ཏེན་མག་གི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏེན་མག་གི་རྒྱལ་དར།
ཏེན་མག་གི་མིང་ཆ་ཚང་ལ་ཏེན་མག་རྒྱལ་པོའི་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་བྱང་མའི་རྒྱལ་ཁབ་ལྔའི་ཁྲོད་ཀྱི་གཅིག་ཡིན་ལ། རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་པོའི་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ཏེན་མག་གི་རྒྱལ་དར་ལ་ཏེན་ཉི་པུའུ་ལུའོ་ཡང་ཟེར་ཞིང་། དེའི་དོན་ནི་ཏེན་མག་མིའི་དར་ཆའམ་མདོག་དམར་པོའི་དར་ཆ་ཡིན། ཏེན་མག་གི་རྒྱལ་དར་ནི་དེང་སྐབས་བཀོལ་བཞིན་པའི་རྒྱལ་དར་དག་གི་ཁྲོད་ལོ་རྒྱུས་རྒྱུན་ཆེས་རིང་བའི་དར་ཆ་ཞིག་ཡིན་ལ། དེ་ལ་ཏེན་མག་མིའི་སྟོབས་ཤུགས་ཞེས་འབོད་པ་ཡིན། ཏེན་མག་གི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི37བསྡུར28ཡིན། དར་ངོས་ཀྱི་མདོག་ནི་དམར་པོ་ཡིན་ཞིང་། དེའི་ཐོག་མདོག་དཀར་པོའི་རྒྱ་གྲམ་དབྱིབས་ཀྱི་རི་མོ་ཞིག་ཡོད་ལ། དེ་གཡོན་ཕྱོགས་སུ་ཅུང་ཕྱོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
丹麦国旗
ཕྱི་ཡིག་གི་མིང་།
Dannebrog
མིང་གཞན།
ཏེན་ཉི་པུའུ་ལུའོ།
རིགས་དབྱེ།
རྒྱལ་དར།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1219ལོ།
1 ངོ་སྤྲོད།

ཏེན་མག་གི་མིང་ཆ་ཚང་ལ་ཏེན་མག་རྒྱལ་པོའི་རྒྱལ་ཁབ་ཟེར་ཞིང་།  དེ་ནི་ཡོ་རོབ་བྱང་མའི་རྒྱལ་ཁབ་ལྔའི་ཁྲོད་ཀྱི་གཅིག་ཡིན་ལ།  རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་པོའི་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།  ཏེན་མག་གི་རྒྱལ་དར་ལ་ཏེན་ཉི་པུའུ་ལུའོ་ཡང་ཟེར་ཞིང་།  དེའི་དོན་ནི་ཏེན་མག་མིའི་དར་ཆའམ་མདོག་དམར་པོའི་དར་ཆ་ཡིན།   ཏེན་མག་གི་རྒྱལ་དར་ནི་དེང་སྐབས་བཀོལ་བཞིན་པའི་རྒྱལ་དར་དག་གི་ཁྲོད་ལོ་རྒྱུས་རྒྱུན་ཆེས་རིང་བའི་དར་ཆ་ཞིག་ཡིན་ལ།   དེ་ལ་ཏེན་མག་མིའི་སྟོབས་ཤུགས་ཞེས་འབོད་པ་ཡིན།  ཏེན་མག་གི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ཚད་ནི37བསྡུར28ཡིན།  དར་ངོས་ཀྱི་མདོག་ནི་དམར་པོ་ཡིན་ཞིང་།   དེའི་ཐོག་མདོག་དཀར་པོའི་རྒྱ་གྲམ་དབྱིབས་ཀྱི་རི་མོ་ཞིག་ཡོད་ལ།   དེ་གཡོན་ཕྱོགས་སུ་ཅུང་ཕྱོགས་ཡོད་པ་ཡིན།

2 ལོ་རྒྱུས་འཕེལ་རིམ།

ཏེན་མག་གི་རྒྱལ་དར་ནི་དེང་སྐབས་བཀོལ་བཞིན་པའི་རྒྱལ་དར་དག་གི་ཁྲོད་ལོ་རྒྱུས་རྒྱུན་ཆེས་རིང་བའི་དར་ཆ་ཞིག་ཡིན་ལ།  སྤྱི་ལོ1219ལོ་ནས་ད་བར་དུ་བཀོལ་སྤྱོད་བྱེད་བཞིན་ཡོད།  ཏེན་མག་ལོ་རྒྱུས་ཡིག་ཚགས་ལས་བཀོད་པ་ལྟར་ན།  སྤྱི་ལོ1219ལོར་ཏེན་མག་རྒྱལ་པོ་ཝར་ཏུ་མ་ཝེ་ཁུ་ཐུའོ་ལི་སིས་དམག་དཔུང་གི་སྣེ་ཁྲིད་དེ་ཨེ་སོ་ནི་ཡའི་ཆོས་ལོག་པར་དཔུང་འཇུག་གཡུལ་འགྱེད་བྱས།   ཟླ6པའི་ཚེས15ཉིན་གྱི་ལུང་ཏ་ཉི་སིའི་དམག་འཁྲུག་ཁྲོད།   ཏེན་མག་གི་དམག་དཔུང་དཀའ་ངལ་གྱི་གནས་སུ་ལྷུང་།  གློ་བུར་དུ་དཀར་མདོག་གི་རྒྱ་གྲམ་དབྱིབས་ཀྱི་རི་མོ་ཡོད་པའི་མདོག་དམར་པོའི་དར་ཆ་ཞིག་གནམ་ནས་མར་བབས་པ་མ་ཟད།   དར་ཆ་འདི་བཟུང་དང་རྒྱལ་ཁ་ཐོབ་ངེས་ཞེས་པའི་ཤིན་ཏུ་གསལ་བའི་སྒྲ་ཞིག་གྲགས་འོང་།  དར་ཆ་འདིའི་སྐུལ་མའི་འོག་ཏེན་མག་དམག་གིས་དཔའ་ངར་ཞུམ་མེད་ཀྱིས་འཐབ་འཁྲུག་བྱས་ཏེ་ཕམ་པ་ནས་རྒྱལ་བར་གྱུར།  དེ་རྗེས་དཀར་མདོག་གི་རྒྱ་གྲམ་དབྱིབས་ཀྱི་རི་མོ་ཡོད་པའི་མདོག་དམར་པོའི་དར་ཆ་དེ་ཏེན་མག་རྒྱལ་པོའི་རྒྱལ་ཁབ་ཀྱི་རྒྱལ་དར་དུ་གྱུར་པ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།