པོ་ཧེའི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པོ་ཧེའི་རྒྱལ་དར།
པོ་ཧེ་ཡི་མིང་ཆ་ཚང་ལ་པོ་སི་ཉི་ཡ་དང་ཧེ་སའེ་ཀུ་ཝེ་ན་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་པར་ཀན་ཕྱེད་གླིང་གི་རྒྱལ་ཁབ་ཅིག་ཡིན། པོ་ཧེའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི2བསྡུར1ཡིན། དར་ཆ་འདི་ནི་སྤྱི་ལོ1998ལོའི་ཟླ2པའི་ཚེས10ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
波斯尼亚和黑塞哥维那国旗
ཕྱི་ཡིག་གི་མིང་།
Flag of Bosnia and Herzegovina
རིགས་དབྱེ།
རྒྱལ་དར།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1998ལོའི་ཟླ2པའི་ཚེས10ཉིན།
1 ངོ་སྤྲོད།

པོ་ཧེ་ཡི་མིང་ཆ་ཚང་ལ་པོ་སི་ཉི་ཡ་དང་ཧེ་སའེ་ཀུ་ཝེ་ན་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།   དེ་ནི་པར་ཀན་ཕྱེད་གླིང་གི་རྒྱལ་ཁབ་ཅིག་ཡིན།  པོ་ཧེའི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ཚད་ནི2བསྡུར1ཡིན།  མདོག་སྔོན་པོའི་དར་ངོས་ཀྱི་སྟེང་གསེར་མདོག་གི་ཟུར་གསུམ་མ་ཆེན་པོ་ཞིག་ཡོད་ཅིང་།  ཟུར་གསུམ་མའི་མཐའ་གཅིག་གི་བརྒྱུད་དུ་གྲལ་དུ་བསྒྲིགས་པའི་མདོག་དཀར་ཅན་གྱི་སྐར་མ་ཟུར་ལྔ་སྐོར་ཞིག་ཡོད།  ཟུར་གསུམ་མ་ཆེན་པོ་དེའི་མཐའ་གསུམ་གྱིས་པོ་སི་ཉི་ཡ་དང་ཧེ་སའེ་ཀུ་ཝེ་ན་སྤྱི་མཐུན་རྒྱལ་ཁབ་གྲུབ་བྱེད་ཀྱི་མི་རིགས་གཙོ་བོ་གསུམ་མཚོན་ཞིང་།  དེ་དག་ནི་མུའུ་སི་ལིན་མི་རིགས་དང་སའེ་ཨེར་ཝེ་ཡ་མི་རིགས།  ཁུ་ལུའོ་ཏི་ཡ་མི་རིགས་བཅས་ཡིན།   གསེར་མདོག་གམ་ཉི་མའི་གཟི་འོད་ཀྱིས་པོ་ཧེ་མི་དམངས་ཀྱི་སེམས་ཁོངས་སུ་རེ་བ་ཡིས་ཁེངས་ཡོད་པ་མཚོན།  གཞི་སྔོན་དང་མདོག་དཀར་པོའི་སྐར་མ་ཟུར་ལྔ་ཡིས་ཡོ་རོབ་གླིང་མཚོན་ལ།   པོ་ཧེ་ནི་ཡོ་རོབ་གླིང་གི་ཆ་ཤས་ཤིག་ཡིན་པ་མཚོན།  དར་ཆ་འདི་ནི་སྤྱི་ལོ1998ལོའི་ཟླ2པའི་ཚེས10ཉིན་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-29

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།