ཁྲེན་དབྱི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲེན་དབྱི།
ཁོང་ནི(སྤྱི་ལོ1901ལོའི་ཟླ8པའི་ཚེས26ཉིན་ནས་སྤྱི་ལོ1972ལོའི་ཟླ1པོའི་ཚེས6ཉིན་བར)སི་ཁྲོན་ལེ་ཀྲི་ནས་ཡིན། ཀྲུང་གོ་གུང་ཁྲན་ཏང་ཡོན་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་པོ་བཅུའི་གྲས་ཀྱི་གཅིག་ཡིན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གསར་འཛུགས་པ་དང་འགོ་ཁྲིད་པ། དམག་དོན་པ་བཅས་ཡིན། ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་པུའུ་ཀྲང་། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་འགོ་ཁྲིད་ཀྱི་འགན་བཞེས་མྱོང་། སྤྱི་ལོ1977ལོར་ཁོང་གི་བརྩམས་ཆོས《ཁྲེན་དབྱིའི་སྙན་ཚིག་གཅེས་བསྡུས》ཞེས་པ་དཔེ་སྐྲུན་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陈毅
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1901ལོའི་ཟླ8པའི་ཚེས26ཉིན།
སྐུ་གཤེགས་པའི་ལོ།
སྤྱི་ལོ1972ལོའི་ཟླ1པོའི་ཚེས6ཉིན།
མཐར་ཕྱིན་སློབ་གྲྭ།
ཁྲེང་ཏུའུ་བཟོ་ལས་སློབ་གླིང་། ཀྲུང་ཧྥ་སློབ་ཆེན།
ལས་རིགས།
འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་། དམག་དོན་པ། ཕྱི་འབྲེལ་པ།
གྲུབ་འབྲས་གཙོ་བོ།
ཞིན་སི་ཅུན་གྱི་དམག་དཔོན། ཧྭ་ཤར་བྱེས་འཐབ་དམག་དཔུང་གི་དམག་སྤྱི། ཧྲང་ཧའེ་གྲོང་ཁྱེར་གྱི་འགོ་ཁྲིད།
སྐྱེ་ས།
སི་ཁྲོན་ལེ་ཀྲི་རྫོང་།
དད་མོས།
གུང་ཁྲན་རིང་ལུགས།
ཚབ་བྱེད་བརྩམས་ཆོས།
ཁྲེན་དབྱིའི་སྙན་ཚིག་གཅེས་བསྡུས།
གོ་རྟགས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི།
བཟའ་ཟླ།
ཞོའུ་ཅུའེ་ཡིང་། ལའེ་ཡུའེ་མིང་། ཀྲང་ཞི།
1 མི་སྣའི་ལོ་རྒྱུས།
1_1 དམག་འཁྲུག་དུས་སྐབས།

ཁྲེན་དབྱི་ནི་སྤྱི་ལོ1901ལོའི་ཟླ8པའི་ཚེས26ཉིན་སི་ཁྲོན་ལེ་ཀྲི་ཀྲང་ཨན་ཅིན་སྡེ་བར་སྐྱེས། སྤྱི་ལོ1916ལོར་ཁྲེང་ཏུའི་ཅ་ཀྲུང་བཟོ་ལས་སློབ་གྲྭ་རུ་སློབ་གཉེར་བྱས།

སྤྱི་ལོ1919ལོར་ཧྥ་རན་སིར་སོང་ནས་ལས་སློབ་གཉིས་བརྩོན་བྱས།

སྤྱི་ལོ1921ལོའི་ཟླ10བར་ཀྲུང་གོའི་ཧྥ་རན་སིར་སློབ་སྦྱོང་བྱེད་བཞིན་པའི་སློབ་མའི་རྒྱལ་གཅེས་ལས་འགུལ་ལ་ཞུགས་པས། དྲག་པོའི་སྒོ་ནས་རྒྱལ་ནང་དུ་བསྐྱལ།

