བོན་པོ་རིང་ལམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོན་པོ་རིང་ལམ་ལུང་བ་ནི་མགར་རྩེ་ཡུལ་ཚོ་སྲིད་གཞུང་གི་ནུབ་ལྷོ་རུ་སྤྱི་ལེ14.7ཕྱིན་པའི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
温保让兰木
ལ་ཏིང་གི་མིང་།
bon po ring lam
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་རེབ་གོང་རྫོང་མགར་རྩེ་ཡུལ་ཚོ།
རིགས་དབྱེ།
ལུང་བ།
རིང་ཚད།
སྤྱི་ལེ5.5།
ཆ་སྙོམས་ཀྱི་ཞེང་ཚད།
སྨི100།
གནས་ཡུལ།
རེབ་གོང་རྫོང་མགར་རྩེ་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཡོད།
1 ​ངོ་སྤྲོད།

བོན་པོ་རིང་ལམ་ལུང་བ་ནི་མགར་རྩེ་ཡུལ་ཚོ་སྲིད་གཞུང་གི་ནུབ་ལྷོ་རུ་སྤྱི་ལེ14.7ཕྱིན་པའི་མཚམས་སུ་ཡོད་དེ། ལྷོ་བྱང་གི་ཕྱོགས་སུ་མཆེད་ཅིང་། ལུང་བའི་རིང་ཚད་ལ་སྤྱི་ལེ5.5དང་ཆ་སྙོམས་ཀྱི་ཞེང་ཚད་ལ་སྨི100ཡོད་ལ། ལུང་བའི་ནང་རྟག་ཏུ་བཞུར་བའི་ཆུ་ཕྲན་ནི་ཀླུ་ཆུ་ཐང་དུ་འབབ་པ་རེད། ལུང་བའི་འགྲམ་གཉིས་སུ་གཟན་རྩྭ་དང་ཤིང་ཕྲན་གྱི་ཚལ་རྒྱས་ཤིང། མདོ་བ་ཡུལ་ཚོ་རུ་བགྲོད་པར་སྟབས་བདེའི་གཞུང་ལམ་འདི་བརྒྱུད་དགོས།

ངག་སྒྲོས་སུ་སྔོན་ཆད་གནས་འདིར་བོན་ལ་དད་པའི་དགེ་ཕྲུག་བཞུགས་མྱོང་བ་མ་ཟད། ལམ་ཐག་ཀྱང་ཅུང་རིང་བར་བཤད་པས་མིང་ཡང་དེ་ལྟར་ཐོགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-03

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།