ས་པཎ་སྒྲུབ་ཕུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་པཎ་སྒྲུབ་ཕུག་ནི་འབའ་སྟོད་ཀྱི་མཐོན་པོ་བཅུ་གསུམ་དུ་གྲགས་པའི་ནང་ཚན་ཆུ་ནག་བེའུ་ངུར་གྱི་མཐོངས་ཤེད། འབའ་གཞུང་གཡང་ལྡན་ཕྱུག་མོ་ནས་བཞུར་བའི་འབའ་ཆུ་སྔོན་མོའི་གདགས་ཀྱི་ཆ། འབའ་ཚོ་བཞིར་གྲགས་པའི་ནང་ཚན་འབའ་གོང་མའི་ས་པཎ་ལུང་བ་ཞེས་པར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
萨班修行岩洞
རིགས་དབྱེ།
ཆོས་ལུགས་ཀྱི་གནའ་ཤུལ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་།
གནས་ཡུལ།
འབའ་རྫོང་གི་འབའ་གོང་མའི་ས་པཎ་ལུང་བ་ཡོད།
1 ངོ་སྤྲོད།

ས་པཎ་སྒྲུབ་ཕུག་ནི་འབའ་སྟོད་ཀྱི་མཐོན་པོ་བཅུ་གསུམ་དུ་གྲགས་པའི་ནང་ཚན་ཆུ་ནག་བེའུ་ངུར་གྱི་མཐོངས་ཤེད། འབའ་གཞུང་གཡང་ལྡན་ཕྱུག་མོ་ནས་བཞུར་བའི་འབའ་ཆུ་སྔོན་མོའི་གདགས་ཀྱི་ཆ། འབའ་ཚོ་བཞིར་གྲགས་པའི་ནང་ཚན་འབའ་གོང་མའི་ས་པཎ་ལུང་བ་ཞེས་པར་ཡོད་ཅིང་། ངག་རྒྱུན་ལ། སྔོན་འགྲོ་བའི་མགོན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཧོར་རྒྱལ་པོ་གོ་དན་གྱིས་ལེང་ཀྲོའུ་རུ་གདན་འདྲེན་སྐབས་སྒྲུབ་ཕུག་འདིར་སྒྲུབ་པ་ཡུན་རིང་མཛད་མྱོང་བས་ན་མིང་ཡང་དེ་སྐད་དུ་ཐོགས་པར་བཤད། ས་པཎ་སྒྲུབ་ཕུག་གི་མདུན་ན་སྔར་མ་ཎི་ཡིག་དྲུག་རྡོ་ལ་བརྐོས་པ་ཞིག་འདུག་པ་ས་སྐྱ་པཎྜི་ཏའི་ཕྱག་བྲིས་དངོས་ཡིན་པར་གླེང་ཞིང་། ཁོང་གི་སྐུ་རྗེས་སུ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་དང་འགྲོ་མགོན་ཕྱག་ན་རྡོ་རྗེ་གཉིས་འབྲངས་ཡོད་པས་གནས་འདིར་ས་སྐྱ་བས་ཐོག་མར་བྱིན་གྱིས་བརླབས་ཤིང་། གསེར་ཆོས་བཅུ་གསུམ་གྱི་ནང་ཚན་ནཱ་རོ་མཁའ་སྤྱོད་མའི་ཆོས་རྒྱུན་དར་སོ་ཡོད་པ་ཡང་སྔོན་གྱི་རྟེན་འབྲེལ་གྱི་ལྟས་སུ་གླེང་ངོ་།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-27

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།