དབུས་རི་ཕྱུག་མོའི་སྒྲུབ་ཕུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབུས་རི་ཕྱུག་མོའི་སྒྲུབ་ཕུག་ནི་འབའ་རྫོང་གི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་བརྒྱ་དང་བཞི་བཅུ་ཙམ་གྱིས་ཆོད་པའི་སར། རི་བོ་རྒྱལ་མཚན་གྱི་དབྱིབས་ལྟ་བུ་ལ་ལྷ་ཤིང་ཤུག་པ་དང་འོམ་བུའི་ཚལ་གྱིས་ཡོངས་སུ་ཁེབས་པའི་དབུས་སུ་སྒྲུབ་ཕུག་ཉམས་དགའ་བ་ཞིག་ཡོད་པ་དེ་ཡིན་ཞིང་། དེ་ནི་ཨ་རིག་དགེ་བཤེས་ཆེན་མོས་མཁའ་སྤྱོད་དབང་མོའི་གནས་སུ་ལུང་དུ་བསྟན་པའི་གནས་མཆོག་ཁྱད་པར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卫日秀莫修行岩洞
རིགས་དབྱེ།
ཆོས་ལུགས་ཀྱི་གནའ་ཤུལ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་།
གནས་ཡུལ།
འབའ་རྫོང་གི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་བརྒྱ་དང་བཞི་བཅུ་ཙམ་གྱིས་ཆོད་པའི་སར་ཡོད།
1 ངོ་སྤྲོད།

དབུས་རི་ཕྱུག་མོའི་སྒྲུབ་ཕུག་ནི་འབའ་རྫོང་གི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་བརྒྱ་དང་བཞི་བཅུ་ཙམ་གྱིས་ཆོད་པའི་སར། རི་བོ་རྒྱལ་མཚན་གྱི་དབྱིབས་ལྟ་བུ་ལ་ལྷ་ཤིང་ཤུག་པ་དང་འོམ་བུའི་ཚལ་གྱིས་ཡོངས་སུ་ཁེབས་པའི་དབུས་སུ་སྒྲུབ་ཕུག་ཉམས་དགའ་བ་ཞིག་ཡོད་པ་དེ་ཡིན་ཞིང་། དེ་ནི་ཨ་རིག་དགེ་བཤེས་ཆེན་མོས་མཁའ་སྤྱོད་དབང་མོའི་གནས་སུ་ལུང་དུ་བསྟན་པའི་གནས་མཆོག་ཁྱད་པར་བ་ཞིག་ཡིན་པར་མ་ཟད། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་རྗེ་གསེར་ཁང་བ་ཆེན་མོས་གནས་སྒོ་ཕྱེས་ཏེ་བཅད་རྒྱར་བཞུགས་ནས་སྤྱན་རས་གཟིགས་ཁ་སར་བ་ཎིའི་ཞལ་དངོས་སུ་གཟིགས་པའི་གནས་ཀྱང་ཡིན་པར་གྲགས་སོ།།  

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-27

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།