ཁྲེན་ཀེང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲེན་ཀེང་།
ཁོང་ནི(སྤྱི་ལོ1903ལོའི་ཟླ2པའི་ཚེས27ཉིན་ནས་སྤྱི་ལོ1961ལོའི་ཟླ3པའི་ཚེས16ཉིན་བར)སྤྱི་ལོ1903ལོའི་ཟ2པའི་ཚེས་27ཉིན་ཧུའུ་ནན་ཞང་ཞང་དུ་སྐྱེས། ཀྲུང་གོའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་དམག་དོན་པ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་ཆེན་མོ། རྒྱལ་ཁབ་དང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཕུལ་བྱུང་སྣེ་ཁྲིད་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陈赓
དབྱིན་ཡིག་གི་མིང་།
Chen Geng
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1903ལོའི་ཟླ2པའི་ཚེས27ཉིན།
སྐུ་གཤེགས་པའི་ལོ།
སྤྱི་ལོ1961ལོའི་ཟླ3པའི་ཚེས16ཉིན།
མཐར་ཕྱིན་སློབ་གྲྭ།
ཧོང་ཕུའུ་དམག་དཔོན་སློབ་གྲྭ།
ལས་རིགས།
འབྱོར་མེད་གྲལ་རིམ་གྱི་དམག་དོན་པ།
གྲུབ་འབྲས་གཙོ་བོ།
སྤྱི་ལོ1927ལོའི་ཟླ8པར“ནན་ཁྲང་འོས་ལངས”ལ་ཞུགས། སྤྱི་ལོ1934ལོའི་ཟླ10པར་ཝུའུ་ཅང་ལས་བརྒལ། སྤྱི་ལོ1942ལོའི་ཟླ12པར“ཆིན་ཡོན་སྐོར་རྒོལ་དམག་འཐབ”ལ་བཀོད་འདོམས་བྱས། སྤྱི་ལོ1954ལོའི་ཟླ11པར་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གཞོན་པའི་འགན་བཞེས། སྤྱི་ལོ1955ལོའི་ཟླ9པར་དམག་དཔོན་ཆེན་མོའི་གོ་རྟགས་གནང་།
སྐྱེ་ས།
ཧུའུ་ནན་ཞང་ཞང་གྲོང་ཁྱེར་ལུང་ཏུང་ཞང་ཆོན་ཧུའུ་གྲོང་ཚོ།
དད་མོས།
གུང་ཁྲན་རིང་ལུགས།
ཚབ་བྱེད་བརྩམས་ཆོས།
《དམག་འཐབ་ཀྱི་ཉམས་མྱོང་ཕྱོགས་བསྡོམས》
གོ་རྟགས།
དམག་དཔོན་ཆེན་མོ།
1 ​མི་སྣའི་ལོ་རྒྱུས།
1_1 གཞོན་དུས་ཀྱི་ལོ་རྒྱུས།  

ཁྲེན་ཀེང་ནི་སྤྱི་ལོ1903ལོའི་ཟླ2པའི་ཚེས27ཉིན་ཧུའུ་ནན་ཞང་ཞང་གྲོང་ཁྱེར་ལུང་ཏུང་ཞང་ཆོན་ཧུའུ་སྡེ་བར་སྐྱེས། སྤྱི་ལོ1909ལོ་ནས་སྤྱི་ལོ1911ལོའི་བར་གྲོང་ཚོ་དེར་སྒེར་བཙུགས་སློབ་གྲྭར་སློབ་སྦྱོང་གནང་བ་དང་། སྤྱི་ལོ1912ལོར་ཐན་ཅ་མེས་པོའི་མཆོད་ཁང་གི་སྒེར་བཙུགས་སློབ་གྲྭའི་ནང་སློབ་སྦྱོང་གནང་། སྤྱི་ལོ1915ལོར་ཞང་ཞང་རྫོང་གི་ལི་ཏུང་ཧྲན་མཐོ་རིམ་སློབ་ཆུང་དུ་སློབ་སྦྱོང་ལོ་གཅིག་བྱས།

1_2 གསར་བརྗེར་ཞུགས་པ།

དམག་ཤེད་ཅན་ལ་ངོ་རྒོལ།

སྤྱི་ལོ1916ལོར་དམག་ནང་དུ་ཞུགས། སྤྱི་ལོ1916ལོ་ནས་སྤྱི་ལོ1920ལོའི་བར་དུ་ཞང་ཨེ་གཡུལ་འགྱེད་སོགས་ཀྱི་གཡུལ་འགྱེད་ལ་ཞུགས།

