སྐབས་བཞི་པའི་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐབས་བཞི་པའི་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས།
སྐབས་བཞི་པའི་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ནི་སྤྱི་ལོ2022ལོར་ཀྲེ་ཅང་ཧང་ཀྲོའུ་རུ་འཚོགས་པའི་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ལ་ཟེར། ལུས་རྩལ་འགྲན་ཚོགས་དེ་སྤྱི་ལོ2022ལོའི་ཟླ10པའི་ཚེས9ཉིན་འགོ་བརྩམ་རྒྱུ་དང་ཟླ10པའི་ཚེས15ཉིན་མཇུག་བསྒྲིལ་རྒྱུ་རེད།  སྤྱི་ལོ2019ལོའི་ཟླ10པའི་ཚེས10ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སྤྱི་ལོ2022ལོའི་སྐབས་བཞི་པའི་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་འཛུགས་རྒྱུའི་མོས་མཐུན་བྱུང་པ་རེད། སྤྱི་ལོ2021ལོའི་ཟླ4པའི་ཚེས22ཉིན་ཧང་ཀྲོའུ་ཨེ་ཤེ་ཡ་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ལོ2022ལོའི་ཧང་ཀྲོའུ་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱིས་ཟླ5པའི་ཟླ་སྨད་དུ་གོ་ལ་ཧྲིལ་པོར་འགྲན་བསྡུར་སྐབས་ཀྱི་དང་བླངས་པ་བསྡུ་རྒྱུ་ཡིན་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
第4届亚洲残疾人运动会
ཕྱི་ཡིག་གི་མིང་།
2022 Hangzhou Asian Paralympic Game
སྤེལ་གནས།
ཧང་ཀྲོའུ་གྲོང་ཁྱེར།
འགྲན་བསྡུར་གྱི་རིགས།
དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས།
གཙོ་གཉེར་ལས་ཁུངས།
ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་།
སྒྲུབ་ཡུན།
སྤྱི་ལོ2022ལོའི་ཟླ10པའི་ཚེས9ནས་ཟླ10པའི་ཚེས15ཉིན་བར།
བཀྲ་ཤིས་གཡང་རྟེན།
ལྷ་བྱ་ཧྥེ་ཧྥེ།
1 ​[འདྲེན་བཀོད།]སྒྲུབ་རིམ། 

སྤྱི་ལོ2019ལོའི་ཟླ7པའི་ཚེས9ཉིན། སྤྱི་ལོ2022ལོའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཧང་ཀྲོའུ་ཡི་སྤྱི་ལོ2022ལོའི་ཨེ་ཤེ་ཡའི་སྐབས་བཞི་པའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དེ་སྤྱི་ལོ2022ལོའི་ཟླ10པའི་ཚེས9ནས15ཉིན་བར་འཚོག་རྒྱུ་ཡིན་པ་རེད།

སྤྱི་ལོ2019ལོའི་ཟླ10པའི་ཚེས10ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡིག་ཆ་ཁྱབ་བསྒྲགས་བྱས་ནས་སྤྱི་ལོ2022ལོའི་སྐབས་བཞི་པའི་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་འཛུགས་རྒྱུའི་མོས་མཐུན་བྱུང་པ་རེད། 

སྤྱི་ལོ2020ལོའི་ཟླ4པའི་ཚེས16ཉིན་ཧང་ཀྲོའུ་ཡི་སྤྱི་ལོ2022ལོའི་སྐབས་བཞི་པའི་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་གཡང་རྟེན་ལེང་ཀྲུའུ་ཡི་ལྷ་བྱ“ཧྥེ་ཧྥེ”ཞེས་པ་དངོས་སུ་གོ་ལ་ཧྲིལ་པོར་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ལོ2021ལོའི་ཟླ4པའི་ཚེས22ཉིན་ཧང་ཀྲོའུ་ཨེ་ཤེ་ཡ་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ2022ལོའི་ཧང་ཀྲོའུ་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱིས་ཟླ་ལྔ་པའི་ཟླ་སྨད་དུ་གོ་ལ་ཧྲིལ་པོར་འགྲན་བསྡུར་སྐབས་ཀྱི་དང་བླངས་པ་་བསྡུ་རྒྱུ་ཡིན་པ་རེད།

2 རྩ་འཛུགས་ཨུ་ཡོན་ལྷན་ཁང་།

རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧའེ་ཏི་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཀུའུ་ཀྲུང་ཝུན། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་ཡོན་ཅ་ཅུན་བཅས་ཡིན།

ལག་བསྟར་ཀྲུའུ་ཞི། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཀྲོའུ་ཁྲང་ཁུའེ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལི་ཅན་མིང་། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཧྥེང་ཧྥེ་བཅས་ཡིན། 

3 འགྲན་བསྡུར་གྱི་རྣམས་གྲངས།

ཧང་ཀྲོའུ་ཡི་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་གྱི་ཚོགས་འདུའི་ཐོག་མཆོང་རྒྱུག་འཕེན་གསུམ་དང་། ཆུ་རྐྱལ། ལོང་བའི་སྒོ་རྩེད་སྤོ་ལོ་སོགས་ཚུད་པའི་འགྲན་བསྡུར་རྣམ་གྲངས22བཀོད་སྒྲིག་བྱ་རྒྱུ་རེད།

