ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ།
སྤྱི་ལོ1928ལོའི་ཟླ6པའི་ཚེས18ཉིན་ནས་ཟླ7པའི་ཚེས11ཉིན་བར་མོ་སི་ཁོའི་ཉེ་འདབས་ཀྱི་ལྔ་གཅིག་གྲོང་ཚོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པ་ཚོགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党第六次全国代表大会
ཚོགས་དུས།
སྤྱི་ལོ1928ལོའི་ཟླ6པའི་ཚེས18ཉིན་ནས་ཟླ7པའི་ཚེས11ཉིན་བར།
ཚོགས་གནས།
མོ་སི་ཁོའི་ཉེ་འདབས་ཀྱི་ལྔ་གཅིག་གྲོང་ཚོ།
དཀར་ཆག

སྤྱི་ལོ1928ལོའི་ཟླ6པའི་ཚེས18ཉིན་ནས་ཟླ7པའི་ཚེས11ཉིན་བར་མོ་སི་ཁོའི་ཉེ་འདབས་ཀྱི་ལྔ་གཅིག་གྲོང་ཚོར་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པ་ཚོགས་པ་རེད། སྐབས་དེར་རྒྱལ་ནང་དུ་དཀར་པོའི་འཇིགས་སྐུལ་ཚབས་ཆེན་བྱུང་བའི་རྐྱེན་གྱིས་བདེ་འཇགས་འགན་ལེན་བྱེད་ཐུབ་པའི་ས་གནས་ཤིག་རྙེད་དཀའ་བའི་ཁར། དམར་པོའི་ལས་བཟོ་པའི་རྒྱལ་སྤྱིའི་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་དང་གུང་ཁྲན་རྒྱལ་སྤྱིའི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་སོ་སོར་ལོ་དེའི་དཔྱིད་ཀ་དང་དབྱར་ཁར་མོ་སི་ཁོ་ནར་འཚོག་རྒྱུ་དང་། ན་གཞོན་གུང་ཁྲན་ཏང་རྒྱལ་སྤྱིས་ཀྱང་མོ་སི་ཁོ་རུ་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་འཚོག་རྒྱུའི་རེ་བ་བྱས་ཐོག ཀྲུང་གུང་གིས་འཐུས་མི་ཚོགས་པར་ཚོགས་ཆེན་དེ་ནམ་འཚོག་རྒྱུའི་རེ་བ་བྱེད་ཀྱི་ཡོད་པར་མ་ཟད། ཀྲུང་གུང་ཀྲུང་དབྱང་གིས་ཀྱང་གུང་ཁྲན་རྒྱལ་སྤྱིར་དུས་ཐོག་ཏུ་སློབ་སྟོན་བྱེད་ཀྱི་ཡོདད་རེས་ཀྱི་ཚོགས་ཆེན་ལ་ཞུགས་མཁན་འཐུས་མི་ཁྱོན་བསྡོམས142ཡོད་པའི་ནང་བརྡས་ཐག་གཅོད་དབང་ཡོད་པའི་འཐུས་མི84ཡོད། ཆུས་ཆིའུ་པའེ་ཡིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ལྔ་པའི་ཚབ་ཞུས་ནས་ཆབ་སྲིད་ཀྱི་སྙན་ཞུ་གནང་བ་དང་། ཀྲོའུ་ཨེན་ལའེ་ཡིས་རྩ་འཛུགས་ཀྱི་སྙན་ཞུ་དང་དམག་དོན་སྙན་ཞུ་གནང་བ།ལི་ལི་སན་གྱིས་ཞིང་པའི་གནད་དོན་སྐོར་གྱི་སྙན་ཞུ་གནང་བ།ལས་བཟོ་པའི་ལས་འགུལ་སྐོར་གྱི་སྙན་ཞུ་ཕུལ་བ། པུའུ་ཧ་ལིན་གྱིས་གུང་ཁྲན་རྒྱལ་སྤྱིའི་ཚབ་ཞུས་ནས《ཀྲུང་གོའི་གསར་བརྗེ་དང་ཀྲུང་གོའི་གུང་ཁྲན་ཏང་གི་ལས་འགན》ཞེས་པའི་ཆབ་སྲིད་སྙན་ཞུ་དང་ཆབ་སྲིད་སྙན་ཞུའི་སྐོར་གྱི་བསྡོམས་ཚིག་གནང་བ་རེད། ཚོགས་འདུ་གྲ་སྒྲིག་བྱེད་པའི་སྐབས་སུ།སུའུ་ལེན་དང་གུང་ཁྲན་རྒྱལ་སྤྱིའི་མགོ་ཁྲིད་པ་སི་ཏ་ལིན་དང་པུའུ་ཧ་ལིན་སོགས་ཀྱིས་སོ་སོར་མཛུབ་སྟོན་བྱས་ཏེ། ཀྲུང་གུང་གི་མགོ་ཁྲིད་པས་གསར་བརྗེའི་ངོ་བོ་དང་གསར་བརྗེའི་གནས་བབ་ཐད་ཀྱི་ངོས་འཛིན་རབ་རིབ་དེ་གསལ་བོར་བྱས། གུང་ཁྲན་རྒྱལ་སྤྱིའི་ཤར་ཕྱོགས་ཧྲུའུ་ཅི་ཁྲུའུ་ཡིས་མི་སྣ་འབོར་ཆེན་ཞིག་ཚོགས་ཆེན་གྱི་གྲོས་ཆོད་ཁག་གི་འཆར་ཟིན་འགོད་པའི་ལས་ཀར་ཞུགས་སུ་བཅུག