སྤྱི་ལོ1921ལོར། ཡུའེ་དབྱང་ནས་དམག་དཔུང་དང་ཁ་བྲལ་ནས་ཁྲང་ཧྲ་དང་། ཀོང་ཏུང་ལྕགས་ལམ་ཧུའུ་ནན་ཅུས་ཀྱི་ལས་སྒྲུབ་པ་བྱས་ཏེ། ཕྱོགས་གཅིག་ནས་གསབ་སྦྱོང་སློབ་གྲྭ་དང་ལས་ཞོར་སློབ་འབྲིང་དུ་ཞུགས་ནས་མུ་མཐུད་དུ་སློབ་སྦྱོང་བྱས། ཁྲང་ཧྲ་རུ“གཞོན་ནུའི་རྒྱལ་སྐྱོབ་ཚོགས་པ”སོགས་མང་ཚོགས་ཚོགས་པར་ཞུགས་ནས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་རྒྱལ་ཁབ་ལ་གཅེས་པའི་བྱེད་སྒོ་ཧུར་ཐག་གིས་སྤེལ།

སྤྱི་ལོ1922ལོར་བློ་མཐུན་མའོ་ཙེ་ཏུང་གིས་དར་སྤེལ་གནང་ནས་འཛུགས་གཉེར་གནང་བའི་རང་སྦྱོང་སློབ་ཆེན་དུ་ཞུགས་པ་དང་། བློ་མཐུན་མའོ་ཙེ་ཏུང་གི་འགོ་ཁྲིད་འོག་གི་གསར་བརྗེའི་ཚོགས་པ་དང་འབྲེལ་གཏུག་དམ་ཟབ་བྱས་ནས་གསར་བརྗེའི་བྱེད་སྒོར་ཞུགས་པ་རེད།

སྤྱི་ལོ1923ལོའི་ཟླ6པའི་ཚེས1ལ།“ཧུའུ་ནན་ཕྱི་འབྲེལ་རྒྱབ་རོགས་ཚོགས་པའི”ལག་བསྟར་ཨུ་ཡོན་གྱི་འགན་ཁུར་ཞིང་། འཇའ་རྒོལ་འཐབ་རྩོད་ལ་ཞུགས་པ་དང་འབྲེལ་རྨས་ཕོག སྤྱི་ལོ1923ལོའི་ཟླ12པར་ཁྲང་ཧྲ་ནས་ཀོང་ཀྲོའུ་སྐམ་དམག་གི་སློབ་གྲྭར་རྒྱུགས་འཕྲོད།

1_3 རྒྱལ་དམངས་གསར་བརྗེ་ཆེན་པོ།

སྤྱི་ལོ1924ལོའི་ཟླ2པར་ཀོང་ཀྲོའུ་སྐམ་དམག་སློབ་གྲྭར་སོང་།

སྤྱི་ལོ1925ལོར་ཧོང་ཕུའུ་དམག་དཔོན་སློབ་གྲྭའི་སྐབས་གཉིས་པའི་དམག་མི་ལེན་ཀྲང་དང་། ཐེངས་གསུམ་པའི་དངོས་གཞིའི་རུ་དཔོན་གཞོན་པའི་འགན་བཞེས།    

སྤྱི་ལོ1926ལོའི་ཟླ7པར་ཀོང་ཏུང་རྒྱལ་དམངས་གསར་བརྗེ་དམག་གིས་བྱང་འདུལ་བྱས་ཤིང་། བྱང་འདུལ་དམ་བཅའི་ནང་དུ་ཞུགས། སྤྱི་ལོ1926ལོའི་ཟླ9བར་ཏང་ཀྲུང་དབྱང་གིས་སུའུ་ལེན་ལ་ཆབ་སྲིད་སྲུང་སྐྱོབ་ཀྱི་བྱ་བ་དང་མང་ཚོགས་ཀྱི་དྲག་པོའི་གྱེན་ལངས་ཀྱི་ཉམས་མྱོང་སློབ་སྦྱོང་བྱེད་དུ་མངགས།

སྤྱི་ལོ1927ལོའི་ཟླ2པར་སུའུ་ལེན་ནས་ཧྲང་ཧའེ་ལ་ལོག སྤྱི་ལོ1927ལོའི་ཟླ3པར་ཝུའུ་ཧན་དུ་ཕེབས་པ་དང་། བྱང་འདུལ་དམག་གི་དཔུང་ཚོགས2པར་གསང་མྱུལ་ཡིང་གི་རུ་དཔོན་གྱི་འགན་བཞེས། སྤྱི་ལོ1927ལོའི་ཟླ4པར་ཝུའུ་ཧན་དུ་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པར་ཞུགས། སྤྱི་ལོ1927ལོའི་ཟླ5པར་ཧན་ཁོའུ་རུ་ཧྲང་ཧའེ་ཡི་འཐུས་མི་ཝང་ཀེན་དབྱིན་དང་གཉེན་སྒྲིག་བྱས།

