ན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

༡ བོད་ཡིག་གི་གསལ་བྱེད་སུམ་ཅུའི་བཅུ་གཉིས་པ། ༢ མིའི་ལོ་ཚོད། ༣ རླན་ཆེ་བ་དང་ཆུ་འཁྱིལ་མང་པོ་ཡོད་པའི་སྤང་། ༤ ལ་དོན་རྣམ་པ་བདུན་གྱི་ནང་ཚན་ཕྲད་རང་དབང་ཅན། ༥ རྒྱུ་མཚན་བཀོད་ནས་གལ་འཛུགས་པ་དང་གཞུང་འཛུགས་པ། ༦ ནད་བྱུང་བའམ་ན་ཟུག་ལངས་པ།
1 ལོ་ཙཱ།

རྒྱ་ཡིག 藏文第十二字母,若,水草地,年纪,介词的记号,虽然

དབྱིན་ཡིག 1.the letter 2.if 3.when, as 4.to in at 5.to be sick, to be ill 6.wishing or hoping the verb will occur

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①བོད་ཡིག་གི་གསལ་བྱེད་སུམ་ཅུའི་བཅུ་གཉིས་པ།  ②མིའི་ལོ་ཚོད་དེ། ན་མཉམ།  ན་ཟླ། ན་ཆུང་།  ན་གཞོན།  ན་ཕྲ་ལྟ་བུ།  ③རླན་ཆེ་བ་དང་ཆུ་འཁྱིལ་མང་པོ་ཡོད་པའི་སྤང་གི་མིང་སྟེ། ན་ཐང་།  ན་ཆུ།  ན་རྩྭ་ལྟ་བུ།  ④སྦྱོར་ཚིག  ལ་དོན་རྣམ་པ་བདུན་གྱི་ནང་ཚན་ཕྲད་རང་དབང་ཅན་ཏེ།  ཆུ་ནང་ན་ཉ་ཡོད་ལྟ་བུས་གནས་སྟོན་པ་དང་།  ཡི་གེ་སློབ་པའི་དུས་ན་ཞེས་པས་དུས་སྟོན་པ་ལྟ་བུ།  ⑤སྦྲེལ་ཚིག རྒྱུ་མཚན་བཀོད་ནས་གལ་འཛུགས་པ་དང་གཞུང་འཛུགས་པ་ནི།  སྨན་པ་ཞིག་ཡིན་ན་གསོ་རིག་ལ་མཁས་དགོས་ལྟ་བུ།  རྒྱུ་འབྲས་ཀྱི་འབྲེལ་བ་སྟོན་པ་ནི།  སྨན་བསྟེན་ན་ནད་སོས་ལྟ་བུ།  སྨོན་པའི་ཚིག་འདྲེན་པ་ནི།  ང་ཡང་སྨན་པ་ཞིག་བྱེད་རྒྱུ་བྱུང་ན་ཅི་མ་རུང་ལྟ་བུ།  དོན་གཞན་སྟོན་པའི་ཚིག་འདྲེན་པ་ནི།  ཁོས་ཡི་གེ་མི་ཤེས་ནའང་སྐད་རིགས་མང་པོ་ཤེས་ལྟ་བུ།  བྱེད་མེད་ལས་ཚིག  ནད་བྱུང་བའམ་ན་ཟུག་ལངས་པ་སྟེ།  མགོ་ན་བ།  ལྟོ་བ་ན་བ་ལྟ་བུ། 

