གློག་བརྙན་སྒྱུ་རྩལ་གྱི་གསང་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་བརྙན་སྒྱུ་རྩལ་གྱི་གསང་བ།
གློག་བརྙན་སྒྱུ་རྩལ་གྱི་གསང་བ་ཞེས་པའི་བརྩམས་ཆོས་གསར་བ་འདིའི་ནང་དུ་ཆ་འཕྲིན་དུས་རབས་ཀྱི་འགྲོས་དང་བསྟུན་ནས་སྨྱན་བྱད་རིག་པའི་བརྒྱུད་སྒྲོག་ཐབས་ལམ་སྤྱད་དེ། ཐུན་མོང་མ་ཡིན་པའི་རིག་གནས་ངོ་སྤྲོད་དང་བསམ་བློ་བརྗེ་རེས། བློ་སྦྱོང་ཡར་བསྐྱེད་སོགས་བྱེད་པའི་ཐད་ལ། བརྙན་གཟུགས་ལས་རིགས་འདིས་གཞན་དྲིང་མི་འཇོག་པའི་བྱེད་ནུས་འགངས་ཆེན་ཐོན་བཞིན་ཡོད་པ་དང་། གློག་བརྙན་ནི་བརྙན་གཟུགས་རང་བཞིན་གྱི་ཤེས་ཡོན་ཞིག་ཡིན་པ་སོགས་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《电影艺术之谜》
རྩོམ་པ་པོ།
ཟླ་ཚང་དཔལ་མཁར་རྒྱལ།
དཔེ་སྐྲུན་ཁང་།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2013ལོའི་ཟླ10པ།
1 རྩོམ་པ་པོ།

ཟླ་ཚང་དཔལ་མཁར་རྒྱལ་ནི་སྤྱི་ལོ1982ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་ཕ་ཡུལ་ཀྱེ་ཕུར་ཟླ་ཚང་ནས་སྐྱེས། ཆུང་དུས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་མཐར། སྤྱི་ལོ2010ལོར་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དབྱིན་ཡིག་ཆེད་སྦྱོང་སྡེ་ཁག་ནས་སློབ་མཐར་ཕྱིན། སྔ་གཞུག་ཏུ་ཁོའི་དཔྱད་རྩོམ་དང་ལྷུག་རྩོམ། སྙན་རྩོམ། བསྒྱུར་རྩོམ་སོགས་བོད་ལྗོངས་དང་མཚོ་སྔོན། ཀན་ལྷོ་བཅས་ཞིང་ཆེན་གསུམ་གྱི་ཁོངས་སུ་གཏོགས་པའི་གཞུང་སྒེར་དུས་དེབ་དང་ཚགས་པར་སོགས་སུ་རྩོམ་ཡིག་བརྒྱ་ཕྲག་ལྷག་སྤེལ་མྱོང་བས། རྩོམ་ཡིག་བརྩམས་ཆོས་ལ་ཞིང་ཆེན་རིམ་པའི་བྱ་དགའ་དང་སློབ་གླིང་རིམ་པའི་བྱ་དགའ་ཐོབ་མྱོང་། སྤྱི་ལོ2010ལོ་ནས་བཟུང་མགོ་ལོག་ས་ཁུལ་གྱི་དགེ་རྒན་གྱི་བྱ་བའི་ལས་གནས་སུ་ཞུགས། ཉེ་ཆར་ཧྲང་ཧེ་ཕྱི་རྒྱལ་སྐད་རིགས་སློབ་གླིང་དུ་དབྱིན་ཡིག་ཟབ་སྦྱོང་ལས་ཧྲང་ཧེ་སློབ་གླིང་རྟགས་མའི་ཕུལ་བྱུང་སློབ་མར་བདམས་མྱོང༌། ཞོར་དུ་པེ་ཅིང་བོད་བརྙན་དྲ་བའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཁ་བ་ཅན་གློག་བརྙན་འཕྲིན་ཁྱབ་སྤེལ་ཚད་ཡོད་ཀུང་ཟིའི་ཚོགས་མིར་གྱུར། སྔར་མུས་སུ་གློག་བརྙན་འཁྲབ་གཞུང་དབྱིན་བསྒྱུར་དང་གློག་བརྙན་སྒྱུ་རྩལ་འཚོལ་ཞིབ་ཀྱི་ཐད་ལ་འབད་གྱིན་འདུག

