རེབ་གོང་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རེབ་གོང་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
རེབ་གོང་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ནི་སྤྱི་ལོ2001ལོའི་ཟླ9པར་གསར་དུ་བཙུགས་ཤིང་། ད་ལྟ་སློབ་ཞུགས་སློབ་མ1232ལ་སླེབས་ཤིང་། དེའི་ནང་དུ་སློབ་འབྲིང་སློབ་མ690དང་སློབ་ཆུང་སློབ་མ542ཡོད། འཛིན་གྲྭ20ཡོད་པ་དང་། དམའ་འབྲིང་ལ་འཛིན་གྲྭ12དང་སློབ་ཆུང་ལ་འཛིན་གྲྭ8ཡོད། སློབ་གྲྭ་ཡོངས་ལ་དགེ་བཟོ་བ68ཡོད་པ་དང་། ཆེད་གཉེར་དགེ་རྒན62ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
同仁县民族寄宿制学校
ལ་ཏིང་གི་མིང་།
reb gong rtzong mi rigs bcar sdob slob gra
བཙུགས་ལོ།
2001ལོའི་ཟླ9
རིགས་དབྱེ།
གཞུང་བཙུགས་སློབ་གྲྭ།
གཙོ་གཉེར་སྡེ་ཁག
རྨ་ལྷོ་ཁུལ་རེབ་གོང་རྫོང་སློབ་གསོ་ཅུའུ།
སློབ་གཙོ།
དཔའ་མཁར་ཚེ་རིང་།
གནས་ཡུལ།
རྨ་ལྷོ་ཁུལ་རེབ་གོང་རྫོང་།
1 ​ངོ་སྤྲོད།

རེབ་གོང་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ནི་སྤྱི་ལོ2001ལོའི་ཟླ9པར་གསར་དུ་བཙུགས་ཤིང་། ད་ལྟ་སློབ་ཞུགས་སློབ་མ1232ལ་སླེབས་ཤིང་། དེའི་ནང་དུ་སློབ་འབྲིང་སློབ་མ690དང་སློབ་ཆུང་སློབ་མ542ཡོད། འཛིན་གྲྭ20ཡོད་པ་དང་། དམའ་འབྲིང་ལ་འཛིན་གྲྭ12དང་སློབ་ཆུང་ལ་འཛིན་གྲྭ8ཡོད། སློབ་གྲྭ་ཡོངས་ལ་དགེ་བཟོ་བ68ཡོད་པ་དང་། ཆེད་གཉེར་དགེ་རྒན62ཡོད་པའི་ནང་། མཐོ་རིམ་ལས་ཐོབ་ཀྱི་དགེ་རྒན12དང་འབྲིང་རིམ་ལས་ཐོབ་ཀྱི་དགེ་རྒན44དམའ་རིམ་ལས་ཐོབ་ཀྱི་དགེ་རྒན6བཅས་ཡོད་ལ། སྤྱི་གཉེར་མི་སྣ5དང་སློབ་གྲྭའི་སྨན་པ1 གནས་སྐབས་གདན་ཞུའི་དགེ་རྒན2ཡོད། སློབ་གྲྭར་ཏང་ཀྲི་པུའུ་དང་སློབ་སྟོན་ཁང་། སྲིད་སྟོན་ཁང་། སྤྱི་གཉེར་ཁང་། ཐོན་ཨུ། ལོ་ཆུང་གདོང་ལེན་རུ་ཁག བཟོ་ཚོགས། བུད་མེད་ལྷན་ཚོགས་བཅས་སྒྲིག་གཞི་ཆ་ཚང་བར་བཙུགས་ཡོད།