2.བརྡ་དག་མིང་ཚིག་གསལ་བ་ལས།(原注缺)若,假若,如果。【增】1.藏文第二十字母,假借用数目十二。2.表示“稳固”“不变”,又指坚信三宝。在密教中指未来,又说明诸法名色的知识,即事物,又指恶运。3.或ན་ག牧场,水草地。   4.后藏 གར地方的古名。5.﹦ན་ཚོད或 ན་སོ། 年纪,一生。6.介词的记号。用于实体词之后,有“向”“之内”“之中”之义。7.置于动词之后,表示“正在做某事”,或“当做此事时”。8.置于实体词或动词具格(第三啭声)后的虚字,如དེ་བས་ན། 也置于词尾之后,如 ཇི་ལྟར་ན།  གཅིག་ཏུ་ན། 9.虽然,纵然。10.常与 ནམ同用,如 ནམ་དུས་ལ་བབ་ན། ﹝达﹞病痛,如 ན་ཚ། 疾病,  ན་བ།  害病。﹝本﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  བོད་ཡིག་གསལ་བྱེད་བཅུ་གཉིས་པ།  སྐྱེ་གནས་སོ་སྣ་དང་བཅས་པ་དང་།  བྱེད་པ་ལྕེ་རྩེ།  ནང་གི་རྩོལ་བ་སོ་ལྕེ་ཕྲད་པ་དང་།  ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། ①མིང་གཞིའི་ཤིན་ཏུ་མོའི་ཡི་གེ་ཞིག སྒྲ་གདངས་ལྷོད་པ།②རྗེས་འཇུག་གི་མ་ནིང་ཡི་གེ་ཞིག③མིའི་ལོ་གྲངས་ཀྱི་ཚོད།  ལོ་ན་མཐོན་པོ།  ཕྲུ་གུ་ནར་མ་སོན་པ།  ④ལོ་ལྔ་ལོ་ན་པའི་རྟ་དྲེལ་གྱི་ལོ།  ⑤ཆུ་རླན་ཆེ་བའམ་ཆུ་འཁྱིལ་མང་པོ་ཡོད་པའི་སྤང་ལྗོངས།  རྐྱང་ཁ་དཀར་རྨིག་བཞི་ན་ལ་ཟུག  ⑥ཚིག་ཕྲད་ན་ཡིག དམིགས་ཀྱིས་དབྱེ་བ།  དངོས་སུ་ན།  མདོར་བསྡུས་ན།  ཡིན་གྲང་ན།  ⑦རྒྱུ་མཚན་སྟོན་པ།  མེ་ཡོད་ན་དུ་བ་འབྱུང་།    ས་བོན་བཏབ་ན་འབྲས་བུ་སྐྱེ།  ⑧རྒྱུ་མཚན་དོན་གྱིས་སྟོན་པ།  ནད་མེད་ན་སྨན་པ་ཅིའི་ཕྱིར་བསྟེན།  ཆང་མ་བཏུངས་ན་ར་བཟི་དོན་མེད།  ཆུ་མེད་ན་ཉ་ག་ལ་ཡོང་།  ⑨ཚིག་འགལ་བར་སྟོན་པ།  ཁོ་རང་མཁས་པ་ཡིན་པར་གྲགས་ནའང་བཟང་ངན་གྱི་དབྱེ་བ་འབྱེད་མི་ཤེས་པའི་རྨོངས་པ་ཞིག་རེད་འདུག ⑩འོས་པར་དཀའ་བ། ཁྱི་ལའང་འཇིགས་ན་སེང་གེ་ལ་བཤད་མི་དགོས།  མི་རྒན་པས་འཁུར་མི་ཐུབ་ན་ཕྲུ་གུས་ལྟ་ཅི་སྨོས།  ནད་པ་དེ་ཕར་ཚུར་འགྲོ་ཐུབ་ན་ཡར་ལང་ཐུབ་པ་སྨོས་ཅི་འཚལ། ⑾ཕྱི་ཚིག་ངེས་པར་བྱེད་པ།  དུད་འགྲོ་རྣམས་ཤིན་ཏུ་རྨོངས་ན་མིའང་དེ་ལྟར་འདུག  འབྲོག་པས་ཞིང་འདེབས་མི་ཤེས་ན་སོ་ནམ་པས་ཞིང་ཁ་འདེབས་མི་ཤེས་པའང་འདུག  ⑿སྨོན་པ།  ངལ་རྩོལ་མི་དམངས་ཚང་མ་ཕྱུག་པོ་ཆགས་ན་ཅི་མ་རུང་།  ⒀ཐེ་ཚོམ་སྟོན་པ།  ས་བོན་ཅི་བཏབ་ཟིན་ན་འདི་ལས་མྱུ་གུ་འབྱུང་ངམ་མི་འབྱུང་།  སྨན་བཏང་ཡོད་ན་ནད་ཨེ་སོས་མི་སོས།  གདན་འདྲེན་ཞུས་ཟིན་ན་ཁོ་ཡོང་ངམ་མི་ཡོང་།  ⒁ལ་དོན་ཞིག