2 ངོ་སྤྲོད།

བོད་བརྙན་གྱི་སྐབས་དོན་གནས་བབ་དང་དུས་རབས་ཀྱི་གླེང་ཕྱོགས་མཚོན་པའི་བརྩམས་ཆོས་གསར་བ་འདིའི་ནང་དུ་གློག་བརྙན་དང་གློག་བརྙན་གྱི་ལོ་རྒྱུས་རྡོ་རིང་། གློག་བརྙན་དང་གློག་བརྙན་གྱི་བསམ་བློའི་སྒོ་འབྱེད། གློག་བརྙན་དང་གློག་བརྙན་གྱི་རྒྱལ་སྤྱིའི་ལྷ་ལམ། གློག་བརྙན་དང་གློག་བརྙན་གྱི་དུས་ཆེན་རིང་མོ། གློག་བརྙན་དང་གློག་བརྙན་གྱི་བདེན་ལུགས་སྙིང་སྟོབས། གློག་བརྙན་དང་གློག་བརྙན་གྱི་ཤེས་ཡོན་འཚོ་གནས། གློག་བརྙན་དང་གློག་བརྙན་གྱི་སྒྱུ་རྩལ་དར་ཆེན། གློག་བརྙན་དང་གློག་བརྙན་གྱི་གསང་བའི་འཇིག་རྟེན། གློག་བརྙན་དང་གློག་བརྙན་གྱི་དཔལ་འབྱོར་སད་རྟོགས། གློག་བརྙན་དང་གློག་བརྙན་གྱི་རྩོམ་རིག་གླེང་མཆིད་བཅས་དོན་ཚན་ཆེན་པོ་དགུ་རུ་ཕྱེ་ནས་བརྗོད་ཡོད་པ་རེད།

3 དཀར་ཆག

གླེང་སློང་བའི་གློག་བརྙན་གྱི་གཏམ།

གློག་བརྙན་དང་གློག་བརྙན་གྱི་ལོ་རྒྱུས་རྡོ་རིང་།

སྒྱུ་རྩལ་དང་འཚོ་བའི་བདེན་དོན་གྱི་ཧེ་བག

འཛམ་གླིང་གློག་བརྙན་གྱི་བྱུང་རིམ་ཆེན་མོ་གསུམ་གླེང་བའི་ལམ་གྱི་ལོ་རྒྱུས།

(1) གློག་བརྙན་གྱི་མིང་བརྡ་དང་ཐ་སྙད་བྱུང་རབས།

(2) འཛམ་གླིང་གློག་བརྙན་གྱི་བྱུང་རབས།

(3) ཀྲུང་གོའི་གློག་བརྙན་གྱི་བྱུང་རབས།

(4) བོད་ཀྱི་གློག་བརྙན་གྱི་བྱུང་རབས།

གློག་བརྙན་འཕེལ་རིམ་དུས་ཀྱི་ཟིན་འགོད་རགས་བྲིས།

དངོས་བཤུས་གློག་བརྙན་གྱི་སྐད་ཆ།

(1) དངོས་བཤུས་གློག་བརྙན་དང་དངོས་བཤུས་གློག་བརྙན་གྱི་ཐ་སྙད།

(2) དངོས་བཤུས་གློག་བརྙན་བྱུང་བའི་གླེང་ཕྱོགས།

(3) དངོས་བཤུས་གློག་བརྙན་གྱི་རིགས་འབྱེད་དང་སྒྲུབ་ལུགས།

(4) དངོས་བཤུས་གློག་བརྙན་དང་དངོས་ཡོད་འཚོ་བའི་རིམ་ཚད།

བོད་ཀྱི་བརྙན་ཐུང་གསར་བའི་དུས་སྐབས།

མང་མཐུད་ལག་རྩལ་གྱི་རིག་གཞུང་ཙམ་གླེང་བ།

འཛམ་གླིང་གློག་བརྙན་ཁེ་ལས་ཅན་དང་འབྲེལ་བའི་ལོ་རྒྱུས་ཟིན་ཐོ།

འཛམ་གླིང་གློག་བརྙན་གསར་བའི་སྐྱོམ་འགུལ་ཆེན་མོའི་སྐོར།

(1) འཇར་མན་གློག་བརྙན་གསར་རྙིང་གི་ལས་འགུལ་སྙིང་སྟོབས།

(2) དབྱི་ཐ་ལིའི་དངོས་ཡོད་རིང་ལུགས་ཀྱི་གློག་བརྙན་གསར་བ།

(3) ཧྥ་རན་སིའི་གློག་བརྙན་གསར་བའི་རླབས་རྒྱུན་ལས་འགུལ།

(4) ཧིན་རྡུའི་གློག་བརྙན་འཕེལ་བའི་སྒྱུ་རྩལ་གསར་རྙིང་གི་ལོ་རྒྱུས་ཙམ་བུ།

བོད་འབྲེལ་གློག་བརྙན་ཐོག་མའི་དཔྱད་གླེང་བློ་འབྱེད།

ཆོས་ལུགས་གློག་བརྙན་གླེང་བ་རགས་ཙམ།

(1) བོད་ཀྱི་གློག་བརྙན《ཁྱི་རྒན》གྱི་ཕྲན་དཔྱད།

(2) བོད་ཀྱི་གློག་བརྙན《ཨ་རིག་བུ་མོ་འབྲི་བརྒྱ་མ》འི་ཕྲན་དཔྱད།

(3) བོད་ཀྱི་གློག་བརྙན《ས་སྲོད་ཀྱི་སྨྲེ་སྔགས》ཀྱི་ཕྲན་དཔྱད།

གློག་བརྙན་སྒྱུ་རྩལ་བའི་གསར་རྙིང་གི་འགལ་འདུ་སོ་གཉིས་མ།

གློག་བརྙན་དང་གློག་བརྙན་གྱི་བསམ་བློའི་སྒོ་འབྱེད།

གསང་ལམ་མྱུལ་བའི་གློག་བརྙན་གྱི་རྣམ་གཞག་ཕྲན་བུ།

(1) གློག་བརྙན་གྱི་ལོ་རྒྱུས་དང་འཕེལ་འགྱུར།

(2) གློག་བརྙན་གྱི་རིག་གནས་དང་དཔལ་འབྱོར།

(3) གློག་བརྙན་གྱི་ལངས་ཕྱོགས་དང་རིན་ཐང་།

(4) གློག་བརྙན་གྱི་ལེགས་ཉེས་དང་རྩོམ་རིག

(5) གློག་བརྙན་གྱི་སྐད་ཆ་དང་གླེང་ཕྱོགས།

(6) གློག་བརྙན་གྱི་དུས་རབས་དང་ཁེ་ལས།

ངའི་གློག་བརྙན་ལྟ་ཚུལ་ལས་ཐོན་པའི་གློག་བརྙན་གྱི་ལེའུ།

གློག་བརྙན《གཞུང་རྒྱུད་དྲང་བའི་ཧྭ་ཁྱི་ཞིག་གི་གཏམ་རྒྱུད》ལས་བྱུང་བའི་མི་དང་ཁྱིའི་སྣང་བརྙན་གསོན་པོ།

གློག་བརྙན《དམར་པོ་ཁྲག་གི་ཕ་ལམ》གྱི་གླེང་ལུགས་གསར་བའི་སྒོ།

དཔའ་རྒོད་སུམ་བརྒྱ___སི་པཱ་ཏའི་གློག་བརྙན་ལས་བརྡོལ་བའི་ལོ་རྒྱུས་སྙིང་སྟོབས་དང་བསམ་བློའི་མེ་ལྕེ།

གློག་བརྙན་དང་གློག་བརྙན་གྱི་རྒྱལ་སྤྱིའི་ལྷ་ལམ།

ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ཞིག་གི་མི་ཚེའི་སྒྱུ་རྩལ་གྱི་བཞུད་ལམ།

2012དུས་མཐའི་འཇིག་བསྐལ།

(1) 2012དུས་མཐའི་འཇིག་བསྐལ་དང་མཱ་ཡ་མི་རིགས་ཀྱི་རིག་གནས་སྙིང་སྟོབས།

(2) 2012དུས་མཐའི་འཇིག་བསྐལ་དང་འབྲེལ་བའི་གཞན་ལུགས།

(3) 2012དུས་མཐའི་འཇིག་བསྐལ་དང་འབྲེལ་བའི་རང་ལུགས།

(4) 2012དུས་མཐའི་འཇིག་བསྐལ་དང་སྤྱི་སྡོམ།

བོད་ཀྱི་གློག་བརྙན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང་རྒྱལ་སྤྱིའི་ལྷ་ལམ།