སྤྱི་ལོ1928ལོ་ནས་སྤྱི་ལོ1932ལོའི་བར། མིང་ལ་ཝང་ཡུང་ཟེར། ཧྲང་ཧའེ་ཀྲུང་དབྱང་དམིགས་བསལ་ཚན་ཁག་ཏུ་བྱ་བ་སྒྲུབ་ཅིང་། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་དང་འཐབ་རྩོད་བྱས། སྤྱི་ལོ1931ལོའི་ཟླ6པར་ཀྲུང་དབྱང་གི་དམིགས་བསལ་ཚན་ཁག་ནས་ཐེན་ཅིན་དུ་ལས་ཀ་བྱེད་པར་མངགས།

སྤྱི་ལོ1932ལོའི་ཟླ6པར་དམག་དཔུང་ཁྲིད་དེ་ཧུའུ་པེ་དང་། ཧོ་ནན། ཨན་ཧུའེ་བཅས་ཀྱི་སུའུ་ཝེ་ཨེད་ས་ཁུལ་དུ་སྐོར་བཅོམ་ལ་ངོ་རྒོལ་བྱེད་པའི་དམག་འཐབ་ཐེངས་བཞི་པར་ཞུགས། སྤྱི་ལོ1932ལོའི་ཟླ9པར་དམར་དམག་དཔུང་ཕྱོགས་སྒར་ཆེན་བཞི་བའི་ཚན་མོའུ་ཀྲང་ལ་བསྐོས། སྤྱི་ལོ1932ལོའི་ཟླ11པར་ཧྲང་ཧེ་ལ་སོང་ནས་ཡང་བསྐྱར་ཉིའུ་ཧུའེ་ལིན་རུས་ནད་སྨན་ཁང་དུ་སོང་ནས་རྐང་པར་སྨན་བཅོས་བྱས། སྤྱི་ལོ1932ལོར་ཧྲང་ཧའེ་ཀྲུང་དབྱང་ཅུའུ་ནས་ཀྲང་གོ་ཐའོ་ཡི་ནོར་འཁྲུལ་ལམ་ཕྱོགས་ལ་ཐེར་འདོན་བྱས།

སྤྱི་ལོ1933ལོའི་ཟླ3པའི་ཚེས24ཉིན་ཧྲང་ཧེ་ནས་འཛིན་བཟུང་བྱས། སྤྱི་ལོ1933ལོའི་ཟླ5བར་ནན་ཅིན་ནས་བྲོས་ཤིང་། ཀྲུང་དབྱང་དམར་པོའི་ས་ཁོངས་སུ་མངགས་ནས་དམར་དམག་རྐང་དམག་སློབ་གྲྭ་དང་པོ་སྟེ་ཕེང་དབྱང་རྐང་དམག་སློབ་གྲྭའི་སློབ་གཙོ་བྱས།

སྤྱི་ལོ1934ལོའི་ཟླ10པར་ཀྲུང་དབྱང་དམར་དམག་དང་མཉམ་དུ་རྒྱང་སྐྱོད་བྱས་ཤིང་། དམར་དམག་ལས་བྱེད་པའི་ཐོན་གྱི་ཐོན་ཀྲང་གི་འགན་བཞེས།

སྤྱི་ལོ1935ལོའི་ཟླ11པར་དམག་དཔུང་ཁྲིད་དེ་ཀྲི་ལུའོ་གྲོང་རྡལ་གྱི་དམག་འཁྲུག་ལ་ཞུགས་པ་དང་། ཐེངས3པར་རྨས་བྱུང་ཞིང་། ལག་གཡོན་མའི་མཐེ་བོང་བརྟོལ། སྤྱི་ལོ1935ལོའི་ཟླ12པར་དམར་དམག་ཧྲི་དང་པོའི་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ1936ལོའི་ཟླ3པར་དམར་དམག་གིས་ཤར་འདུལ་བྱས་ཤིང་། དམག་དཔུང་གི་སྣེ་ཁྲིད་དེ་ཧྲན་ཞིར་དཔུང་འཇུག་བྱས་ཏེ། ཐུང་ཕུའུ་ལྕགས་ལམ་གྱི་ལམ་རྒྱུད་དུ་དམག་འཐབ་བྱས།