སྤྱི་ལོ1922ལོར་སི་ཁྲོན་དུ་ལོག་ནས་ཚའེ་ཧོ་སེན་ལ་འཕྲིན་ཡིག་བསྐུར་ནས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ན་གཞོན་ཚོགས་པར་ཞུགས།

སྤྱི་ལོ1923ལོར་པེ་ཅིན་ཀྲུང་ཧྥ་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་དུ་སློབ་སྦྱོང་བྱས་པ་དང་། ཡན་ཁྲང་དབྱི་དང་ཞའོ་ཀྲེན་ཧྲེང་གཉིས་ཀྱིས་ངོ་སྤྲོད་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

སྤྱི་ལོ1927ལོར་ཁྲེན་དབྱི་ཡིས་ཝུའུ་ཧན་ཀྲུང་དབྱང་དམག་དོན་ཆབ་སྲིད་སློབ་གྲྭའི་ཀྲུང་གོ་གུང་ཁྲན་ཏང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། ལོ་དེར་ནན་ཁྲང་འོས་ལངས་ལ་ཞུགས་རྗེས་རྒྱལ་དམངས་གསར་བརྗེའི་དམག་གི་ཅུན་ཤོག་བཅུ་གཅིག་པའི་ཧྲི་ཤོག་ཉེར་ལྔ་པའི་མདའ་ཤོག་བདུན་ཅུ་དོན་གསུམ་པའི་ཆབ་སྲིད་སློབ་སྟོན་པ་བྱས་ནས་དམག་དཔུང་ཁྲིད་ནས་ཧུའུ་ནན་ལྷོ་ཁུལ་གྱི་འོས་ལངས་ལ་ཞུགས་པ་རེད།

ཀྲུང་གོའི་ས་ཞིང་བཅོས་བསྒྱུར་གྱི་གསར་བརྗེའི་དམག་འཁྲུག་གི་དུས་སྐབས་སུ་ཀྲུང་གོའི་གུང་ཁྲན་ཏང་བཟོ་ཞིང་གསར་བརྗེའི་དམག་གི་ཧྲི་ཤོག་དང་པོའི་ཏང་གི་སྐུ་ཚབ་དང་། དམག་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཆབ་སྲིད་པུའུ་ཡི་ཀྲུའུ་རེན། གཡུལ་སའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར་གནང་བ་དང་། ཅུན་ཤོག་དྲུག་པའི་ཆབ་སྲིད་ཨུ་ཡོན། ཀྲུང་གོ་གུང་ཁྲན་ཏང་ཅང་ཞིའི་ལྷོ་ནུབ་དམིགས་བསལ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།  ནུབ་ཕྱོགས་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁོངས་ཡན་ལག་ཅུས་ཀྱི་ཨུ་ཡོན། ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

ཀྲུང་གོའི་འཇར་འགོག་དམག་འཁྲུག་གི་སྐབས་སུ་སྔ་གཞུག་ཏུ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་ཨུའི་འབུམ་དཔུང་བཞི་བའི་ཡན་ལག་ཚོགས་པའི་ཧྲུའུ་ཅི་གཞོན་པ་དང་། འབུམ་དཔུང་བཞི་བའི་ཡན་ལག་རུ་ཁག་དང་པོའི་དམག་སྤྱི། ཅང་ནན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ། སུའུ་པེ་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ། ཧྭ་དབུས་སྤྱི་ཁྱབ་བཀོད་འདོམས་པུའི་ལས་ཚབ་སྤྱི་ཁྱབ་བཀོད་འདོམས་པ། འབུམ་དཔུང་བཞི་བའི་འབུམ་དཔོན། ཧྲན་ཏུང་དམག་ཁུལ་གྱི་སི་ལིང་ཡོན་བཅས་ཀྱི་འགན་བཞེས།

