འབའ་མདོ་མཚམས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབའ་མདོ་མཚམས་ཁང་ལ་ནགས་དམར་མཚམས་ཁང་ཞེས་ཀྱང་བྱ་སྟེ། རྨ་ཆུ་དང་འབའ་ཆུའི་འདུས་མདོ་ན་ཡོད་དོ།། སྔོན་ཡུལ་འདིར་ཀྱལ་རྟ་དམར་པོའི་ནགས་རྫུབས་ཀྱིས་ཁེབས་པས་ནགས་དམར་ཞེས་ཀྱང་གྲགས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
班多静室
རིགས་དབྱེ།
ཆོས་ལུགས་ཀྱི་གནའ་ཤུལ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་།
གནས་ཡུལ།
འབའ་རྫོང་གི་རྨ་ཆུ་དང་འབའ་ཆུའི་འདུས་མདོ་ན་ཡོད།
1 ངོ་སྤྲོད།

འབའ་མདོ་མཚམས་ཁང་ལ་ནགས་དམར་མཚམས་ཁང་ཞེས་ཀྱང་བྱ་སྟེ། རྨ་ཆུ་དང་འབའ་ཆུའི་འདུས་མདོ་ན་ཡོད་དོ།། སྔོན་ཡུལ་འདིར་ཀྱལ་རྟ་དམར་པོའི་ནགས་རྫུབས་ཀྱིས་ཁེབས་པས་ནགས་དམར་ཞེས་ཀྱང་གྲགས་སོ།།

སྒྱུ་ལུས་བརྙེས་པའི་གྲུབ་པའི་དབང་ཕྱུག་ཆེན་མོ་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོས་འབའ་མདོར་ད་ལྟའི་ཐར་ཤུལ་དགོན་པའི་སྔ་དགོན་བཏབ། 1789ལོའི་གོང་ཙམ་ལ་ཨ་རིག་དགེ་བཤེས་ཆེན་མོ་རྒྱལ་མཚན་འོད་ཟེར་གྱིས་ཡུལ་མདོ་སྨད་ཀྱི་རྭ་སྒྲེང་གཉིས་པ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་གླིང་གི་དགོན་ས་འཚོལ་སྐབས་འདིར་སྒྲུབ་པ་ཡུན་རིང་མཛད། ངག་རྒྱུན་སྟར་ན་དགེ་བསྙེན་རབ་གཟིགས་ཐོག་མར་བསྟོད་མཁན་ཁོང་ཉིད་ཡིན་ལ་དེ་ལ་རབ་གཟིགས་ཞེས་པའི་མཚན་གསོལ་མཁན་ཡང་ཁོང་ཉིད་ཡིན་པར་སྨྲ། ཁོང་ཉིད་འདིར་བཞུགས་རིང་གི་གནམ་ལོ་གསར་ཚེས་སྐབས་མདོ་སྨད་ཡོངས་ཀྱི་གཞི་བདག་གི་རྒྱལ་པོ་རྨ་རྒྱལ་སྦོམ་ར་ཆིབས་རྟ་ར་ར་ཞིག་ལ་བཅིབས་ནས་ཁོང་ལ་ལོ་གསར་བསྐྱལ་བའི་ངག་རྒྱུན་ཡོད། དང་པོར་རྭ་རྒྱ་བཀྲ་ཤིས་འབྱུང་གནས་གླིང་འདི་ནས་འདེབས་པའི་ཐུགས་དགོངས་ཡོད་ཀྱང་ཕྱིས་སུ་ཆུ་དགྲ་ལ་འཇིགས་ཏེ་མ་བཏབ་གསུངས། རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་རྨ་ཆུའི་ཕ་རོལ་ནས་དགོངས་པ་རྫོགས་ཏེ་སྐུ་གདུང་རིན་པོ་ཆེ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་གླིང་དུ་གདན་འདྲེན་སྐབས་འདིར་ཞག་བཞུགས་གསོལ། སྐུ་གདུང་རིན་པོ་ཆེ་བཞུགས་སུ་གསོལ་བའི་གནས་དེར་རྡེའུ་འབུམ་བླུགས་པ་ད་ལྟའང་མཇལ་དུ་ཡོད། དེ་བཞིན་སྙིགས་དུས་ཀྱི་འགྲོ་བའི་མགོན་པོ་ཞབས་དཀར་ཚོགས་དྲུག་རང་གྲོལ། རྗེ་གསེར་ཁང་བའི་སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོ། རྗེ་ཁ་གྱ་བ་འཇམ་དབྱངས་དཔལ་ལྡན་སོགས་ཀུན་སྤངས་པ་མང་པོས་ཀྱང་གནས་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-27

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།