འཇར་འགོག་དམག་འཁྲུག་གི་དུས་སྐབས།

སྤྱི་ལོ1937ལོའི་ཟླ2པར་ཡན་ཨན་ཀྲུང་གོའི་འཇའ་འགོག་དམར་དམག་སློབ་ཆེན་གྱི་སྐབས་གཉིས་པར་སློབ་སྦྱོང་བྱས། སྤྱི་ལོ1937ལོའི་ཟླ10བའི་ཚེས22ཉིན། དམག་དཔུང་ཁྲིད་ནས་ཅིན་ཞིན་དང་ཅིའུ་ཀོན་བར་གྱི་ཁྲང་ཧྲིན་ཁོའུ་ལ་མཚན་རྒོལ་བྱས།

སྤྱི་ལོ1938ལོའི་ཟླ12པའི་ཚེས21ཉིན། དམག་དཔུང་ཁྲིད་ནས་ཕིན་ཧན་ལྕགས་ལམ་ཤར་ཕྱོགས་སུ་བསྐྱོད་དེ། སྤུན་ཟླའི་དམག་དཔུང་དང་མཉམ་དུ་ཅི་ལུའུ་ཡུས་བདེ་ཐང་དུ་དམག་འཐབ་བྱས།

སྤྱི་ལོ1939ལོའི་ཟླ3པའི་ཚེས7ཉིན་དམག་དཔུང་གི་སྣེ་ཁྲིད་དེ་ཐའེ་ཧང་དུ་ཕྱིར་ལོག་བྱས། སྤྱི་ལོ1939ལོའི་ཟླ4བའི་ཚེས3ལ་དམག་དང་སྤུན་ཟླའི་དམག་དཔུང་ཁྲིད་དེ། ལི་ཁྲེང་རྫོང་གི་ཧྲང་ཀྲའོ་སྡེ་བར་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེས་གཟིགས་ཞིབ་གནང་།

སྤྱི་ལོ1940ལོའི་ཟླ10བའི་ཚེས30ཉིན་སྤུན་ཟླའི་དམག་དཔུང་ཁྲིད་དེ་ཝུའུ་ཞང་ཀོན་ཅ་དབྱིན་གྱིས་འཇར་དམག་གི་ཀང་ཆི་རུ་ཆེན་གྱི་མི500ལྷག་བསྐོར་བ་རེད། དགྲ་དམག400ལྷག་ཚར་གཅོད་བྱས། དམག་འཁྲུག་ཁྲོད་དུ་ཐོན772པའི་བརྒྱ་ཤོག་དང་པོས་ཐེངས་མང་པོར་ཕར་རྒོལ་བྱས་ཏེ་དགྲ་དམག་དང་ཡང་ཡང་དམར་འཛིང་བྱས་མཐར། ཤི་རྨས་མི3ལས་མེད་ཅིང་། སྔར་བཞིན་འཐབ་འཛིང་རྒྱུན་འཁྱོངས་བྱས། ཕྱོགས་ཀུན་ནས་ཕར་རྒོལ་བྱེད་སྐབས། ཁོངས་གཏོགས་དམག་དཔུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཀོན་ཅ་དབྱིན་གྱི་གཡུལ་སར་ཡོད་པའི་དགྲ་དམག་ལ་བསྟུད་མར་ཕར་རྒོལ་ཐེངས18བྱས་པ་དང་། དགྲ་བོ་དང་ཡང་ཡང་དམར་འཛིང་ཐེངས་མང་བྱས་པས། སྔོན་འགྱེལ་རྗེས་མཐུད་དང་དཔའ་ངར་ཞུམ་མེད་ཀྱི་དམག་འཐབ་དཔའ་ཉམས་མངོན།

སྤྱི་ལོ1941ལོའི་ཟླ5བའི་ཚེས19ཉིན་བཀའ་ལྟར་དམག་དཔུང་ཁྲིད་དེ་ཧུང་ཏུང་གི་བྱང་ཕྱོགས་སུ་ཕར་རྒོལ་བྱས། སྤྱི་ལོ1941ལོའི་ཟླ9པར་ཧྲན་ཞི་དང་། ཧོ་པེ། ཧྲན་ཏུང་། ཧོ་ནན་བཅས་ཞིང་ཆེན་བཞིའི་འབྲེལ་མཚམས་ས་ཁུལ་དུ་སྲིད་གཞུང་བཙུགས་རྗེས། ཐའེ་ཡུའེ་སྲིད་འཛིན་ལས་ཁུངས་བཙུགས།