(1) ལོ་རྒྱུས་ཅན་གྱི་གློག་བརྙན།

(2) མི་རིགས་ཅན་གྱི་གློག་བརྙན།

(3) གསེར་མདོག་ཅན་གྱི་གློག་བརྙན།

(4) འཁུན་སྒྲ་ཅན་གྱི་གློག་བརྙན།

གློག་བརྙན་དང་གློག་བརྙན་གྱི་དུས་ཆེན་རིང་མོ།

གློག་བརྙན་དུས་ཆེན་ལས་འཕྲོས་པའི་བསམ་གཞིགས་ཟངས་ཞུན་གྱི་ཁུ་བ།

(1) གློག་བརྙན་དུས་ཆེན་གྱི་འཁྲུངས་སྐར།

(2) གློག་བརྙན་དུས་ཆེན་གྱི་རིགས་འབྱེད།

(3) གློག་བརྙན་དུས་ཆེན་གྱི་ཕན་ནུས།

(4) གློག་བརྙན་དུས་ཆེན་དང་ང་ཚོ།

གསེར་བྱང་རྟགས་མ་ཨོ་སི་ཁཱའི་གླིང་ཕྲན་ལ་ཕྱིན་པའི་བདེན་དོན་གྱི་ལེའུ།

འཛམ་གླིང་གློག་བརྙན་དུས་ཆེན་ཆེན་པོ་བཞི་དང་འབྲེལ་བའི་རགས་བཤད།

(1) ཨོ་སི་ཁཱ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།

(2) ཞི་ཕེ་ལའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།

(3) དབྱི་ཐ་ལིའི་ཝེ་ན་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།

(4) ཧྥ་རན་སིའི་རྒྱལ་སྤྱིའི་ཀ་ནཱ་གློག་བརྙན་དུས་ཆེན།

གློག་བརྙན་དང་གློག་བརྙན་གྱི་བདེན་ལུགས་སྙིང་སྟོབས།

གློག་བརྙན་སྤྱིའི་རིགས་འབྱེད་པའི་བློ་དང་བརྟོལ་དགོས་པའི་བོད་ཀྱི་གློག་བརྙན་རྣམ་གྲངས་གསར་འབྱེད།