སློབ་གྲྭའི་ས་ཁྱོན་ལ་སྨི་གྲུ་བཞི་མ7985ཡོད་པ་དེའི་ནང་། སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་སོགས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་བསྡོམས་པས་སྨི་གྲུ་བཞི་མ5645ཡོད་ལ། སློབ་གྲྭ་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ7584ཡོད། སློབ་གྲྭར་སྨྱན་མང་གཟུགས་ཀྱི་སློབ་ཁང11དང་། ཚོད་ལྟའི་དཔྱད་ཆས་ཁང2དཔེ་མཛོད་ཁང་དང་རོལ་དབྱངས་སློབ་ཁང་སོགས་ཀྱི་ཆ་རྐྱེན་ཡང་བསྐྲུན་ཡོད། ངེད་སློབ་གྲྭས་སློབ་མར་གཅེས་སྐྱོང་བྱེད་པ་དང་། ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བ། ཁྱིམ་བདག་ལ་ཞབས་ཕྱི་བསྒྲུབ་པ། སྤྱི་ཚོགས་ལ་དྲིན་གཟོ་བྱེད་པ་བཅས་སློབ་སྒྲུབ་ཀྱི་དམིགས་འབེན་དུ་བཟུང་སྟེ། དེ་རིང་གི་བརྩོན་པ་ནི་སང་ཉིན་གྱི་སྟོབས་ཤུགས་ཡིན་པར་དམ་བཅའ་ཡང་མཛད་ཡོད། ངེད་སློབ་གྲྭ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་རིམ་པའི་དཔལ་ཡོན་སློབ་རར་བདམས་ཡོད་པ་མ་ཟད། སློབ་གྲྭའི་ཞབས་བྲོ་རུ་ཁག་གིས་རྨ་ལྷོ་ཁུལ་གྱི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྐོར་བྲོ་འགྲན་སྡུར་ལ་ཞུགས་པར་བྱ་དགའ་ཨང་གསུམ་པ་ཐོབ། སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་དེ། ཉེ་བའི་ལོ་འགའི་ནང་རྫོང་ཡོངས་ཀྱི་མཉམ་རྒྱུགས་དང་འབྲིང་རྒྱུགས་སྣ་ཚོགས་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་དེ། སྤྱི་ལོ2012ལོ་ནས་བཟུང་བསྟུད་མར་ལོ་གསུམ་ལ་འབྲིང་རྒྱུགས་ཀྱི་རྒྱུགས་འབྲས་རྫོང་ཡོངས་ཀྱི་ཨང་དང་པོ་ཐོབ་ཡོད། སྤྱི་ལོ2013ལོར་རྫོང་ཡོངས་ཀྱི་མཉམ་རྒྱུགས་ཁྲོད་ལོ་རིམ་ལྔ་བའི་རྒྱུགས་འབྲས་དེ་རྫོང་ཡོངས་ཀྱི་ཨང་གཉིས་པ་དང་། དམའ་འབྲིང་གཉིས་པའི་རྒྱུགས་འབྲས་ནི་རྫོང་ཡོངས་ཀྱི་ཨང་དང་པོ་དང་ལོ་དེའི་འབྲིང་རྒྱུགས་ཀྱི་རྒྱུགས་འཕྲོད་ཚད་ནི68.9%ལ་སླེབས་པས་རྫོང་ཡོངས་ཀྱི་ཨང་དང་པོ་ཐོབ་མྱོང་། སྤྱི་ལོ2014ལོར་འབྲིང་རྒྱུགས་ཀྱི་རྒྱུགས་འཕྲོད་ཚད་ནི75.9%ལ་སླེབས་པས་རྨ་ལྷོ་ཁུལ་གྱི་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། ལོ་དེའི་ཟླ་བདུན་པར་སྐབས་དང་པོའི་ལྗོངས་ཞིང་ལྔ་ཡི་སློབ་གྲྭ་ཆུང་འབྲིང་གི་བོད་རྩོམ་འགྲན་སྡུར་ཁྲོད་ངེད་སློབ་གྲྭའི་སློབ་མ30ཞུགས་པ་དེའི་ནང་ནས་མི17ལ་རིམ་པ་མི་འདྲ་བའི་བྱ་དགའ་ཐོབ་པ་དང་། ཐེངས་དེ་ནི་རང་ཁུལ་གྱི་སློབ་མ་འགྲན་སྡུར་ལ་ཞུགས་པ་ཆེས་མང་ཞིང་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་ཚད་ཆེས་མང་བའི་མི་རིགས་སློབ་གྲྭར་གྱུར་ཡོད། སྤྱི་ལོ2015ལོའི་འབྲིང་རྒྱུགས་ཁྲོད་རྒྱུགས་འཕྲོད་ཚད64%ལ་སླེབས་པ་དང་རྫོང་ཡོངས་ཀྱི་ཨང་གཉིས་པ་བླངས་ཡོད་པས། རྫོང་སྲིད་གཞུང་དང་སློབ་གསོ་ཅུའུ་ཡིས་རྫོང་ཡོངས་ཀྱི་བསླབ་འབྲས་ཕུལ་བྱུང་ཅན་གྱི་བྱ་དགའ་གནང་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-15

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།