སྤྱི་ལོ1942ལོའི་ཟླ10པར་དགྲ་བོས་ཆིན་ཡོན་བཙན་བཟུང་བྱས། སྤྱི་ལོ1942ལོའི་ཟླ12པར། དམག་དཔུང་ལ་བཀོད་འདོམས་བྱེད་པའི་དམག་དཔུང་ཞིག་གིས་ཡུལ་དམག་དང་མཉམ་དུ་ཆིན་ཡོན་བསྐོར་བ་རེད།

སྤྱི་ལོ1943ལོའི་ཟླ11པར་ཡན་ཨན་དུ་ཕེབས། སྤྱི་ལོ1943ལོའི་ཟླ12པར་ཡན་ཨན་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་སྦྱོང་གནང་བར་ཕེབས།

སྤྱི་ལོ1945ལོའི་ཟླ4པར་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པར་ཞུགས་ནས་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་དུ་བདམས། སྤྱི་ལོ1945ལོའི་ཟླ8པའི་ཚེས10ཉིན་འཇར་པན་གྱིས་མགོ་འདོགས་རྒྱུའི་ཁྱབ་བསྒྲགས་བྱས། སྤྱི་ལོ1945ལོའི་ཟླ8པའི་ཚེས25ཉིན། ཡན་ཨན་ནས་ཐའེ་ཧང་ལ་འཕུར་ཏེ་དམག་དཔུང་དུ་ལོག སྤྱི་ལོ1945ལོའི་ཟླ9བའི་ཚེས7ཉིན། ཐེ་ཡུའེ་ཁུལ་གྱི་དམར་དམག་གཙོ་ཤུགས་ཀྱིས་ཧྲན་ཞི་དང་། ཧོ་པེ། ཧྲན་ཏུང་། ཧོ་ནན་བཅས་ཞིང་ཆེན་བཞིའི་འབྲེལ་མཚམས་ཀྱི་བྱེས་འཐབ་དམག་སྡེའི་ཐེ་ཡུའེ་ཙུང་ཏུའེ་རུ་ཁག་བཙུགས། སྤྱི་ལོ1945ལོའི་ཟླ10བའི་ཚེས17ཉིན་བཀའ་ལྟར། ཐའེ་ཡུའེ་དམག་ཁུལ་གྱི་གཙོ་ཤུགས་དམག་དཔུང་ཙུང་ཏུའེ་རུ་ཁག་བཞི་བར་བསྒྲིགས་ཤིང་ཙུང་ཏུའེ་རུ་ཁག་གི་སི་ལིང་ཡོན་བྱས།

1_4 བཅིངས་འགྲོལ་དམག་འཁྲུག

སྤྱི་ལོ1946ལོའི་ཟླ2པའི་ཚེས14ཉིན། འབུམ་ཤོག་བཅུ་གསུམ་པའི་ཚུར་རྒོལ་ལ་རྡུང་རྡེག་བྱས་ཏེ། འབུམ་ཤོག་བཅུ་གསུམ་པའི་སྤྱི་ཁྱབ་སི་ལིན་ཝང་ཅིན་གོ་ལ་བཙན་གྱིས་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་མཐུན་བཞག སྤྱི་ལོ1946ལོའི་ཟླ2པ་ནས་ཟླ6པའི་བར་ཐའེ་ཡུའེ་དམག་དཔུང་གི་འཐུས་ཚབ་བྱས་ཏེ། ལིན་ཧྥུན་དང་ཐའེ་ཡོན་གཉིས་སུ་སོང་ནས་དམག་དོན་འདུམ་སྒྲིག་ལག་བསྟར་ཚོ་ཆུང་གི་བྱ་བར་ཞུགས། སྤྱི་ལོ1946ལོའི་ཟླ9བའི་ཚེས22ནས་ཚེས24བར་ལིན་ཧྥུན་དང་ཧྥུ་ཧྲན་བར་དུ་ཅང་དམག་ཧུའུ་ཙུང་ནན་གྱི་མངའ་འོག་གི་ཧྲག་དམག་ཚར་གཅོད་བྱས། ཚེས25ཉིན་ཀྲུང་དབྱང་དམག་ཨུས་དམག་ཡོངས་ཀྱི་དཔུང་སྡེ་ཁག་གི་འགོ་ཁྲིད་པར《ཁྲེན་ཀེང་ཙུང་གི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་སྐོར་གྱི་བརྡ་ཁྱབ》བཏང་ནས་རྒྱལ་ཁའི་དོན་སྙིང་གལ་ཆེན་དང་ཁྲེན་ཀེང་གི་ཁྱད་དུ་འཕགས་པའི་དམག་དོན་བཀོད་འདོམས་སྒྱུ་རྩལ་ལ་ཚད་མཐོའི་གདེང་འཇོག་གནང་། སྤྱི་ལོ1946ལོའི་ཟླ་11པ་ནས་ཟླ1པོའི་བར་དམག་དཔུང་ཁྲིད་ནས་ཡན་ཨན་ལ་སྲུང་སྐྱོབ་དང་། ཅིན་སུའེ་དམག་དཔུང་ལ་གཞོགས་འདེགས་བྱས་ནས་ལུའི་ལིའང་ས་ཁུལ་ལ་དཔུང་འཇུག་བྱས།