ཀྲུང་གོའི་བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ་སྔ་རྗེས་སུ་ཀྲུང་གོའི་གུང་ཁྲན་ཏང་གི་ཧྭ་ཤར་དམག་ཁུལ་ཁང་གི་དམག་སྤྱི་དང་། ཧྭ་ཤར་བྱེས་འཐབ་དམག་སྡེའི་དམག་སྤྱི་དང་ཆབ་སྲིད་ཨུ་ཡོན་གཅིག་ལྕོགས་ཀྱི་འགན་བཞེས། ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཀྲུང་ཡོན་ཅུས་ཀྱི་ཧྲུའུ་ཅི་གཉིས་པ། ཀྲུང་ཡོན་དམག་ཁུལ་དང་ཀྲུང་ཡོན་བྱེས་འཐབ་དམག་སྡེའི་དམག་སྤྱི་གཞོན་པ། བྱེས་འཐབ་དམག་སྡེ་གསུམ་པའི་དམག་སྤྱི་དང་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་ཀྱིས་བཞེས།

1_2 རྒྱལ་འཛུགས་དུས་སྐབས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཧྭ་ཤར་དམག་ཁུལ་ཁང་གི་དམག་སྤྱི་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་དཔོན། བྱེས་འཐབ་དམག་སྡེ་གསུམ་པའི་དམག་སྤྱི་བཅས་ཀྱི་འགན་བཞེས། ཧྲང་ཧའེ་གྲོང་ཁྱེར་གྱི་ལས་འགན་འཁུར་བའི་སྐབས་སུ། ཧྲང་ཧའེ་རིག་རྩལ་ལས་རིགས་ལ་སྲུང་སྐྱོབ་བྱེད་དགོས་པའི་བཀའ་ཕབ།

སྤྱི་ལོ1954ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའི་འགན་བཞེས་པ་མ་ཟད། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མི་དམངས་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས།

སྤྱི་ལོ1955ལོར་དམག་སྤྱིའི་གོ་རྟགས་དང་། རིམ་པ་དང་པོའི་བརྒྱད་གཅིག་བྱས་རྗེས་གཟེངས་རྟགས། རིམ་པ་དང་པོའི་རང་བཙན་རང་དབང་བྱས་རྗེས་གཟེངས་རྟགས། རིམ་པ་དང་པོའི་བཅིངས་འགྲོལ་བྱས་རྗེས་གཟེངས་རྟགས་བཅས་གནང་བ་རེད།

སྤྱི་ལོ1958ལོའི་ཟླ2པ་ནས་བཟུང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1959ལོ་ནས་བཟུང་ཀྲུང་གོའི་ཆབ་གྲོས་སྐབས་གསུམ་པ་དང་བཞི་པའི་ཀྲུའུ་ཞི་གཞོན་པའི་འགན་བཞེས།

སྤྱི་ལོ1966ལོའི་ཟླ1པོར་ཁྲེན་དབྱི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པར་བསྐོས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། སྐབས་བདུན་པ་དང་སྐབས་དགུ་པའི་ཀྲུང་དབྱང་ཨུ་ཡོན་གྱི་འགན་བཞེས།

རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ། ཁྲེན་དབྱི་དང་ཐན་ཀྲེན་ལིན་སོགས་ཀྱིས་མི་བཞི་ཤོག་ཁག་ལ་འཐབ་རྩོད་བྱས།

སྤྱི་ལོ1971ལོའི་ཟླ1པོའི་ཚེས16ཉིན། ཁྲེན་དབྱི་ལ་རྒྱུ་མའི་སྐྲན་ནད་ཕོག་པ་ཤེས།

སྤྱི་ལོ1972ལོའི་ཟླ1པོའི་ཚེས6ཉིན་པེ་ཅིན་དུ་ཚེ་ལས་འདས། དགུང་ལོ71པར་སྐུ་གཤེགས་པ་རེད།