ཚོགས་ཆེན་གྱིས་གསར་བརྗེ་ཆེན་པོ་ཕམ་རྗེས་ཀྱི་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ། ཀྲུང་གོ་ནི་སྔར་བཞིན་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཡིན་པ་དང་། ཀྲུང་གོའི་གསར་བརྗེའི་ད་ལྟའི་དུས་རིམ་གྱི་ངོ་བོ་ནི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེ་ཡིན་པ་གསལ་པོར་བསྟན་ཡོད། ཏང་གིས་མགོ་ཁྲིད་བྱེད་པའི་དམག་དོན་ལས་འགུལ་དང་དམར་དམག་འཛུགས་སྐྲུན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་དམག་དོན་འཐབ་རྩོད་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་འགན་བཏོན་པ། སྔོན་ཆད་གསར་བརྗེའི་འཐབ་རྩོད་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱས་ནས“གཡོན”དང་གཡས་ཀྱི་ཕྱོགས་ལྷུང་ནོར་འཁྲུལ་ཅན་གཉིས་ལ་ངོ་རྒོལ་བྱ་དགོས་ཞེས་བཏོན་ཡོད། ཚོགས་ཆེན་སྟེང་ཆབ་སྲིད་དང་དམག་དོན། རྩ་འཛུགས། སུའུ་ཝེ་ཨེད་སྲིད་དབང་། ཞིང་པ། ས་ཞིང་། ལས་བཟོ་པ། དྲིལ་སྒྲོག མི་རིགས། བུད་མེད། ན་གཞོན་ཚོགས་པ་སོགས་གནད་དོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། དེ་བཞིན་བཟོ་བཅོས་བརྒྱབ་ཟིན་པའི《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》ལ་གྲོས་འཆམ་བྱུང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་དྲུག་པ་བདམས་ཐོན་བྱུང་བ་དང་། ཀྲུང་དབྱང་ཨུ་ཡོན23དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན13བདམས་ཐོན་བྱུང་བ། ཨུ་ཡོན3དང་རྗེས་སྣོན་ཨུ་ཡོན2ལས་གྲུབ་པའི་ཀྲུང་དབྱང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུ། དེའི་རྗེས་སུ་འཚོགས་པའི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སུའུ་ཀྲའོ་ཀྲེང་དང་། ཞང་ཡིང་། ཀྲོའུ་ཨེན་ལའེ། ཞང་ཀྲུང་ཧྥ། ཆུས་ཆིའུ་པའེ། ཚའེ་ཧོ་སེན། ཀྲང་གོ་ཐའོ་བཅས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དུ་འདེམས་བསྐོ་བྱས་པ་རེད། ཀོན་ཞང་ཡིང་དང་ལིས་སན། ལུའོ་ཏེང་ཞན། ཕེང་ཕེ། དབྱང་དབྱིན། ལུའུ་ཧྥུ་ཐན། ཞུས་ཞི་ཀིན་བཅས་ཆབ་སྲིད་ཅུའུ་ཡི་རྗེས་སྣོན་ཨུ་ཡོན་དུ་བསྐོས། སུའུ་ཀྲའོ་ཀྲེན་དང་ཞང་ཀྲུང་ཧྥ། ཞང་ཡིང་། ཀྲོའུ་ཨེན་ལའེ། ཚའེ་ཧོ་སེན་བཅས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་འདེམས་བསྐོ་བྱས་པ་དང་། ལི་ལི་སན་དང་དབྱང་དབྱིན། ཞུས་ཞི་ཀེན་བཅས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་དུ་འདེམས་བསྐོ་བྱས། ཟླ7པའི་ཚེས20ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