སྤྱི་ལོ1947ལོའི་ཟླ7པའི་ཚེས27ཉིན། ཀྲུང་དབྱང་གིས་གློག་འཕྲིན་བཏང་ནས་ཁྲེན་ཀེང་པིང་ཐོན་ལ་གཡུལ་སའི་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ཏེ། ཁྲེན་ཀེང་ཧྲུའུ་ཅི་ཡིན་པའི་བཀའ་ཕབ།

སྤྱི་ལོ1948ལོའི་ཟླ3པའི་ཚེས14ཉིན། དམག་དཔུང་ཁྲིད་དེ་ཧྭ་ཡེ་ཡི་དམག་དཔུང་དང་མཉམ་དུ་གནའ་བོའི་རྒྱལ་ས་ལུའོ་དབྱང་ལ་བཅིངས་འགྲོལ་བྱས། སྤྱི་ལོ1948ལོའི་ཟླ8པའི་ཚེས23ཉིན་ལྷོ་ཕྱོགས་སུ་དཔུང་འཇུག་བྱས། སྤྱི་ལོ1948ལོའི་ཟླ10བའི་ཚེས22ཉིན། དམག་དཔུང་ཁྲིད་དེ་སྤུན་ཟླའི་དམག་དཔུང་དང་མཉམ་དུ་ཀྲེན་ཀྲོའུ་བཅིངས་འགྲོལ་བྱས། སྤྱི་ལོ1948ལོའི་ཟླ10བའི་ཚེས23ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཀྲེང་ཀྲོའུ་བཅིངས་འགྲོལ་བཏང་།

1949ལོའི་ཟླ་1པའི་ཚེས་24ཉིན་ཧྲང་ཆིའུ་རུ་ཀྲུང་ཡོན་ཅུས་ཀྱི་གྲོས་ཚོགས་སུ་ཞུགས། སྤྱི་ལོ1949ལོའི་ཟླ10པའི་ཚེས21ཉིན་ཀོང་ཀྲོའུ་རུ་འབྱོར།

རྒྱལ་ཁབ་དབུ་བརྙེས་པའི་དམག་དཔོན་ཆེན་པོ།

སྤྱི་ལོ1950ལོའི་ཟླ1པའི་ཚེས4ཉིན་ནན་ཉིང་ནས་འགོ་འཛིན་བྱས་ཏེ་པིང་ཐོན་ཏང་ཨུའི་རྒྱས་འཛོམས་གྲོས་ཚོགས་བསྡུས། སྤྱི་ལོ1950ལོའི་ཟླ9བའི་ཚེས16ཉིན་ས་མཚམས་གཡུལ་འགྱེད་མགོ་བརྩམས། སྤྱི་ལོ1950ལོའི་ཟླ10བའི་ཚེས12ཉིན་ས་མཚམས་གཡུལ་འགྱེད་མཇུག་རྫོགས། སྤྱི་ལོ1950ལོའི་ཟླ11པའི་ཚེས་1ཉིན། སྤྱི་ལོ1950ལོའི་ཟླ11པའི་ཚེས2ཉིན་མཐའ་མཚམས་ལས་བརྒལ་ཏེ་ཀོང་ཞི་ལུང་ཀྲོའུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཡན་ལག་ཁུལ་གྱི་དམག་སྤྱི་ཁང་དུ་འབྱོར། སྤྱི་ལོ1950ལོའི་ཟླ11པའི་ཚེས4ཉིན་ནན་ཉིང་དུ་འབྱོར། སྤྱི་ལོ1950ལོའི་ཟླ་11པའི་ཚེས་29ཉིན་པེ་ཅིན་དུ་འབྱོར།