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  བོད་ཡིག་གསལ་བྱེད་བཅུ་གཉིས་པ་འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་སོ་སྣ་དང་བཅས་པ་དང༌། བྱེད་པ་ལྕེ་རྩེ། ནང་གི་རྩོལ་བ་སོ་ལྕེ་ཕྲད་པ་དང༌། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། 藏文第十二字母。此字母发音情形:传说中其静发音位在齿及鼻,动发音位在舌尖,口内动态为齿舌全阻,口外动态为不送气浊音。今前藏读为舌尖前鼻浊音,相当于汉语拼音字母n,国际音标n。低升调。藏文的辅音字母不加元音符号时,都含有元音a,所以这个字母的读音相当于汉拼的na。❶[1]མིང་གཞིའི་ཤིན་ཏུ་མོའི་ཡི་གེ་ཞིག极弱音语基字母之一。[2]རྗེས་འཇུག་གི་མ་ནིང་ཡི་གེ་ཞིག中强音后加字母之一。❷名词。[1]མིའི་ལོ་གྲངས་ཀྱི་ཚོད། 年龄,岁数。ལོ་ན་མཐོན་པོ། 年高。ཕྲུ་གུ་ནར་མ་སོན་པ། 孩子年幼。[2]ལོ་ལྔ་ལོན་པའི་རྟ་དྲེལ་གྱི་ལོ། 新齿岁。骡马生后五年,乳齿脱尽,新齿生齐,即称满一新齿岁。[3]ཆུ་རླན་ཆེ་བའམ་ཆུ་འཁྱིལ་མང་པོ་ཡོད་པའི་སྤང་ལྗོངས། 水草地,水草茂盛的地方。རྐྱང་ཁ་དཀར་རྨིག་བཞི་ན་ལ་ཟུག  野马四蹄陷入草泽地中。❸ཚིག་ཕྲད་ན་ཡིག连词ན字。藏语语法学中此字用于列各处:[1]དམིགས་ཀྱིས་དབྱེ་བ། 苟,若果,表正面虚拟的连词:དངོས་སུ་ན། 若果在实际上说。མདོར་བསྡུས་ན། 若果总括起来说。ཡིན་གྲང་ན། 若是。[2]རྒྱུ་མཚན་སྟོན་པ། 因为,由于,陈述理由的连词:མེ་ཡོད་ན་དུ་བ་འབྱུང༌། 有火故有烟。ས་བོན་བཏབ་ན་འབྲས་བུ་སྐྱེ། 播了种子所以结果。[3]རྒྱུ་མཚན་དོན་གྱིས་སྟོན་པ། 苟,若果,表反面虚拟:ནད་མེད་ན་སྨན་པ་ཅིའི་ཕྱིར་བསྟེན། 若是无病,何故就医。ཆང་མ་བཏུངས་ན་ར་བཟི་དོན་མེད། 若无喝酒,何至于醉。ཆུ་མེད་ན་ཉ་ག་ལ་ཡོང༌། 如果没有水,哪儿会有鱼。[4]ཚིག་འགལ་བར་སྟོན་པ། 虽,纵然,引出矛盾的连词。ཁོ་རང་མཁས་པ་ཡིན་པར་གྲགས་ནའང་བཟང་ངན་གྱི་དབྱེ་བ་འབྱེད་མི་ཤེས་པའི་རྨོངས་པ་ཞིག་རེད་འདུག他虽自称聪明,却是不辨好坏的蠢材。