4 འགྲན་བསྡུར་ཁང་། 

འགྲན་བསྡུར་བྱེད་གནས་ནི་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་ར་སྤྱོད་པ་དང་། གེགས་མེད་སྒྲིག་བཀོད་དུས་མཉམ་དུ་ཇེ་མཐོར་བཏང་ནས་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་འགྲན་བསྡུར་གྱི་དགོས་མཁོ་དང་འཚམ་པ་བྱས་ཡོད། 

5 འགྲན་བསྡུར་གྱི་རིག་གནས།
5_1 ལུས་རྩལ་མཚོན་རྟགས།

སྤྱི་ལོ2021ལོའི་ཟླ2པའི་ཚེས2ཉིན་ཧང་ཀྲོའུ་ཡི་སྤྱི་ལོ2022ལོའི་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་ལུས་རྩལ་དཔེ་རིས་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། ད་ཐེངས་ཡོངས་བསྒྲགས་བྱས་པའི་ལུས་རྩལ་དཔེ་རིས་ནང་རྣམ་གྲངས་ཆེ་གྲས22ཚུད་ཡོད་པ་དང་། དེའི་ཇུས་འགོད་ཀྱི་ཚོར་སྣང་ནི་ཆན་ཅང་གཙང་བོའི་རླབས་རྒྱུན་ཆེན་པོ་ལས་ཐོན་ཞིང་། ཧང་ཀྲོའུ་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས“མདུན་སྐྱོད”ཀྱིས་མཚོན་པའི་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པའི་ལུས་རྩལ་གྱི་སྤྲོ་སེམས་དང་དཔའ་ངར་ཆེན་པོའི་ཀྲེ་ཅང་གི་སྙིང་སྟོབས་དང་མཐུན་ཡོད།

5_2 ཚོགས་རྟགས་དང་འབོད་ཚིག

སྤྱི་ལོ2020ལོའི་ཟླ3པའི་ཚེས23ཉིན་ཧང་ཀྲོའུ་ཡི་སྤྱི་ལོ2022ལོའི་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི(གཤམ་དུ་ཧང་ཀྲོའུ་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཞེས་བསྡུ་རྒྱུ)ཚོགས་རྟགས་དང་འབོད་ཚིག་གོ་ལ་ཧྲིལ་པོར་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།“མདུན་སྐྱོད”Ever Forwardཧང་ཀྲོའུ་ཡི་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་སུ་གཏན་འཁེལ་བྱས་པ་དང་། “Hearts Meet,Dreams Shine”(སེམས་པ་གཅིག་མཐུན་དང་ཕུགས་མདུན་མངོན་འགྱུར)དེ་ཧང་ཀྲོའུ་ཡི་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་འབོད་ཚིག་ཏུ་གྱུར་ཡོད། ཚོགས་རྟགས་སྤྱི་ཡོངས་ཀྱི་མཐོང་ཚོར་གྱི་རྒྱུ་རྐྱེན་གཙོ་བོ་དེ་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས“རླབས་ཕྲེང་”དང་གཅིག་མཚུངས་ཡིན་པ་དེས“ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་གཉིས་དང་དེ་བཞིན་ངོ་མཚར་ཆེ་བའི”འགྲན་བསྡུར་གཉེར་བའི་བླང་བྱ་མངོན་པ་དང་། དབང་པོ་སྐྱོན་ཅན་ལུས་རྩལ་པས་རྩལ་འགྲན་གྱི་གར་སྟེགས་ཐོག་འགྲན་སློང་བྱེད་ཕོད་པ་དང་། རང་ཉིད་ལས་རྣམ་པར་རྒྱལ་བ། བདེ་སྐྱིད་བསྐྲུན་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱ་རྒྱུར་སྐུལ་ལྕག་བྱས་པ་རེད།

5_3 བཀྲ་ཤིས་གཡང་རྟེན།

སྤྱི་ལོ2020ལོའི་ཟླ4པའི་ཚེས16ཉིན་ཧང་ཀྲོའུ་ཡི་སྤྱི་ལོ2022ལོའི་སྐབས་བཞི་པའི་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས་གོ་ལ་ཧྲིལ་པོར་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ལེང་ཀྲུའུ་ཡི་ལྷ་བྱ“ཧྥེ་ཧྥེ”ཞེས་པ་མཉམ་སྦྲེལ་དྲ་རྒྱའི་སྤྲིན་རྩེར་གོ་ལ་ཧྲིལ་པོའི་དྲ་གྲོགས་དང་ཐུག་འཕྲད་བྱས་པ་རེད། “ཧྥེ་ཧྥེ”ཡི་ཇུས་འགོད་རིག་པ་ནི་ལེང་ཀྲུའུ་རིག་གནས་ཁྲོད་ཀྱི་ལྷ་བྱ་ཡི་གཟུགས་བརྙན་ལས་བྱུང་བ་ཞིག་རེད། ཁོང་གིས་ཧང་ཀྲོའུ་ཡི་ལོ་རྒྱུས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ཚན་རྩལ་གསར་གཏོད་མཉམ་འདྲེས་བྱས་ཡོད་ལ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་རེ་སྒུག་ཀྱང་བྱེད་བཞིན་ཡོད། “ལྷ་བྱ་ཧྥེ་ཧྥེ”ཡིས་ཀྲུང་གོར་གཏམ་བཟང་བརྒྱུད་སྤྲོད་བྱེད་པའི་ངག་རྒྱུན་ཡོད་པར་བརྟེན་ཁོང་ནི་ད་དུང་རིག་གནས་དང་བདེ་སྐྱིད་ཀྱི་ཕོ་ཉ་ཞིག་ཀྱང་རེད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-27

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།