སྤྱི་ལོ1951ལོའི་ཟླ4བའི་ཚེས25ཉིན་ཀྲུང་གོ་མི་དམངས་དང་བླངས་དམག་གི་འབུམ་དཔུང་གསུམ་པའི་སི་ལིན་དང་ཆབ་སྲིད་ཨུ་ཡོན་གཅིག་ལྕོགས་ཀྱི་འགན་བཞེས། སྤྱི་ལོ1951ལོའི་ཟླ5བའི་ཚེས27ཉིན། ཁྲེན་ཀེང་གིས་ཀྲུའུ་ཞི་མའོ་ཙེ་ཏུང་དང་མཉམ་དུ་ཕེང་ཏེ་ཧོའེ་རྒྱལ་ནང་དུ་བྱ་བ་ཡར་ཞུ་བྱེད་པར་མངགས་གཏོང་བྱས་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་ཚན་མོའུ་ཀྲང་ཞི་ཧྥང་ལ་མཇལ་འཕྲད་གནང་། སྤྱི་ལོ1951ལོའི་ཟླ6ཚེས8ཉིན་ཀྲུང་གོ་མི་དམངས་དང་བླངས་དམག་གི་དམག་སྤྱི་གཞོན་པའི་འགན་བཞེས། སྤྱི་ལོ1951ལོའི་ཟླ8པའི་ཚེས17ཉིན་ཧྲིན་དབྱང་ནས་མགོ་བརྩམས་ཏེ་ཁྲའོ་ཞན་དུ་བསྐྱོད། སྤྱི་ལོ1951ལོའི་ཟླ8པའི་ཚེས21ཉིན་ཕིང་དབྱང་དུ་འབྱོར། སྤྱི་ལོ1951ལོའི་ཟླ9བའི་ཚེས15ཉིན། དང་བླངས་དམག་གི་དམག་སྤྱི་ཁང་དང་མཉམ་དུ་ཕིང་དབྱང་ནུབ་ཕྱོགས་ཀྱི་ཧུའེ་ཁྲང་དུ་སྤོས།

སྤྱི་ལོ1952ལོའི་ཟླ3པའི་ཟླ་འགོར། ཁྲའོ་ཞན་ནས་ཕྱིར་ལོག ཟླ3པའི་ཚེས27ཉིན་བཀའ་བཞིན་དང་བླངས་དམག་གི་དམག་སྤྱི་ཁང་དུ་ལོག སྤྱི་ལོ1952ལོའི་ཟླ7པའི་ཚེས8ཉིན་ཀྲུའུ་ཞི་མའོ་ཙེ་ཏུང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་དམག་དོན་བཟོ་སྐྲུན་སློབ་གླིང་གི་ཡོན་ཀྲང་གི་འགན་བཞེས། སྤྱི་ལོ1952ལོའི་ཟླ9བའི་ཚེས1ཉིན་དམག་དོན་བཟོ་སྐྲུན་སློབ་གླིང་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1953ལོའི་ཟླ9པའི་ཚེས1ཉིན་དམག་དོན་ལས་གྲྭ་སློབ་གླིང་གི་སློབ་འགོ་ཚུགས་ཤིང་། ཡོན་ཀྲང་དང་ཆབ་སྲིད་ཨུ་ཡོན་གཅིག་ལྕོགས་བཞེས། སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།  

སྤྱི་ལོ1954ལོའི་ཟླ9པར་དམག་དོན་འཐུས་ཚབ་ཚོགས་པར་ཞུགས་ནས་སུའུ་ལེན་ལ་འཚམས་འདྲི་བྱས། སྤྱི་ལོ1954ལོའི་ཟླ10ཚེས31ཉིན་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ1955ལོའི་ཟླ9པའི་ཚེས27ཉིན་དམག་དཔོན་ཆེན་མོའི་གོ་རྟགས་གནངས། དུས་མཚུངས་སུ་རིམ་པ་དང་པོའི་བརྒྱད་གཅིག་གཟེངས་རྟགས་དང་། རིམ་པ་དང་པོའི་རང་བཙན་རང་དབང་གི་གཟེངས་རྟགས། རིམ་པ་དང་པོའི་བཅིངས་འགྲོལ་བྱས་རྗེས་གཟེངས་རྟགས་བཅས་གནང་བ་རེད། སྤྱི་ལོ1955ལོའི་ཟླ9པའི་ཚེས29ཉིན་སྐབས་དང་པོའི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ1956ལོའི་ཟླ4པར་དམག་དོན་འཐུས་མི་ཚོགས་པ་ཁྲིད་དེ་ཡོ་ནན་ལ་འཚམས་འདྲི་བྱས། སྤྱི་ལོ1956ལོའི་ཟླ9པར་ཀྲུང་གུང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པར་ཞུགས་ནས་ཀྲུང་དབྱང་ཨུ་ཡོན་དུ་བདམས།

