སྟག་ལུང་མཚོ་རྒན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟག་ལུང་མཚོ་རྒན་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་སྟག་ལུང་སྡེ་བའི་དབྱར་ས་རུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི4347དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ100ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德合隆湖
ལ་ཏིང་གི་མིང་།
stag lung mtsho rgan
མིང་གཞན།
བ་ཡན་གནམ་མཚོ།
རིགས་དབྱེ།
མཚོ།
རྒྱ་ཁྱོན།
སྨི་གྲུ་བཞི་མ100ལྷག
གནས་ཡུལ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་བྱ་དར་སྡེ་བའི་མངའ་ཁོངས་སུ་ཡོད།
1 ངོ་སྤྲོད།

སྟག་ལུང་མཚོ་རྒན་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་སྟག་ལུང་སྡེ་བའི་དབྱར་ས་རུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི4347དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ100ལྷག་ཡོད། ད་ལྟ་རྩེ་ཁོག་རྫོང་བོན་བརྒྱ་ཡུལ་ཚོ་སྟག་ལུང་སྡེ་བའི་དབྱར་སར་གཏོགས། སྟག་ལུང་མཚོ་རྒན་ནི་སྟག་ལུང་སྡེ་བའི་སྟེང་ཕྱོགས་ན་ཡོད་པས་མིང་ཡང་དེ་ལྟར་དུ་ཐོགས་པ་ཡིན་ལ། མིང་གཞན་ལ་བ་ཡན་གནམ་མཚོའང་ཟེར། དབྱར་དགུན་སྟོན་དཔྱིད་མེད་པར་མཚོ་ངོས་དྭངས་ཤིང་གཙང་ལ། དགུན་དུས་དར་ཆགས་དུས་ཁྱད་པར་དུ་སྒྱུ་འཕྲུལ་གྱི་མེ་ལོང་ཞིག་དང་གཉིས་སུ་མེད། དེའང་ངག་རྒྱུན་ལ་ཉི་བཟང་སྐར་བཟང་གི་དུས་སུ་མཚོ་ནང་ནས་འཇའ་འོད་འཁྲིགས་པ་དང་། དྲི་བཟའ་འཐུལ་བ། སྒྲ་སྙན་ཐོས་པ་སོགས་ངོ་མཚར་བའི་ལྟས་མང་པོ་ཡོད་ཟེར་ཞིང་། མཚོ་ནང་དུ་སྦལ་ལྕོང་དང་ངང་ངུར་མང་ལ། མཚོ་ཁར་མེ་ཏོག་སེར་ཆེན་དང་། མེ་ཏོག་སྟག་ཆུང་སོགས་ཁྲ་ལམ་མེར་བཞད་ཡོད།


བརྡ་འགྲེལ་གདོང་འཛར།

ས་ཁམས། ཆུ་བོ། མཚོ་དང་མཚེའུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-06

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།