2 མཛད་རྗེས་གཙོ་བོ།
2_1 གཡུལ་འགྱེད་གཙོ་བོ།
2_1_1 ཧོང་ཆའོ་གཡུལ་འགྱེད།

སྤྱི་ལོ1940ལོའི་ཟླ9བའི་ཚེས30ལ། གོ་མིན་ཏང་གིས་དམག་དཔུང་བསྡུས་ཏེ། ཅང་སུའུ་ཞིང་ཆེན་ཐའེ་ཞིན་རྫོང་ཧོང་ཆའོ་ས་ཁུལ་གྱི་ཞིན་སི་ཅུན་གྱི་སུའུ་པེ་བཀོད་འདོམས་པུའུ་ལ་ཚུར་རྒོལ་བྱས། གཡུལ་འགྱེད་དེར་ཉིན4འགོར་ཞིང་། གོ་མིན་ཏང་གི་དམག་མི་ཁྲི1.1ལྷག་ཚར་གཅོད་བྱས་པ་དང་། བཟུང་དམག་གི་དཔོན་དམག4000ལྷག་ཡོད་ཅིང་། དགྲ་ལག་ནས་ཐོབ་པའི་དམག་མཁོ་ཧ་ཅང་ཆེ། ཞིན་སི་ཅུན་མི900ལྷག་ཤི་རྨས་བྱུང་། གཡུལ་འགྱེད་དེ་ནི་གོ་མིན་ཏང་དམག་དཔུང་གི་ཚུར་རྒོལ་ལ་རྒོལ་ལན་སྤྲོད་པའི་གཡུལ་འགྱེད་གལ་ཆེན་ཞིག་རེད། སུའུ་ཀྲུང་དང་སུའུ་པེ་ཡི་ལྗར་འགོག་གནས་གཞིའི་ས་ཁུལ་ལ་རྨང་གཞི་བཏིང་ནས། ཧྭ་དབུས་འཇར་འགོག་གི་རྣམ་པ་གསར་བ་བསྐྲུན།

2_1_2 མེང་ལིའང་ཀུའུ་གཡུལ་འགྱེད།

སྤྱི་ལོ1947ལོའི་ཟླ4བར། ཅང་ཅེ་ཧྲིས་ཡན་ཨན་ལ་ཚུར་རྒོལ་བྱེད་པ་དང་མཉམ་དུ། མི་ཁྲི40སྐུལ་སློང་བྱས་ཏེ་ཧྲན་ཏུང་བཅིངས་འགྲོལ་ས་ཁུལ“གཙོ་གནད་དུ་བཟུང་ནས་ཕར་རྒོལ་བྱས”པ་དང་། ཁྲེན་དབྱི་དང་སུའུ་ཡུས་སོགས་ཀྱིས་ཁྲིད་པའི་ཧྭ་ཏུང་མི་དམངས་བཅིངས་འགྲོལ་དམག་གིས་དམག་འཐབ་བྱས་ཏེ། གོ་མིན་ཏང་གི་མི་ཁྲི2དང་བཞི་སྟོང་ལྷག་ཚར་གཅོད་བྱས། ཟླ5བའི་སྟོད་ལ། གོ་མིན་ཏང་གི་དམག་དཔུང་གིས་ལིན་དབྱི་དང་ཐའེ་ཨན་གཉིས་ཀྱི་གཡུལ་སའི་ཐོག་ནས་གཡས་གཡོན་བར་གསུམ་དུ་བགོས་ཏེ་དབྱི་མེང་རི་ཁུལ་དུ་ཚུར་རྒོལ་བྱས་ཏེ། ཧྭ་ཏུང་བཅིངས་འགྲོལ་དམག་ཅའོ་ཏུང་གུ་དོག་པའི་ས་ཁུལ་དུ་ཕྱིར་འཐེན་བྱས། ཧྭ་ཤར་བཅིངས་འགྲོལ་དམག་གིས་དམག་ཤུགས་ཆ་ཤས་ཤིག་ལ་བརྟེན་ནས་གོ་མིན་ཏང་གི་གཡས་གཡོན་གཉིས་བཟུང། ཟླ5བའི་ཚེས13ནས་ཚེས14བར་དུ་སྐོར་རྒོལ་དྲག་པོ་བྱས་ཤིང་། ཁྲེན་དབྱི་ཡིས་དམག་དཔུང་ཁྲིད་ནས་གོ་མིན་ཏང་གི“དཔུང་མཆོག”ཅེས་འབོད་པའི་དག་སྒྲིག་ཧྲི74བ་མེང་ལིའང་ཀུའུ་རི་ཁུལ་དུ་ཚར་བཅད་ཅིང་། དམག་འཐབ་འདིར་བསྡོམས་པས་བཟུང་དམག་ཁྲི3དང་ཉིས་སྟོང་ལྷག་བསད་རྨས་བྱས་པ་དང་། ཧྲི་དེའི་ཧྲི་ཀྲང་ཀྲང་ལིན་ཧྥུ་ཡང་བསད་པ་རེད། དེ་ནི་སྐད་གྲགས་ཆེ་བའི་མེང་ལིའང་ཀུའུ་གཡུལ་འགྱེད་ཡིན་ལ། ཕྱིས་ཀྱི་བརྩམས་སྒྲུང《ཉི་མ་དམར་པོ་》ཞེས་པའི་ལོ་རྒྱུས་ཀྱི་བརྗོད་བྱ་ཡང་རེད། བཅིངས་འགྲོལ་དམག་གིས་གོ་མིན་ཏང་གིས་དབྱི་མེང་རི་ཁུལ་ལ་ཐེངས་གཉིས་ཚུར་རྒོལ་བྱས་པ་ཕམ་པར་བྱས་པས། ཧྲན་ཏུང་གི་གཡུལ་སའི་དམག་འཁྲུག་གི་གནས་ཚུལ་ཧྲིལ་བོ་བསྒྱུར། ཟླ7པར། ཁྲེན་དབྱི་ཡིས་དམག་དཔུང་ཁྲིད་ནས་ཡང་བསྐྱར་གོ་མིན་ཏང་གི་ཐེངས་གསུམ་པའི་ཚུར་རྒོལ་ཕྱིར་འདེད་བྱས་པ་དང་། གོ་མིན་ཏང་འུ་ཐུག་ནས་ནུབ་ཕྱོགས་སུ་ཕྱིར་འཐེན་བྱས།