་སྐབས་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྥ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཀྲུའུ་ཞི་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཅིག་ལྕོགས་སུ་བདམས་པ་དང་། ཀྲོའུ་ཨེན་ལའེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་འདེམས་བསྐོ་བྱས། ཏང་གི་ཚོགས་ཆེན་དྲུག་པ་ནི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གྲོས་ཚོགས་ཤིག་ཡིན་ལ། དེས་ནན་ཏན་གྱིས་གསར་བརྗེ་ཆེན་པོ་ཕམ་པའི་ཚུན་གྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱས་ཤིང་། ཀྲུང་གོའི་གསར་བརྗེའི་སྐོར་གྱི་རྩོད་གླེང་ཚབས་ཆེན་ཡོད་པའི་གནད་དོན་རབ་དང་རིམ་པར་གཞི་རྩའི་ཐོག་ཡང་དག་པའི་ལན་བཏབ་པ་རེད། དེས་གཅིག་བསྡུས་ཀྱིས་སྐབས་དེའི་ཏང་ལ་འགལ་རྐྱེན་བཟོ་བའི་གནད་དོན་ཆེན་པོ་གཉིས་ཏེ། ཀྲུང་གོའི་སྤྱི་ཚོགས་ཀྱི་ངོ་བོ་དང་གསར་བརྗེའི་རང་བཞིན་གྱི་ངོ་བོའི་གནད་དོན་དང་། གསར་བརྗེའི་གནས་བབ་དང་ཏང་གི་ལས་འགན་གྱི་གནད་དོན་བཅས་ཐག་བཅད་དེ། སྐབས་དེའི་ཀྲུང་གོའི་གསར་བརྗེ་ནི་སྔར་བཞིན་འབྱོར་ལྡན་གྲལ་རིམ་གྱི་ངོ་བོ་ལྡན་པའི་དམངས་གཙོ་རིང་ལུགས་ཀྱི་གསར་བརྗེ་ཡིན་པས། ཏང་གི་ལས་ཀ་གཙོ་བོར་ཐབས་བརྒྱ་ཇུས་སྟོང་གིས་གྱེན་ལངས་བྱེད་རྒྱུ་དེ་མིན་པར། དཀའ་ཚེགས་ཆེ་བའི་མང་ཚོགས་ཀྱི་ལས་ཀ་གཙོ་བོ་བྱས་ནས་སྟོབས་ཤུགས་གསོག་འཇོག་བྱེད་རྒྱུ་དེ་རེད་སྙམ། གནད་དོན་གལ་ཆེན་དེ་གཉིས་ཐག་གཅོད་བྱས་པར་བརྟེན་ཏང་ཡོངས་ཀྱི་བསམ་བློ་གཞི་རྩའི་ཐོག་གཅིག་གྱུར་བྱུང་བ་དང་། ཀྲུང་གོའི་གསར་བརྗེ་བསྐྱར་དར་དང་འཕེལ་རྒྱས་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། འོན་ཀྱང་ཚོགས་ཆེན་ཐེངས་དྲུག་པའི་ཐོག་ཀྲུང་གོའི་སྤྱི་ཚོགས་ཀྱི་གྲལ་རིམ་འབྲེལ་བར་ངོས་འཛིན་ཡང་དག་པ་བྱུང་མེད་པར་ཏང་གི་ལས་ཀའི་གཙོ་གནད་དེ་སྔར་བཞིན་གྲོང་ཁྱེར་དུ་བཞག་སྟབས་ཀྲུང་གོའི་གསར་བརྗེའི་ཡུན་རིང་རང་བཞིན་ལ་ཚོད་དཔག་བྱ་རྒྱུ་མི་འདང་བ་དང་། དུས་མཚུངས་སུ་རྩ་འཛུགས་ཀྱི་ཐོག་ནས་ཏང་ཡོན་གྱི་གྲུབ་ཆ་འབྱོར་མེད་གྲལ་རིམ་ཅན་དུ་འགྱུར་བ་དང“མཛུབ་སྟོན་ལས་ཁུངས་བཟོ་པ་ཅན་དུ་འགྱུར་བ”ནན་བཤད་བྱེད་ཀྱི་ཡོད་པ་དང་། བཟོ་བའི་ལས་གནས་ནས་ཐོན་པའི་ཞང་ཀྲུང་ཧྥ་ཀྲུང་གུང་ཀྲུང་དབྱང་གི་ཆེས་མཐོའི་མགོ་ཁྲིད་པར་བདམས་ཡོད་ཀྱང་དོན་དངོས་ཐོག་ཁོས་ནུས་པ་འདོན་ཐུབ་ཀྱི་མེད་པ་རེད། གོང་གསལ་གྱི་སྐྱོན་ཆ་ཡོད་ཀྱང་། ཚོགས་ཆེན་ཐེངས་དྲུག་པའི་ལམ་ཕྱོགས་དེ་གཞི་རྩའི་ཐོག་ཡང་དག་པ་ཞིག་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-28

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།