འཇར་མན་གྱི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཇར་མན་གྱི་རྒྱལ་དར།
འཇར་མན་གྱི་མིང་ཆ་ཚང་ལ་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་དབུས་མ་རུ་གནས་པའི་རྒྱལ་ཕྲན་མཉམ་འབྲེལ་དབྱི་ཧུའེ་གྲོས་ཚོགས་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། འཇར་མན་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི5བསྡུར3ཡིན། དར་ངོས་ནི་གོང་ནས་འོག་ཏུ་རིམ་བཞིན་མདོག་ནག་པོ་དང་དམར་པོ། སེར་པོ་བཅས་ཀྱི་མཉམ་འགྲོ་གྲུ་བཞི་ནར་མོ་གསུམ་གྱིས་གྲུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德国国旗
ཕྱི་ཡིག་གི་མིང་།
The German flag
རིགས་དབྱེ།
རྒྱལ་དར།
བཀོལ་སྤྱོད་ས་ཁུལ།
འཇར་མན།
1 ངོ་སྤྲོད།

འཇར་མན་གྱི་མིང་ཆ་ཚང་ལ་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།  དེ་ནི་ཡོ་རོབ་དབུས་མ་རུ་གནས་པའི་རྒྱལ་ཕྲན་མཉམ་འབྲེལ་དབྱི་ཧུའེ་གྲོས་ཚོགས་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།  འཇར་མན་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ཚད་ནི5བསྡུར3ཡིན།  དར་ངོས་ནི་གོང་ནས་འོག་ཏུ་རིམ་བཞིན་མདོག་ནག་པོ་དང་དམར་པོ།  སེར་པོ་བཅས་ཀྱི་མཉམ་འགྲོ་གྲུ་བཞི་ནར་མོ་གསུམ་གྱིས་གྲུབ་པ་ཡིན།

2 ལོ་རྒྱུས་འཕེལ་རིམ།

མདོག་གསུམ་དར་ཆ་འདིའི་ཡོང་ཁུངས་ལ་བཤད་ཚུལ་མི་འདྲ་བ་མང་ཞིང་།  བཤད་ཚུལ་ཞིག་ལ་གནའ་རབས་ཀྱི་རོ་མ་བཙན་པོའི་རྒྱལ་ཁབ་ཀྱི་རྒྱལ་དར་ནི་མདོག་ནག་པོ་དང་དམར་པོ།  སེར་པོ་བཅས་ཀྱི་མདོག་གསུམ་དར་ཆ་ཡིན་ལ།  སྐབས་དེར་དམག་མི་རྣམས་ཀྱིས་ལུས་ལ་མདོག་དམར་པོ་དང་སེར་པོའི་མཐའ་རུ་མདོག་ནག་པོས་བརྒྱན་པའི་སྟོད་ལྭ་གྱོན་པས།  མདོག་གསུམ་གྱི་ཡོངས་ཁུངས་འདི་ཡིན་ཟེར།  ཡང་བཤད་ཚུལ་གཞན་ཞིག་ལ་དུས་རབས16པའི་འཇར་མན་ཞིང་བའི་དམག་འཁྲུག་ཁྲོད་འཇར་མན་ལྷོ་ནུབ་མཚམས་ཀྱི་ཧྲི་བ་པིན་ས་ཁུལ་གྱི་ཆོས་ལུགས་གསར་མའི་སྤུན་ཟླ་ལྷན་ཚོགས་ཀྱིས་ཆེས་ཐོག་མའི་དུས་ནས་མདོག་ནག་པོ་དང་དམར་པོ།  སེར་པོ་བཅས་ཀྱི་མདོག་གསུམ་དར་ཆ་བསྒྲེངས་ནས་ཡར་ལངས་བྱས་པས།   རྗེས་སུ་འཇར་མན་མི་རིགས་གཅིག་གྱུར་བྱེད་པའི་མཚོན་རྟགས་སུ་གྱུར།  སྤྱི་ལོ1948ལོར་འཇར་མན་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེའི་དུས་སུ་མདོག་གསུམ་དར་ཆ་དེ་རྒྱལ་དར་དུ་བྱས།  སྤྱི་ལོ1871ལོར་འཇར་མན་བཙན་པོའི་རྒྱལ་ཁབ་ཡིན་པའི་སྐབས་སུ་ཕེ་སུ་མད་ཀྱིས་རྒྱལ་དར་གྱི་མདོག་དམར་པོ་དང་དཀར་པོ།  ནག་པོ་བཅས་གསུམ་དུ་བསྒྱུར།  སྤྱི་ལོ1918ལོར་བཙན་པོའི་རྒྱལ་ཁབ་འཇིགས་པས་ཝེ་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡང་བསྐྱར་མདོག་ནག་པོ་དང་དམར་པོ།  སེར་པོ་བཅས་ཡིན་པའི་མདོག་གསུམ་དར་ཆ་དེ་རྒྱལ་དར་དུ་བྱས།  སྤྱི་ལོ1933ལོར་ཤི་ཐེ་ལེས་སྲིད་དབང་བཟུང་བ་དང་།  ན་ཙི་ཏང་གི་ཏང་རྟགས་གཡུང་དྲུང་ཕྱིར་ལོག་དེ་རྒྱལ་དར་དུ་བྱས་པ་དང་།  སྤྱི་ལོ1945ལོར་མེད་པར་བཟོས།  སྤྱི་ལོ1949ལོའི་ཟླ9པའི་ནང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་།   སྔར་བཞིན་མདོག་ནག་དམར་སེར་གསུམ་གྱི་མདོག་གསུམ་དར་ཆ་དེ་རྒྱལ་དར་དུ་བྱས།  སྤྱི་ལོ1949ལོ་ནས་སྤྱི་ལོ1990ལོའི་བར་གནས་པའི་འཇར་མན་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་མདོག་གསུམ་དར་ཆ་དེ་བཀོལ་མོད།  འོན་ཀྱང་སྤྱི་ལོ1959ལོར་དར་ཆའི་དཀྱིལ་དབུས་སུ་ཐོ་བ་དང་འཇལ་བྱེད།  གྲོའི་སྙེ་མ་སོགས་ཀྱི་རིས་དབྱིབས་དེ་དག་བསྣན།  སྤྱི་ལོ1990ལོའི་ཟླ10པའི་ཚེས3ཉིན་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་དང་འཇར་མན་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་གཉིས་གཅིག་གྱུར་བྱས་པ་དང་།  སྔོན་གྱི་མདོག་ནག་དམར་སེར་བཅས་ཀྱི་མདོག་གསུམ་དར་ཆ་དེ་རྒྱལ་དར་དུ་གཏན་འཁེལ་བྱས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-16

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།