2_1_3 ཧོའེ་ཧའེ་གཡུལ་འགྱེད།(1949ལོར)

ཧོའེ་ཧའེ་གཡུལ་འགྱེད་ནི་གཡུལ་འགྱེད་ཆེན་པོ་གསུམ་གྱི་ནང་གི་གཡུལ་འགྱེད་གཉིས་པ་དང་། ཞུས་ཀྲོའུ་ལྟེ་བར་བྱས་ནས་ཤར་ཧའེ་ཀྲོའུ་དང་། ནུབ་ཀྱི་ཧྲང་ཆིའུ། བྱང་གི་ལིན་ཁྲེང་། ལྷོ་ཡི་ཧོའེ་ཧོ་ཆུ་བོ་བཅས་ཀྱི་ས་ཁུལ་རྒྱ་ཆེན་པོར་ཕར་རྒོལ་བྱས་པ་ཞིག་རེད། སྐབས་དེར། ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་དམག་ཨུས་ལིའུ་པོ་ཁྲེང་དང་ཁྲེན་དབྱི། ཏེང་ཞའོ་ཕིང་། སུའུ་ཡུས། ཐན་ཀྲེན་ལིན་བཅས་ཀྱིས་གྲུབ་པའི་སྤྱི་ཁྱབ་གཡུལ་སའི་ཨུ་ཡོན་ལྷན་ཁང་དང་། ཏེང་ཞའོ་ཕིང་གིས་ཧྲུའུ་ཅི་བྱས་ཏེ་ཧོའེ་ཧའེ་གཡུལ་འགྱེད་ལ་གཅིག་གྱུར་གྱིས་བཀོད་འདོམས་བྱས། ཧོའེ་ཧའེ་གཡུལ་འགྱེད་ནི་སྤྱི་ལོ1948ལོའི་ཟླ11པའི་ཚེས6ཉིན་འགོ་བརྩམས། བཅིངས་འགྲོལ་དམག་གིས་ཉིན66ལ་དམག་འཁྲུག་བྱས་པ་བརྒྱུད་ནས། མི་ཁྲི11ལྷག་ཤི་རྨས་སུ་བཏང་བའི་རིན་དོད་ཀྱིས་གོ་མིན་ཏང་གི་དམག་མི་ཁྲི55.5ལྷག་ཚར་གཅོད་བྱས།

