ཁོ་རེ་ཡའི་རྒྱལ་དར།

ཁོ་རེ་ཡའི་མིང་གཞན་ལ་ཁོ་རེ་ཡ་ལྷོ་མ་དང་ཁྲའོ་ཞན་ལྷོ་མའང་ཟེར་ཞིང་། དེ་ནི་ཨེ་ཤ་ཡ་ཤར་མའི་ཁྲའོ་ཞན་ཕྱེད་གླིང་གི་ལྷོ་ཁུལ་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན། ཁོ་རེ་ཡའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི3བསྡུར2ཡིན། ཁོ་རེ་ཡའི་རྒྱལ་དར་ནི་མདོག་དཀར་པོ་ཡིན་ཞིང་། དེས་ཁོ་རེ་ཡའི་མི་དམངས་ཀྱི་དྭངས་གཙང་དང་ཞི་བདེ་ལ་བཅིངས་པའི་དགའ་ཞེན་མཚོན་པ་ཡིན། རྒྱལ་དར་གྱི་དཀྱིལ་དུ་མདོག་དམར་པོ་དང་སྔོན་པོའི་དགའ་འཁྱིལ་ཞིག་ཡོད་པ་དང་། དེས་འཇིག་རྟེན་མཚོན་ཞིང་། མདོག་དམར་པོ་ནི་ཉིན་དང་སྔོན་པོ་ནི་སྲིབ་ཡིན། དགའ་འཁྱིལ་དེའི་ཟུར་བཞི་རུ་མདོག་ནག་པོའི་སྤར་ཁ་བཞི་ཡོད་དེ། གཡོན་སྟེང་ནི་ཁེན་དང་། གཡོན་འོག་ནི་ལི། གཡས་སྟེང་ནི་ཁམ་དང་། གཡས་འོག་ནི་ཁོན་བཅས་ཡིན་ལ། དེ་དག་གིས་རེ་རེ་བཞིན་གནམ་མེ་ཆུ་ས་བཅས་མཚོན་པ་ཡིན། རྒྱལ་དར་འདི་ནི་སྤྱི་ལོ1883ལོར་ཁྲའོ་ཞན་གོང་མའི་སྲིད་གཞུང་གི་རྒྱལ་དར་དུ་གཏན་འཁེལ་བྱས་ལ། ཁོ་རེ་ཡ་དབུ་བརྙེས་རྗེས་མུ་མཐུད་དུ་སྔར་བཞིན་བཀོལ་སྤྱོད་བྱས་པ་ཡིན།