ནང་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས་རང་ཉིད་ལ་ནང་པ་དང་། ཆོས་ལུགས་གཞན་གྱི་རྗེས་འབྲངས་ཚོར་ཕྱི་པའམ་ཕྱི་རོལ་པ་ཟེར་གྱི་ཡོད།
1 ལོ་ཙཱ།

རྒྱ་ཡིག 佛教徒

དབྱིན་ཡིག a Buddhist

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  སངས་རྒྱས་ཆོས་ལུགས་པས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་ནང་པའམ་ནང་པ་སངས་རྒྱས་པ་དང་། ཆོས་ལུགས་གཞན་ལ་དད་པ་བྱེད་མཁན་ལ་ཕྱི་བའམ་ཕྱི་རོལ་པ་ཟེར།

2.བརྡ་དག་མིང་ཚིག་གསལ་བ་ལས།  རང་འདི་པའམ་ནང་པ་སངས་རྒྱས་པ་དང་ཞོགས་པ་སྔ་དྲོ་དང་སང་ཞོགས་པའི་ནང་པར་ཟེར་བ་ལ་ནངས་པར་སྣང་། 1.此处。2.佛教徒。3.清早。4.明早,亦作 ནངས་པ།【增】秘密的,私的。﹝高﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ①ནངས་པ་དང་གཅིག ②ཆོས་ཕྱི་ནང་གཉིས་སུ་ཕྱེ་བའི་ནང་པ་སྟེ་སངས་རྒྱས་པ།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  名词[1]ནངས་པ་དང་འདྲ། [2]ཆོས་ཕྱི་ནང་གཉིས་སུ་ཕྱེ་བའི་ནང་པ་སྟེ་སངས་རྒྱས་པ། 内道。佛教徒分宗教为内外两道,自称内道,佛教以外的为外道。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།   མིང་ཚིག ①སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས་རང་ཉིད་ལ་ནང་པ་དང་། ཆོས་ལུགས་གཞན་གྱི་རྗེས་འབྲངས་ཚོར་ཕྱི་པའམ་ཕྱི་རོལ་པ་ཟེར་གྱི་ཡོད། ལྡོག་ཚིག ཕྱི་པ། ②ནངས་པའམ་ད་ནངས་དང་དོན་གཅིག་སྟེ། དཔེར་ན། ནང་པར་ངས་མི་འགའ་ཁྲིད་ནས་ཡུལ་སྐོར་ལ་འགྲོ་དགོས་ལྟ་བུ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-28

གསར་སྤེལ་མཁན། :བྱ་མདོ་ཀླུ་མོ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།