1_5 ཚེ་མཇུག་གི་འཚོ་བ།

སྤྱི་ལོ1957ལོའི་ཟླ་5བའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམག་དོན་བཟོ་སྐྲུན་སློབ་གླིང་གི་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་འཁུར་མི་དགོས་མོད། འོན་ཀྱང་སྔར་བཞིན་ཡོན་ཀྲང་དང་ཏང་ཨུའི་ཧྲུའུ་ཅིའི་འགན་གཅིག་ལྕོགས་ཀྱིས་ཁུར། སྤྱི་ལོ1957ལོའི་ཟླ9པའི་ཟླ་འགོར་དམག་དོན་འཐུས་ཚབ་ཚོགས་པར་ཞུགས་ནས་སུའུ་ལེན་ལ་འཚམས་འདྲི་བྱས། སྤྱི་ལོ1957ལོའི་ཟླ12པའི་ཚེས19ཉིན་གློ་བུར་དུ་སྙིང་རྩ་འགགས་པའི་ནད་བྱུང་།

སྤྱི་ལོ1958ལོའི་ཟླ9བའི་ཚེས25ཉིན་རྒྱལ་སྲུང་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1959ལོའི་ཟླ9པའི་ཚེས16ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་འཁུར། སྤྱི་ལོ1959ལོའི་ཟླ9པའི་ཚེས26ཉིན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས། སྤྱི་ལོ1959ལོའི་ཟླ10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གཞོན་པའི་གོ་གནས་ནས་ཕྱིར་འཐེན་བྱས།

སྤྱི་ལོ1961ལོའི་ཟླ2པར་པེ་ཅིན་ནས་ཧྲང་ཧེ་ལ་སོང་ནས་གསོ་བཅོས་བྱས། ཧྭ་ཧྲན་རི་ལམ་གྱི་ཧྭ་ཤར་ཅུའུ་སྣེ་ལེན་ཁང་དུ་བསྡད། སྤྱི་ལོ1961ལོའི་ཟླ3པའི་ཚེས7ཉིན་ནས་བཟུང་ནད་ཡོད་བཞིན་དུ《དམག་འཐབ་ཀྱི་ཉམས་མྱོང་ཕྱོགས་བསྡོམས》དང《གླེང་གཞི》དང《དམག་འཐབ་གྲ་སྒྲིག》《ཕར་རྒོལ》《སྔོན་འགོག》《ཕྱིར་སྙེག》《རྗེས་སྙེག》《གནས་སྤོ》བཅས་ལེའུ6བྲིས།

སྤྱི་ལོ1961ལོའི་ཟླ3པའི་ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད8དང་སྐར་མ45སྟེང་ཧྲང་ཧེ་ནས་ཚེ་ལས་སྐུ་གཤེགས།

2 བརྩམས་ཆོས་གཙོ་བོ།

《དམག་འཐབ་ཀྱི་ཉམས་མྱོང་ཕྱོགས་བསྡོམས》

《ལྷོ་རྒྱུད་མཐའ་མཚམས་སུ་བསྡད་པའི་རིང་གི་དམག་འཁྲུག་ཐེངས་གསུམ》

3 དྲན་གསོའི་གནས།
3_1 དམག་སྤྱི་ཁང་གི་གནས་རྙིང་།

ཐའེ་ཧང་ཐའེ་ཡུའེ་དམག་ཁུལ་གྱི་དམག་སྤྱི་ཁང་གི་གནས་རྙིང་པ་ནི་ཧྲན་ཞི་ཞིང་ཆེན་ཆིན་ཡོན་རྫོང་ཡན་ཀྲའེ་རུ་ཡོད།

3_2 བཞུགས་གནས་རྙིང་།

ཁྲེན་ཀེང་གི་བཞུགས་གནས་རྙིང་པའི་མཛེས་ལྗོངས་ཁུལ་ནི་ཧུའུ་ནན་ཞིང་ཆེན་ཤང་ཞང་གྲོང་ལུང་ཏུང་གྲོང་རྡལ་ཆོན་ཧུའུ་གྲོང་ཚོར་གནས་ཡོད་པ་དང་། བཞུགས་གནས་རྙིང་པ་དང་། བང་སོའི་གླིང་། རྟེན་རྫས་བཤམས་མཛོད་ཁང་བཅས་ཁག་གསུམ་ལས་གྲུབ་པ་དང་རྒྱ་ཁྱོན་ལ་མུའུ60ཙམ་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཁྲེན་ཀེང་། དམག་དཔོན། དམག་དོན་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-29

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།