2_1_4 ཧྲང་ཧའེ་གཡུལ་འགྱེད།(1949ལོར)

ཧྲང་ཧའེ་གཡུལ་འགྱེད་ནི་ཁྲེན་དབྱི་ཡིས་བཀོད་འདོམས་གནང་བའི་གཡུལ་འགྱེད་མཐའ་མ་ཡིན་ལ། ཁོས་བཀོད་འདོམས་བྱེད་པའི་གཡུལ་འགྱེད་དཀའ་ཚེགས་ཆེ་ཤོས་ཤིག་ཀྱང་རེད། གོ་མིན་ཏང་གི་དམག་དཔུང་མང་ཆེ་བ་ཧྲང་ཧའེ་ལ་ཕྱིར་འཐེན་བྱས་པ་དང་། ཅང་ཅེ་ཧྲིས་དམག་དཔུང་སུམ་འབུམ་ལ་བཀོད་འདོམས་བྱས་ནས་ཐང་ཨེན་པོ་ལ་ཟླ་དྲུག་བརྟན་སྲུང་བྱ་རྒྱུའི་རེ་བ་བཏོན་པ་དང་། ཨ་མེ་རི་ཁ་བས་དམག་མི་བཏང་སྟེ་རོགས་སྐྱོབ་བྱ་རྒྱུར་བསྒུགས་ནས་བསྡད་ཅིང་། ཁྲེན་དབྱིས་བཀོད་འདོམས་བྱེད་པའི་བྱེས་འཐབ་དམག་སྡེ་གསུམ་པ་ཧྲང་ཧའེ་ལ་སླེབས་ཡོད།

ཁྲེན་དབྱིས་ཧྲང་ཧའེ་གྲོང་ཁྱེར་གྱི་འགོ་འཛིན་གྱི་འགན་ཁུར་བ་དང་། གུང་ཁྲན་ཏང་གི་དམག་དཔུང་གིས་གོ་མིན་ཏང་མཐའ་སྐོར་གྱི་གཡུལ་སར་དྲངས་ནས་ཚར་གཅོད་བྱས་པ་དང་། ཡང་བའི་མཚོན་ཆ་སྤྱད་ནས་གྲོང་ཁྱེར་བཙན་བཟུང་བྱས་ཤིང་། རིན་དོད་ཆེན་པོ་སྤྲད་དེ་རྒྱལ་ཁ་བླངས། སྔ་ཕྱི་ཉིན15སྤྱད། ཧྲང་ཧའེ་ཡི་གཡུལ་འགྱེད་ལས། ཐང་ཨེན་པོ་ཡིས་དམག་མི་ཁྲི5ཁྲིད་ནས་དམག་གྲུ་ལ་བསྡད་ནས་བྲོས་བྱོལ་དུ་སོང་བ་ལས་གཞན། ད་རུང་མི་ཁྲི་15.3ཚང་མ་གཡུལ་སར་ཤི།

3 དམག་དོན་བསམ་བློ།

ཁྲེན་དབྱིའི་དམག་དོན་གྱི་བསམ་བློར་ཞིབ་འཇུག་བྱས་པ་དེས་ཀྲུང་གོའི་དེང་རབས་ཀྱི་དམག་དོན་བསམ་བློ་ཞིབ་འཇུག་བྱེད་པའི་ནང་གལ་ཆེའི་གནས་བབ་བཟུང་ཡོད། 《ཁྲེན་དབྱི་ཡི་རྣམ་ཐར》རྩོམ་སྒྲིག་ཚོ་ཆུང་གིས་རྩོམ་འབྲི་གནང་བ་དང་། དེང་རབས་ཀྲུང་གོའི་དཔེ་སྐྲུན་ཁང་གིས་སྤྱི་ལོ1991ལོར་པར་དུ་བསྐྲུན་པའི《དེང་རབས་ཀྱི་ཀྲུང་གོའི་མི་སྣའི་རྣམ་ཐར་ལས་ཁྲེན་དབྱི་ཡི་རྣམ་ཐར》དང་། བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་གིས་སྤྱི་ལོ1996ལོར་པར་དུ་བསྐྲུན་པའི《ཁྲེན་དབྱི་ཡི་དམག་དོན་གསུང་རྩོམ་གཅེས་བསྒྲིགས》ནི་ཁྲེན་དབྱི་ཡི་དམག་དོན་དགོངས་པར་ཞིབ་འཇུག་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་རེད། དམག་དོན་ཚན་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ1997ལོར་པར་སྐྲུན་བྱས་པའི《ཀྲུང་གོའི་དམག་དོན་ཤེས་བྱ་ཀུན་བཏུས·དམག་དོན་བསམ་བློ》ཞེས་པའི་ནང་དུ《ཁྲེན་དབྱིའི་དམག་དོན་བསམ་བློ》དང་དེའི་བརྩམས་ཆོས་གལ་ཆེན་གྱི་དོན་ཚན་བསྡུས་ཡོད། 

