ཚོ་བཞིའི་སྨན་ཆུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོ་བཞིའི་སྨན་ཆུ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་ཚོ་བཞི་སྡེ་བའི་གོང་རོལ་གྱི་བྲག་སེང་གེ་ཞེས་པའི་འདབས་རོལ་དུ་ཡོད་པའི་ཆུ་བོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
措玉药泉
ལ་ཏིང་གི་མིང་།
tso bzhivi sman chu
རིགས་དབྱེ།
ཆུ་བོ།
གནས་ཡུལ།
རེབ་གོང་རྫོང་རོང་བོ་གྲོང་རྡལ་ཚོ་བཞི་སྡེ་བའི་གོང་རོལ་གྱི་བྲག་སེང་གེ་ཞེས་པའི་འདབས་རོལ་དུ་ཡོད།
1 ངོ་སྤྲོད།

ཚོ་བཞིའི་སྨན་ཆུ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་ཚོ་བཞི་སྡེ་བའི་གོང་རོལ་གྱི་བྲག་སེང་གེ་ཞེས་པའི་འདབས་རོལ་དུ་ཡོད། འབྲི་གུང་བླ་མ་རིན་ཆེན་བཟང་པོ་དཔོན་སློབ་འཁོར་བཅས་ཀྱིས་བདེ་མཁར་ལ་ཁ་ཞེས་པའི་གནས་དེ་གཞི་འཛིན་སྐབས་སྨན་ཆུ་དེ་ཕུད་པར་གྲགས།

སྨན་ཆུ་དེ་ནད་རིགས་སྤྱི་དང་ལྷག་པར་དུ་ཕོ་བའི་དུག་ཚད་དང་མ་ཞུ་བ་གསར་རྙིང་ཀུན་ལ་ཕན། མཆིན་པའི་ཚ་བའི་ནད་རིགས་བཅུ་གསུམ་འཇོམས། མཁྲིས་ནད་སྤྱི་དང་ཁྱད་པར་མཁྲིས་ཚད་ཀུན་ལ་ཕན། མདོར་ན་ཕོ་མཆིན་མཁྲིས་པའི་གཅོང་ནད་ཅི་རིགས་མི་སེལ་བ་མེད་པ་སོགས་ཕན་ནུས་ཧ་ཅང་ཆེ་བར་འདུག



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-06

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།