[5]འོས་པར་དཀའ་བ། 况且,连都,表出乎常理的连词。ཁྱི་ལའང་འཇིགས་ན་སེང་གེ་ལ་བཤད་མི་དགོས། 连狗的害怕,何况是狮子。མི་རྒན་པས་འཁུར་མི་ཐུབ་ན་ཕྲུ་གུས་ལྟ་ཅི་སྨོས། 成年人都拿不起,何况是小孩。ནད་པ་དེ་ཕར་ཚུར་འགྲོ་ཐུབ་ན་ཡར་ལང་ཐུབ་པ་སྨོས་ཅི་འཚལ། 那个病人来去都能走动了,何况是起立。[6]ཕྱི་ཚིག་ངེས་པར་བྱེད་པ། 当然,理应。以常理加重下文语气的连词。དུད་འགྲོ་རྣམས་ཤིན་ཏུ་རྨོངས་ན་མིའང་དེ་ལྟར་འདུག  畜生当然很蠢,岂有人亦如是。འབྲོག་པས་ཞིང་འདེབས་མི་ཤེས་ན་སོ་ནམ་པས་ཞིང་ཁ་འདེབས་མི་ཤེས་པའང་འདུག牧民可能有不会种地的,岂有农民也不会种地的。[7]སྨོན་པ། 但愿,焉得。表羡慕的连词。ངལ་རྩོལ་མི་དམངས་ཚང་མ་བཅིངས་འགྲོལ་ཐོབ་ན་ཅི་མ་རུང༌། 但愿劳动人民都得解放,那该多么好啊!8]ཐེ་ཚོམ་སྟོན་པ། 是倒是。表犹疑的连词。ས་བོན་ནི་བཏབ་ཟིན་ན་འདི་ལས་མྱུ་གུ་འབྱུང་ངམ་མི་འབྱུང༌། 种子倒是播了,会不会发芽呢?སྨན་བཏང་ཡོད་ན་ནད་ཨེ་སོས་མི་སོས། 药倒是服了,病会不会好呢?གདན་འདྲེན་ཞུས་ཟིན་ན་ཁོ་ཡོང་ངམ་མི་ཡོང༌། 请倒是请了。但他会不会来呢?4ལ་དོན་ཞིག 介词。藏语语法学中判位ལ字之一。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག  ①བོད་ཡིག་གི་གསལ་བྱེད་བཅུ་གཉིས་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་སོ་དང། བྱེད་པ་ལྕེའི་རྩེ་མོ། སྒྲ་འབྱིན་ཚུལ་ཆེས་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་ཤིན་ཏུ་མོའི་ཡི་གེ་ཞིག ②མིའམ་སེམས་ཅན་གྱི་ལོ་གྲངས་སྟོན་བྱེད་ལ་འཇུག་སྟེ། དཔེར་ན། དགུང་ན་སོན་པའི་རྒྱལ་སྲས། བུ་ཕྲུག་ལོ་ན་སོན་པ། ལོ་ན་རྒས་པའི་དབང་གིས་གཟུགས་གསལ་པོ་མི་མཐོང་ལྟ་བུ། ③ལོ་ལྔ་ལོན་པའི་རྟ་དང་དྲེལ་གྱི་ལོ་ལ་ཟེར། ④ཆུ་རླན་ཆེ་བའམ་ཆུ་འཁྱིལ་མང་པོ་ཡོད་པའི་སྤང་ལྗོངས། དཔེར་ན། གཡག་ན་འདམ་ལ་ཟུག ན་ཁུག་ཏུ་སྐྱེས་པའི་རྩྭ་ལྟ་བུ།  ཕྲད་ཚིག ①དམིགས་ཀྱིས་འབྱེད་པའི་དོན་ལ་འཇུག་པར་བཤད་དེ། དཔེར་ན། མདོར་བསྡུས་ན། ཧྲིལ་གྱིས་དྲིལ་ན། ཡིན་གྲང་ན་ལྟ་བུ། ②རྒྱུ་མཚན་སྟོན་བྱེད་དུ་འཇུག་པར་བཤད་དེ། དཔེར་ན། འབད་བརྩོན་བྱས་ན་འབྲས་བུ་འཐོབ། མེ་ཡོད་ན་དུ་བ་འབྱུང་ལྟ་བུའོ། ། ③རྒྱུ་མཚན་དོན་གྱིས་སྟོན་བྱེད་དུ་འཇུག་པར་བཤད་དེ། དཔེར་ན། དཀའ་ལས་མ་བརྒྱབ་ན་འབྲས་བུ་འཐོབ་དོན་མེད། ཆང་མ་བཏུང་ན་ར་ཅིའི་ཕྱིར་བཟི་ལྟ་བུ། ④ཚིག་འགལ་བར་སྟོན་བྱེད་དུ་འཇུག་པར་བཤད་དེ། དཔེར་ན། ཁོ་སྔོན་ཆད་སྤྲང་པོ་ཞིག་ཡིན་ན་ད་ནི་དབུལ་པོ་མ་ཡིན་ནོ་ལྟ་བུ། ⑤འོས་པར་དཀའ་བ་སྟེ་མི་འོས་པའི་ཆག་གམ་ཚོད་འཛིན་པའི་སྒོ་ནས་ཚིག་དོན་ཕྱི་མ་ངེས་པར་བྱེད་པའི་དོན་ལ་འཇུག་པར་བཤད་དེ། དཔེར་ན། སྤུན་མཆེད་ཀྱིས་ཀྱང་བརྙད་འཚོལ་ན་མི་གཞན་གྱིས་ལྟ་ཅི་སྨོས། ལྷས་བཏུད་ན་མིས་ལྟ་ཅི་སྨོས་ལྟ་བུ། ⑥ འོས་པ་ནན་གྱིས་བཟུང་ནས་ཕྱི་ཚིག་ངེས་པར་བྱེད་པའི་དོན་དུ་འཇུག་པར་བཤད་དེ། དཔེར་ན། དུད་འགྲོ་རྣམས་བླུན་པ་ཉིད་ན་མིའང་དེ་ལྟ་བུ་དག་མཐོང་ངོ་། ། འབྲོག་པས་ཞིང་འདེབས་མི་ཤེས་ན་སོ་ནམ་པས་ཞིང་ཁ་འདེབས་མི་ཤེས་པའང་འདུག་ཅེས་པ་ལྟ་བུ། ⑦སྨོན་པའི་དོན་ལ་འཇུག་པར་བཤད་དེ། དཔེར་ན། འགྲོ་བ་མིའི་རང་དབང་དང་ལྡན་ན་ཅི་མ་རུང། ཨ་མར་ངོ་འཕྲད་ན་ཅི་མ་རུང་ལྟ་བུ།⑧ཐེ་ཚོམ་སྟོན་བྱེད་དུ་འཇུག་པར་བཤད་དེ། དཔེར་ན། གདན་འདྲེན་ཞུ་ཡིག་བཏང་ཟིན་ན་ཁོང་ཕེབས་སམ་མི་ཕེབས། གཤག་བཅོས་བྱས་ཟིན་ན་ན་ཚ་དྲག་སྐྱེད་ཡོང་ངམ་མི་ཡོང་ལྟ་བུ། ⑨ལས་སུ་བྱ་བ་ལ་འཇུག་པ། ལ་དོན་གྱི་ན་ཡིག་སྦྱར་བའི་གཞི་དེ་ལ། བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང་། བྱེད་འགྱུར་གང་རུང་སྟོན་པ་ལ་འཇུག་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ། དཔེར་ན། ས་གཞི་ན་འབྲས་འདེབས། ནང་ན་ཡི་གེ་འབྲི་ལྟ་བུ། ⑩དགོས་ཆེད་ལ་འཇུག་པ། ན་ཡིག་སྦྱར་བའི་ཚེ་ན། བྱེད་པ་པོ་ཅི་རིགས་ཤིག་གིས་རང་གི་དགོས་པའམ་བྱ་བའི་ཡུལ་གྱི་དགོས་པ་ཞིག་བསྒྲུབ་པའི་ཆེད་དུ་བྱ་བ་ཞིག་བྱེད་པར་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ། དཔེར་ན། རིག་པ་སློབ་ན་བརྩོན་འགྲུས་བྱེད། སྐོམ་ན་ཇ་འཐུང་ལྟ་བུ། ⑾རྟེན་གནས་ལ་འཇུག་པ། ན་ཡིག་སྦྱར་ཚེ་དངོས་པོ་གང་ཞིག་གང་དུ་ཡོད་པར་སྟོན་པར་བྱེད་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ། དཔེར་ན། ཐབ་ན་མེ་ཡོད། ཁང་ཐོག་ན་བྱ་ཡོད་ལྟ་བུ།   ⑿དེ་ཉིད་ལ་འཇུག་པ། ལ་དོན་གྱི་ན་ཡིག་སྦྱར་ས་དེའི་ངོ་བོར་གྲུབ་པའམ་དེ་ཉིད་དུ་ངེས་པར་སྟོན་པ་དོན་གྱི་ཆ་ནས་ཡུལ་དང་བྱ་བ་སོ་སོར་ཕྱེད་དུ་མེད་པ་ཞིག་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ། དཔེར་ན། བཏགས་ཙམ་ན་སྣང་། སོ་ན་གནས། དེ་ཁོ་ན་ཉིད་ལྟ་བུ། ⒀ཚེ་སྐབས་ལ་འཇུག་པ། དུས་དང་སྐབས་སྟོན་པའི་མིང་མཐར་ལ་དོན་གྱི་ན་སྒྲའི་ཕྲད་སྦྱར་ནས། བྱ་བ་གང་ཞིག་གམ་འགྱུར་ལྡོག་གང་ཞིག་དུས་སྐབས་ག་འདྲ་ཞིག་ལ་བྱེད་པའམ་འབྱུང་བ་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ། དཔེར་ན། ལོ་གཅིག་ལོན་པ་ན་སྨྲ་ཤེས། དེ་དུས་ན་ཧ་མ་གོ་ལྟ་བུ། ⒁བྱ་ཚིག་འདས་པའི་མཐར་སྦྱར་ན། བྱ་བ་གང་ཞིག་སྔོན་མ་མ་བྱས་པ་སྟོན་ཏེ། དཔེར་ན། ངས་རྐུ་བྱས་ན་དཀོན་མཆོག་གསུམ་ཞེས་པ་ལྟ་བུ། ⒂བྱ་ཚིག་མ་འོངས་པའི་མཐར་སྦྱར་ན། བྱ་བ་གང་ཞིག་རྗེས་མ་མི་བྱེད་པ་སྟོན་ཏེ། དཔེར་ན། དེང་ཕྱིན་ཆད་རྐུ་བྱ་ན་མཎ་རྡོག་ཁེར་མ་ཞེས་པ་ལྟ་བུ། བྱ་ཚིག བྱ་བྱེད་ཐ་མི་དད་པ། གཟུགས་མི་འགྱུར་བ། ནད་ཀྱིས་མནར་བའི་དོན་ཏེ། དཔེར་ན། ང་རིམས་ནད་ཀྱིས་ན་ནས་ཡུན་རིང་ཡིན་ལྟ་བུ། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-28

གསར་སྤེལ་མཁན། :བྱ་མདོ་ཀླུ་མོ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།