གློག་བརྙན《ལུང་གཞུང་དམར་པོ》འི་བདེན་རྫུན་གྱི་དབྱེ་འབྱེད་ཚངས་ཐིག

(1) ལྷ་ཆོས་ཀྱི་ཟུར་དང་བདེན་དོན་གྱི་ཟུར།

(2) སྙིང་སྟོབས་ཀྱི་ཟུར་དང་ཡུལ་སྲོལ་གྱི་ཟུར།

(3) དད་པའི་ཟུར་དང་གཞན་ལུགས་ཀྱི་ཟུར།

གློག་བརྙན་གྱི་ཟིན་ཐོ་གསར་བ།

(1) གློག་བརྙན་གྱི་རྩ་དོན་ནི་གཞུང་ལུགས་ཞིག

(2) གློག་བརྙན་གྱི་ལམ་ཕྱོགས་ནི་དཔེ་མེད་ཅིག

མི་དང་གློག་བརྙན་གྱི་ཧེ་བག

(1) གློག་བརྙན་དང་མིའི་ཐོབ་ཐང་དགར་བའི་ལུགས།

(2) སྤྱི་མཐུན་གྱི་གློག་བརྙན་དང་སེམས་ཁམས།

གློག་བརྙན་དང་གློག་བརྙན་གྱི་ཤེས་ཡོན་འཚོ་གནས།

བོད་ཀྱི་གློག་བརྙན____འཛམ་གླིང་གི་མིག

(1) བོད་འབྲེལ་གློག་བརྙན་དང་བོད་གློག་བརྙན་གྱི་ལོ་རྒྱུས་དབྱེ་མཚམས།

(2) བོད་ཀྱི་གློག་བརྙན་ནི་འཛམ་གླིང་གི་མིག་ཡིན།

(3) བོད་ཀྱི་གློག་བརྙན་ནི་བོད་ཤེས་རིག་གི་འཕར་རྩ་ཡིན།

དུས་རབས་ཀྱི་འོད་ཚོམ།

ཞི་བདེ་ཉི་མའི་བརྙན་འཕྲིན་ཟློས་གར་དང་གློག་བརྙན་ལས་གླེང་བ།

གློག་བརྙན་སྒྱུ་རྩལ་གྱི་མི་དང་མིའི་གསང་བ།

གློག་བརྙན་དང་གློག་བརྙན་གྱི་སྒྱུ་རྩལ་དར་ཆེན།

གློག་བརྙན་གྱི་ལམ་དང་ཆ་འཕྲིན་གྱི་ལམ།

ཡན་ལག་བརྒྱད་ལྡན་ལ་སྦྱར་བའི་གློག་བརྙན་གསལ་བའི་ཨ་དར་ཤཱ།

སྡེབ་དབྱངས་ནི་གློག་བརྙན་སྒྱུ་རྩལ་གྱི་བླ་སྲོག་ཡིན།

དྲྭ་བརྒྱུད་གློག་བརྙན་གྱི་རང་དབང་རིང་ལུགས།

དྲག་རྩལ་གྱི་ལམ་གླེང་བ།

(1) དྲག་རྩལ་གྱི་ངོ་བོ་དང་བྱུང་རིམ།

(2) དྲག་རྩལ་གྱི་སྒྱུ་རྩལ་དང་རིན་ཐང་།

(3) ང་ཚོ་དང་དྲག་རྩལ་ཤེས་རིག

གློག་བརྙན་དང་གློག་བརྙན་གྱི་གསང་བའི་འཇིག་རྟེན།

གློག་བརྙན་རིག་གནས་ཀྱི་ཉེས་ཅན་དང་སྒྱུ་རྩལ་གྱི་ཨ་གསར།

ཉལ་ཐའི་གློག་བརྙན།

གློག་བརྙན་དང་གློག་བརྙན་གྱི་དཔལ་འབྱོར་སད་རྟོགས།

བོད་ཀྱི་གློག་བརྙན་འཚོ་གནས་དང་གནད་དོན་གྱི་བར་བརྒལ་ཆེན་པོ།

(1) གློག་བརྙན་གྱི་བསམ་བློའི་གནད་དོན།

(2) གློག་བརྙན་གྱི་ལག་རྩལ་གནད་དོན།

(3) གློག་བརྙན་གྱི་ཆེད་ལས་གནད་དོན།

(4) གློག་བརྙན་གྱི་ཁོར་ཡུག་གནད་དོན།

(5) གློག་བརྙན་གྱི་ལྟ་མཁན་གནད་དོན།

(6) གློག་བརྙན་གྱི་དཔུང་སྡེ་གནད་དོན།

(7) གློག་བརྙན་གྱི་འཚོ་གནས་གནད་དོན།

གློག་བརྙན་དང་འབྲེལ་བའི་མི་རིགས་ཀྱི་མཆོང་སྐྱོད་ཆེན་མོའི་སྐོར།

(1) གློག་བརྙན་དང་བསམ་བློ་གསར་རྙིང་གི་གོ་འབྱེད།

(2) གློག་བརྙན་དང་ལོ་རྒྱུས་ཕྱིར་རྟོག་གི་མེ་ལོང་།

(3) གློག་བརྙན་དང་རིག་གནས་སྙིང་སྟོབས་ཀྱི་གོ་ཆ།

(4) གློག་བརྙན་དང་ཉོ་ཚོང་དཔལ་འབྱོར་གྱི་སྒོ་འབྱེད།

(5) གློག་བརྙན་དང་སྐད་རིགས་འཚོ་གནས་ཀྱི་ལེགས་ཉེས།

གློག་བརྙན་དང་གློག་བརྙན་གྱི་རྩོམ་རིག་གླེང་མཆིད།

གློག་བརྙན་དཔྱད་འཇོག་གི་ལམ།

གློག་བརྙན་འཁྲབ་གཞུང་དང་ཟློས་གར་འཁྲབ་གཞུང་གི་ཟུར་གླེང་བའི་གཏམ་རགས་ཙམ།

(1) སྤྱི་བབ་ཙམ་གླེང་བ།

(2) རྩོམ་རིག་ཟློས་གར་བྱུང་ཚུལ་དང་འབྲེལ་བའི་བོད་ཀྱི་ཟློས་གར་རིག་པ།

(3) གློག་བརྙན་རྩོམ་རིག་དང་ཟློས་གར་རྩོམ་རིག་གི་བར་ཁྱད།

(4) གློག་བརྙན་འཁྲབ་གཞུང་གསར་རྩོམ་གྱི་འཇུག་ངོགས་གནད་ཀྱི་ལམ།

གློག་བརྙན་གྱི་སྐད་ཆ་དང་རྩོམ་རིག་གི་སྐད་ཆ།

ཡིག་བརྙན་དཔྱད་གཞིའི་སྐོར།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-29

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།