསྐྱར་ཧྥ་རན་སེའི་རྒྱལ་དར་དུ་གྱུར།   སྤྱི་ལོ1946ལོར་ཧྥ་རན་སེའི་རྩ་ཁྲིམས་ཀྱིས་མདོག་གསུམ་དར་ཆ་དེ་ཧྥ་རན་སེའི་རྒྱལ་དར་དུ་གཏན་ཁེལ་བྱས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-16

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།