ཁོ་རེ་ཡའི་རྒྱལ་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོ་རེ་ཡའི་རྒྱལ་རྟགས།
ཁོ་རེ་ཡའི་མིང་གཞན་ལ་ཁོ་རེ་ཡ་ལྷོ་མ་དང་ཁྲའོ་ཞན་ལྷོ་མའང་ཟེར་ཞིང་། དེ་ནི་ཨེ་ཤ་ཡ་ཤར་མའི་ཁྲའོ་ཞན་ཕྱེད་གླིང་གི་ལྷོ་ཁུལ་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན། ཁོ་རེ་ཡའི་རྒྱལ་རྟགས་ནི་སྒོར་དབྱིབས་ཤིག་ཡིན་ཞིང་། སྒོར་ངོས་ནི་འདབ་མ་ལྔ་ལྡན་གྱི་མེ་ཏོག་ཉིན་གཅིག་མ་ཞིག་ཡིན་ལ། མེ་ཏོག་གི་དཀྱིལ་ནི་མདོག་དམར་པོ་དང་སྔོན་པོའི་དགའ་འཁྱིལ་ཞིག་ཡིན། མདོག་དཀར་པོའི་རྒྱན་དར་ཞིག་གིས་མེ་ཏོག་ཉིན་གཅིག་མ་བསྐོར་ནས་ཡོད་ཅིང་། རྒྱན་དར་སྟེང་ཁོ་རེ་ཡ་ཆེན་མོའི་རྒྱལ་ཁབ་ཅེས་བྲིས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
韩国国徽
ཕྱི་ཡིག་གི་མིང་།
korean national emblem
རིགས་དབྱེ།
རྒྱལ་དར།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1963ལོ།
1 ངོ་སྤྲོད།

ཁོ་རེ་ཡའི་མིང་གཞན་ལ་ཁོ་རེ་ཡ་ལྷོ་མ་དང་ཁྲའོ་ཞན་ལྷོ་མའང་ཟེར་ཞིང་།  དེ་ནི་ཨེ་ཤ་ཡ་ཤར་མའི་ཁྲའོ་ཞན་ཕྱེད་གླིང་གི་ལྷོ་ཁུལ་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན།  ཁོ་རེ་ཡའི་རྒྱལ་རྟགས་ནི་སྒོར་དབྱིབས་ཤིག་ཡིན་ཞིང་།   སྒོར་ངོས་ནི་འདབ་མ་ལྔ་ལྡན་གྱི་མེ་ཏོག་ཉིན་གཅིག་མ་ཞིག་ཡིན།  མེ་ཏོག་ཉིན་གཅིག་མའི་མཐིལ་མདོག་དཀར་པོས་ཞི་བདེ་དང་དྭངས་གཙང་མཚོན་ཞིང་།  མདོག་སེར་པོས་དར་རྒྱས་གོང་འཕེལ་མཚོན།    མེ་ཏོག་གི་དཀྱིལ་ནི་མདོག་དམར་པོ་དང་སྔོན་པོའི་དགའ་འཁྱིལ་ཞིག་ཡིན་ལ།  དེ་ནི་ཁོ་རེ་ཡའི་རིག་གནས་ཀྱི་སྲོལ་རྒྱུན་མཚོན་རྟགས་ཤིག་ཡིན་པ་མ་ཟད།  རྒྱལ་ཁབ་སྲིད་དབང་དང་རང་བྱུང་ཁམས་ཆེན་མོའི་ཆོས་ཉིད་ཀྱི་འཆམ་མཐུན་ཡང་མཚོན་པ་ཡིན།  མདོག་དཀར་པོའི་རྒྱན་དར་ཞིག་གིས་མེ་ཏོག་ཉིན་གཅིག་མ་བསྐོར་ནས་ཡོད་ཅིང་།   རྒྱན་དར་སྟེང་ཁོ་རེ་ཡ་ཆེན་མོའི་རྒྱལ་ཁབ་ཅེས་བྲིས་ཡོད།  རྒྱལ་རྟགས་འདི་ནི་སྤྱི་ལོ1948ལོར་ཐོག་མར་བཀོལ་སྤྱོད་བྱེད་འགོ་ཚུགས་ཤིང་།  སྤྱི་ལོ1963ལོར་བཟོ་བཅོས་བྱས་ཏེ་ད་བར་དུ་བཀོལ་སྤྱོད་བྱེད་བཞིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-15

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།