བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས།
བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་འདིའི་ནང་དུ་རྡོ་རིང་གི་ཡི་གེའི་ངོ་བཤུས་དང་དྲིལ་བུའི་འབུལ་བྱང་སྨོན་ཚིག ཤོག་དྲིལ། ཤིང་གི་བྱང་བུ(ཁྲམ)བཅས་ཡིག་རིགས་ཁག་གསུམ་ཡོད་པ་འདི་དག་ནི་དུས་རབས་བརྒྱད་པ་དང་དགུ་པ། བཅུ་པ་བཅས་དུས་རབས་གསུམ་རིང་ལ་བྱུང་བའི་ཤུལ་བཞག་དངོས་རྫས་སྐོར་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《吐蕃文献选读》
སྒྲིག་པ་པོ།
བསོད་ནམས་སྐྱིད། དབང་རྒྱལ།
དཔེ་སྐྲུན་ཁང་།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2003ལོའི་ཟླ12པ།
1 ངོ་སྤྲོད།

དེབ་འདིའི་ནང་གི་ཡིག་ཆ་འདི་དག་ནི་བོད་གནའ་རབས་ཀྱི་སྤྱི་ཚོགས་ལམ་ལུགས་དང་ཆབ་སྲིད། དཔལ་འབྱོར། དམག་དོན། ཐོན་སྐྱེད་ཀྱི་འབྲེལ་བ། བོད་དང་མི་རིགས་གཞན་དག་བར་གྱི་འབྲེལ་བ་སོགས་ཀྱི་ཐད་ལ་ཞིབ་འཇུག་བྱེད་དུས་དང་། རང་རེའི་རྒྱལ་ཁབ་ཧྲིལ་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས་དཔྱད་གཞིའི་རིན་ཐང་ལྡན་པ་ཞིག་དང་། བོད་ས་གནས་སུ་ཡོད་པའི་རྡོ་རིང་དང་ཡིག་ཆ་བཅས་ལ་འཁོད་པའི་བོད་གནའ་རབས་ཀྱི་སྤྱི་ཚོགས་ཀྱི་ཁྱད་ཆོས་འགའ་ཞིག་ཡོད་དེ། གཅིག བོད་གནའ་རབས་སྤྱི་ཚོགས་ཀྱི་ངོ་བོའི་སྐོར་ལ་དེ་དུས་རུས་རྙིང་དབང་ཤུགས་ཆེ་བ་རྣམས་ཀྱི་བྱས་རྗེས་ལ་དཔགས་ནས་བྱ་དགའ་གསོལ་རས་གནང་ཚུལ་སྐོར་དང་། སྐབས་དེར་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ངོ་བོ་ནི་བྲན་གཡོག་ལམ་ལུགས་ཡིན་པ་ཤེས་ཐུབ་པ། གཉིས། བོད་གནའ་རབས་སྐབས་ཀྱི་གྲལ་རིམ་དབྱེ་མཚམས་སྐོར་ལ་སྤྱི་ཚོགས་དེའི་དུས་སྐབས་ནང་དུ། བཙན་པོ། རྗེ། བཙན་མོ། ཆོས་བློན། ཞང་བློན། བློན་ཆེན། དམག་དཔོན། སྟོང་དཔོན་སོགས་ཀྱིས་སྲིད་གཞུང་དང་། དམག་དཔུང་། དགོན་པའི་ནང་གི་གཙོ་འགན་ཁུར་ནས་སྤྱི་ཚོགས་ཧྲིལ་པོ་མངའ་དབང་དུ་བསྒྱུར་ནས། ཁྲིམས་ཡིག་གཏན་འབེབས་བྱེད་པ་དང་། དམག་གི་བཀོད་ཇུས་འདོན་པ། རྒྱུ་ནོར་ལོངས་སུ་སྤྱོད་པ་སོགས་དབང་ཆ་ཚང་མ་ཁོ་ཚོའི་ལག་ཏུ་ཡོད་པ་ཞིག་རེད། དེ་ལས་ལྡོག་སྟེ། ཁོལ་པོ་དང་། གཡོག གཡུང་། རྒོད་སོགས་ནི་དབང་སྒྱུར་མྱོང་མཁན་དེ་དག་ལ་སྤྱི་མིང་ཁེང་ཞེས་འབོད། ཁེང་གི་བུ་ཕྲུག་ལ་ཡང་ཁེང་ཟེར། ཁེང་དང་ཡང་ཁེང་དེ་དག་ཉིན་ལྟར་འབྲོག་ལས་དང་། ཞིང་ལས། ལག་ཤེས་བཟོ་ལས། ཕོ་བྲང་ནང་འཁོར་གྱི་ངལ་རྩོལ་བཅས་ཚང་མ་བྱས་ནས། མི་གྲངས་ཉུང་ཤས་ཡིན་པའི་བྲན་གཡོག་བདག་པོ་དེ་དག་གསོ་དགོས་ཀྱི་ཡོད་པ། གསུམ། བོད་ཀྱི་གནའ་རབས་ཆོས་ལུགས་ནི་བོན་པོའི་ཆོས་ལུགས་དང་། བོན་པོའི་ཆོས་ལུགས་ནི་རང་བྱུང་ཁམས་ཀྱི་རི་རྡོ་ཆུ་ཤིང་ཉི་ཟླ་གཟའ་སྐར་སོགས་ལ་དད་པ་བྱེད་པ་དང་། དེའི་ནང་ནས་གཙོ་བོ་གནམ་ལྷ་ཟེར་བ་དང་དེའི་སྲས་གསོན་དུས་མི་ཡུལ་གྱི་བཙན་པོ་བྱེད་པ་དང་གཤེགས་དུས་ལྷ་ཡི་ལུས་ལ་རོ་མེད་འཇའ་ལྟར་ཡལ་འགྲོ་ཟེར་བ་སོགས་བོན་པོའི་ཆོས་ལུགས་ལ་བཤད་སྲོལ་དེ་འདྲ་ཡོད་པ་རེད། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས》ཞེས་པ་འདི་ནི《བོད་ཀྱི་རྡོ་རིང་དང་དྲིལ་བུའི་བཀའ་གཙིགས་གཅེས་བསྡུས》དང《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》《སྔ་རབས་བོད་ཀྱི་བྱང་ཁྲམ་ཕྱོགས་བསྡུས》བཅས་ཁག་གསུམ་ནས་དཔེ་གཞི་མཚོན་ཙམ་ཞིག་འདེམས་སྒྲིག་བྱས་ནས་གྲུབ་པའི་བརྩམས་ཆོས་ཤིག་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-25

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།