4 མི་སྣའི་གདེང་འཇོག

ཁྲེན་དབྱི་སྐུ་གཤེགས་རྗེས། མའོ་ཙེ་ཏུང་ཉིད་མྱ་ངན་ཚོགས་འདུར་ཞུགས། མྱ་ངན་གྱི་ཚོགས་འདུ་མ་འཚོགས་གོང་མའོ་ཙེ་ཏུང་དང་ཀྲང་ཆན་དང་བུ་ཕྲུག་རྣམས་ཀྱི་གླེང་མོལ་ནང“བློ་མཐུན་ཁྲེན་དབྱི། ཁོང་ཞང་ཡིན་དང་མི་འདྲ། ཞིན་སི་ཅུན་གྱི་མི་གྲངས4000ཨན་ཧུའེ་ལྷོ་རྒྱུད་དུ་ཐོར་ཞིག་ཏུ་སོང་བ་དང་། རྗེས་སུ་ཡང་མི་གྲངས་ཁྲི་ཕྲག་ཁ་ཤས་སུ་འཕེལ་རྒྱས་བྱུང་བ་དང་། བློ་མཐུན་ཁྲེན་དབྱི་ནི་ཀྲུང་དབྱང་གི་ལམ་ཕྱོགས་ལག་ལེན་བསྟར་མཁན་ཡིན་པས་ཁོང་གིས་མི་ལ་མཐུན་སྒྲིལ་བྱེད་ཐུབ་ཀྱི་རེད། གལ་སྲིད་ལིན་པིའོ་ཡི་ལྐོག་གཤོམ་ལམ་ལྷོངས་བྱུང་ན། ང་ཚོ་ཚང་མ་མེད་པར་བཟོ་ངེས་རེད”ཅེས་གསུངས་པ་རེད། མའོ་ཙེ་ཏུང་གིས་ད་རུང་མྱ་ངན་ཚོགས་འདུར་ཞུགས་པའི་རྒྱལ་པོ་ཞི་ཧ་ནུའུ་ཁེ་ལ་བཤད་རྒྱུར།“དེ་རིང་ཁྱོད་ལ་བྱ་བ་ཞིག་ཁྱབ་བསྒྲགས་བྱེད་རྒྱུ་ཡིན། དེ་ནི་ངའི་སྙིང་ཉེ་བའི་འཐབ་གྲོགས་ལིན་པིའོ་གནམ་གྲུ་ཞིག་ལ་བསྡད་ནས་སུའུ་ལེན་ལ་བྲོས། འོན་ཀྱང་ཝུན་ཏུའུ་ཨེར་ཧན་ནས་ཤི་སོང་། ལིན་པིའོ་ནི་ང་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་ཞིང་། ཁྲེན་དབྱི་ནི་ང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། ང་ལ་དེ་འདྲའི་སྙིང་ཉེ་བའི་འཐབ་གྲོགས་གཅིག་ལས་མེད། ད་དུང་ལྐོག་ཏུ་ང་ལ་གནོད་འཚེ་གཏོང་དགོས། ལྐོག་གཡོ་དམར་རྗེན་དུ་བཏོན་རྗེས། ཁོ་རང་ཉིད་བྲོས་བྱོལ་དུ་སོང་ནས་ཤི་བ་རེད། ཁྱོད་ཚོ་འདིར་བཞུགས་པའི་མི་ནི་ངའི་མཛའ་བརྩེ་ལྡན་པའི་འཐབ་གྲོགས་མིན་ནམ། ཁྲེན་དབྱི་ང་དང་འཛིང་རེས་བྱས་མྱོང་མོད། འོན་ཀྱང་ལོ་བཅུ་ཕྲག་འགའི་ནང་ང་ཚོས་ཐོག་མཐའ་བར་གསུམ་དུ་མཉམ་ལས་ཧ་ཅང་ཡག་པོ་བྱས་ཡོད”ཅེས་བཤད་པ་རེད།

ཀྲོའུ་ཨེན་ལའེ་ཡིས་ཁྲེན་དབྱི་ཡི་མྱ་ངན་ཚོགས་འདུའི་མྱ་ངན་ཞུ་ཚིག་ནང་ཁྲེན་དབྱི་ཡི་སྐུ་ཚེ་གང་བོའི་ལོ་རྒྱུས་གཙོ་བོ་བསྡུས་བཤད་བྱས་པ་དང་། ཁོང་གིས་གསར་བརྗེའི་ལས་དོན་ལ་བཞག་པའི་བྱས་རྗེས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད། དེ་དང་མཉམ་དུ། ཁྲེན་དབྱི་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཀྲུང་གོ་མི་དམངས་ཀྱི་བློ་དཀར་སེམས་དཀར་གྱི་འཐབ་མོ་བ་ཡིན། ལོ་ངོ་བཅུ་ཕྲག་འགའི་རིང་ལ་ཁོང་གིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་དང་། དུས་ཡུན་རིང་པོའི་གསར་བརྗེའི་འཐབ་རྩོད་ཁྲོད། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཁྲོད་དུ་འཐབ་འཛིང་རྒྱུན་འཁྱོངས་དང་། ལས་ཀར་ཧུར་བརྩོན། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་གནང་བ་རེད། ཁོང་སྐུ་གཤེགས་པའི་དབང་གིས་ང་ཚོའི་འཐབ་གྲོགས་རྒན་པ་དང་བློ་མཐུན་རྒན་པ་ཞིག་ཤོར་བ་དེ་ནི་རང་རེའི་ཏང་དང་རང་དམག་གི་གྱོང་གུན་ཆེན་པོ་ཞིག་རེད་ཅེས་གསུངས་པ་རེད།  

བློ་མཐུན་ཁྲེན་དབྱི་ནི་ཉམས་སད་ཡུན་རིང་ཐེབས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་པ་དང་། དམག་དོན་མཁས་པ། ཕྱི་འབྲེལ་མཁས་པ་བཅས་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གསར་འཛུགས་བྱེད་མཁན་དང་འགོ་ཁྲིད་བྱེད་མཁན་གྱི་ཡ་གྱལ་ཞིག ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཕུལ་དུ་བྱུང་བ་ཞིག་བཅས་ཡིན། ཁོང་གིས་སྐུ་ཚེ་གང་པོར་མར་ཁེ་སིའི་རིང་ལུགས་ལ་ཡིད་ཆེས་བརྟན་པོ་གནང་བ་དང་། སྒེར་སེམས་མེད་པ་དང་། དགའ་སྡང་དབྱེ་ཤེས་པ། མི་དམངས་དམག་དཔུང་གསར་འཛུགས་དང་འཕེལ་རྒྱས་གཏོང་བ། མི་དམངས་བཅིངས་འགྲོལ་ཐོབ་པའི་གསར་བརྗེའི་བྱ་གཞག་དང་ཀྲུང་གོ་གསར་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་བཅས་ཀྱི་ཆེད་དུ་ཉམས་པ་མེད་པའི་མཛད་རྗེས་བཞག་གནང་བ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྲེན་དབྱི། དམག་དཔོན། དམག་དོན་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-29

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།