ཉིན་མཚན་བདུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉིན་མཚན་བདུན།
རང་རེའི་དམག་དཔུང་གིས་ཡན་ཨན་ལ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ནང་དཔའ་ངར་ཞུམ་མེད་ཀྱིས་འཐབ་འཛིང་ཉིན་མཚན་བདུན་ལ་བྱས་མཐར། དགྲ་བོ་ལས་རྣམ་པར་རྒྱལ་བ་རེད། གློག་བརྙན་འདི་ནི་ཁྲང་ཁྲུན་གློག་བརྙན་བཟོ་གྲྭ་དང་ཞིས་ཨན་གློག་བརྙན་བཟོ་སྐྲུན་བཟོ་གྲྭས་སྤྱི་ལོ1962ལོར་མཉམ་ལས་བྱས་ནས་བསྐྲུན་པའི་ཕུལ་བྱུང་གི་དམག་འཁྲུག་གཏམ་རྒྱུད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
七天七夜
དབྱིན་ཡིག་གི་མིང་།
Seven Days And Nights
ཀུང་སི།
ཧྲང་ཧའེ་གློག་བརྙན་བཟོ་གྲྭ། ཞིས་ཨན་གློག་བརྙན་བཟོ་གྲྭ།
གློག་བརྙན་འཁྲབ་ཡུལ།
ཀྲུང་གོའི་སྐམ་ས་ཆེན་པོ།
འཁྲབ་ཁྲིད་པ།
ཝུའུ་ཀྲོ་ཐི།
འཁྲབ་གཞུང་།
ལི་ཅིན།
གཙོ་འཁྲབ་པ།
པའེ་ཏེ་ཀྲང་དང་། ཝང་ཡན་ཧྲེང་། ཀྲང་ཧྥེང་ཞང་། སུང་པའོ་དབྱི། ཀྲང་ཡན།
རིགས།
ཟློས་གར།
ཚོན་མདངས།
དཀར་ནག
སྟོན་དུས།
སྤྱི་ལོ1962ལོ།
1 ནང་དོན་མདོར་བསྡུས།
1_1 དཀའ་ཚེགས་ཆེ་བའི་འཐབ་རྩོད།

སྤྱི་ལོ1947ལོའི་ཟླ3པར། གོ་མིན་ཏང་ཧུའུ་ཙུང་ནན་གྱི་ཇག་པའི་དམག་དཔུང་གིས་ཡན་ཨན་ལ་ཚུར་རྒོལ་བྱས། ཅང་ཅེ་ཧྲིས་སྨྱོ་ཧམ་ཆེན་པོས་ཉིན་གསུམ་གྱི་ནང་ལ་ཡན་ཨན་བླངས་ནས་ཁོ་པའི་སྦྱིན་བདག་ཨ་རི་བཙན་རྒྱལ་རིང་ལུགས་ཀྱི་ཨ་སྒོར་ལ་བརྗེ་དགོས་བསམ། དགྲ་བོའི་ལུའི་ཤོག་སོ་གཅིག་ནི་མདུན་ཕྱོགས་སྲུང་དམག་གི་ལུའི་ཤོག་ཡིན་ཞིང་། ཁོ་ཚོས་ཡན་ཨན་ལ་སྨྱོ་ཧམ་ཆེན་པོས་ཚུར་རྒོལ་བྱེད་འགོ་བརྩམ་པ་རེད། དམག་ཤུགས་གཅིག་ཏུ་བསྡུས་ནས་དགྲ་བོ་རྩ་མེད་དུ་གཏོང་ཆེད། རང་དམག་གི་ལུའི་ཆེ་གེ་མོ་ཞིག་གིས་ཡན་ཨན་ལ་སྲུང་སྐྱོབ་བྱེད་པའི་འགན་ཁུར། སུང་ཧྲོ་ལིན་སྲུང་བའི་ལས་འགན་དེ་བརྒྱ་ཤོག་གཉིས་པར་སྤྲད། བརྒྱ་ཤོག་གཉིས་པའི་མཛུབ་སྟོན་པས་རང་སྲོག་བློས་བཏང་བ་དང་། ལུའི་ཀྲང་གིས་སུའུ་ཆང་མངགས་ནས་བརྒྱ་ཤོག་གཉིས་པར་བཀོད་འདོམས་བྱེད་དུ་བཅུག་པར་མ་ཟད། ཁོ་ཚོས་སུང་ཧྲོ་ལིན་ས་ཁུལ་དུ་ཉིན་བདུན་ལ་སྲུང་། དགྲ་དམག་གིས་གཡུལ་ས་བཙན་བཟུང་བྱེད་སྐབས། ཁོ་ཚོས་མྱུར་དུ་དམག་འཐབ་བཀོད་འདོམས་བྱས་ཏེ། མཐར་དགྲ་བོའི་ཚུར་རྒོལ་ལས་རྒྱལ་བ་རེད། སུའུ་ཆང་གཡུལ་སར་སླེབས་རྗེས། བརྒྱ་ཤོག་གཉིས་པའི་འཐབ་འཛིང་བའི་ཁྲོད་དུ་དགྲ་བོར་མཐོང་ཆུང་དང་ང་རྒྱལ་བྱེད་པའི་བསམ་བློ་ཡོད་པ་ཤེས་རྗེས། དུས་ཐོག་ཏུ་ཁོ་ཚོར་རོགས་རམ་བྱས་ཏེ་བསམ་བློ་འདི་ཡོ་བསྲང་བྱས་པར་མ་ཟད། འཐབ་མོ་བ་རྣམས་རྩ་འཛུགས་བྱས་ཏེ་འཛིང་རགས་ཞིག་གསོ་བྱས་ནས། དགྲ་དམག་གི་ཕར་རྒོལ་ཐེངས་བཅུ་ཕྲག་ལྷག་ལས་རྣམ་པར་རྒྱལ་བ་རེད། སྐབས་འདིར། ཅུའུ་འེར་གྱི་གཡས་ཕྱོགས་གཡུལ་ས་དགྲ་བོས་བཟུང་བ་དང་། འགོག་སྲུང་གི་དོན་སྙིང་ཤོར་བས། ཕྱིར་འཐེན་བྱས་ནས་ས་འདིའི་གཡུལ་ས་བརྟན་སྲུང་བྱེད་དགོས་པའི་བཀའ་ཕབ། འཐབ་འཛིང་པ་རྣམས་ཀྱིས་གོང་རིམ་གྱིས་རང་འགུལ་ངང་ཕྱིར་འཐེན་བྱ་རྒྱུའི་ཆོད་དོན་མ་ཤེས་པས། ཕྱིར་འཐེན་བྱ་རྒྱུར་མོས་མཐུན་མ་བྱས་པ་རེད། ཡིན་ནའང་སུའུ་ཆང་གིས་གོ་སྐོན་བློ་འགུགས་བྱས་པར་བརྟེན་གོང་རིམ་གྱི་བཀའ་ལག་ལེན་དུ་བསྟར་བ་རེད། གདུག་རྩུབ་ཆེ་བའི་འཐབ་འཛིང་དེ་སུང་ཧྲོ་ལིན་དུ་སྤེལ་ཞིང་། ཉིན་ཁ་ཤས་རིང་ལ་དམག་འཐབ་བྱས་ཀྱང་དགྲ་བོས་སྔར་བཞིན་ཡན་ཨན་དུ་གོམ་པ་གང་ཡང་སྤོ་མ་ཐུབ། སྐབས་འདིར། གཡོ་སྒྱུ་ཆེ་བའི་དགྲ་བོའི་ལུའི་ཀྲང་གིས་ཕྱོགས་གཅིག་ནས་དམག་དཔུང་རྩ་འཛུགས་བྱས་ཏེ་མདུན་ཕྱོགས་སུ་རྒོལ་ཁུལ་བྱས་ཤིང་། ཕྱོགས་གཅིག་ནས་ སུང་ཧྲོ་ལིན་གྱི་མཐའ་སྐོར་ནས་བརྒྱ་ཤོག་གཉིས་པ་བསྐོར་རྒྱུའི་རེ་ངན་བཅངས། སུའུ་ཆང་སོགས་ཀྱིས་དགྲ་བོའི་ངན་ཇུས་ཤེས་ནས་ཐབས་ཇུས་གཏན་འཁེལ་བྱས་ཏེ། ངེས་མེད་རྒོལ་རྡུང་རུ་ཁག་གིས་རམ་འདེགས་བྱས་ནས་དགྲ་བོ་ཕམ་པར་བྱས། དགྲ་དམག་སྔར་ལས་སྨྱོ་ཧམ་ཆེ་རུ་སོང་སྟེ། ལུའི་ཤོག་ཡོངས་ལ་སུང་ཧྲོ་ལིན་ལ་མེ་སྒྱོགས་བརྒྱབ་ནས་དམག་འཐབ་དྲག་པོ་བྱ་དགོས་པའི་བཀའ་ཕབ།……ཉིན་མཚན་དྲུག་གི་འཐབ་འཛིང་བྱས་པ་བརྒྱུད། བརྒྱ་ཤོག་གཉིས་པ་མཐའ་ནས་བསྐོར་བ་རེད། སུའུ་ཆང་གི་བཀོད་འདོམས་འོག་ཏུ་འཐབ་མོ་བ་རྣམས་ཀྱིས་དཔའ་ངར་གྱི་འཐབ་འཛིང་གི་སྙིང་སྟོབས་ལ་བརྟེན་ནས། མཇུག་མཐར་དགྲ་བོ་ཕར་བདས་ཤིང་། ཤོར་བའི་གཡུལ་ས་ཕྱིར་བླངས། བརྒྱ་ཤོག་གཉིས་པས་དགྲ་བོར་འགོག་རྒོལ་བྱེད་པའི་ཉིན་མཚན་བདུན་གྱི་རིང་ལ་རང་རེའི་དམག་དཔུང་གིས་མའོ་ཀྲུའུ་ཞིའི་དགོངས་པ་ལྟར་དགྲ་བོ་འབོར་ཆེན་རྩ་མེད་གཏོང་རྒྱུའི་མཛུབ་སྟོན་ལ་བརྟེན་ནས་རང་འགུལ་གྱི་སྒོ་ནས་ཡན་ཨན་འདོར་གྱི་མེད། དེ་དང་ཆབས་ཅིག་རང་དམག་གི་གཙོ་ཤུགས་དཔུང་སྡེ་ཅིན་ཕེན་མཚོ་ཁུག་གི་འཐབ་ཕྱོགས་དང་པོར་གཅིག་སྡུད་བྱེད་འགོ་བཙུགས་པ་རེད། གཡུལ་འགྱེད་ཀྱི་གྲ་སྒྲིག་བྱ་བ་སྔ་མོ་ནས་ལེགས་འགྲུབ་བྱུང་ཡོད། བརྒྱ་ཤོག་གཉིས་པའི་འཐབ་མོ་བ་རྣམས་ཀྱིས་སུའུ་ཆང་གི་བཀོད་འདོམས་འོག་དང་སྤུན་ཟླའི་དམག་དཔུང་གི་རམ་འདེགས་འོག་འགོག་རྒོལ་གྱི་ལས་འགན་འགྲུབ་པ་དང་། མའོ་ཀྲུའུ་ཞིས་བསྟོད་བསྔགས་བྱས་པར་མ་ཟད། དཔའ་བོའི་མཚན་སྙན་ཐོབ་པ་རེད། 

1_2 མཐར་ཐུག་གི་རྒྱལ་ཁ།

དམག་དཔུང་ལ་ཕྱིར་འཐེན་དགོས་པའི་བཀའ་ཕབ་རྗེས། འཐབ་མོ་བ་རྣམས་ཀྱིས་སྔར་བཞིན་ཕྱིར་འཐེན་གྱི་དོན་སྙིང་མི་ཤེས་པས། བསམ་བློའི་སྟེང་ནས་མི་འདོད་པའི་བསམ་ཚུལ་བྱུང་། འོན་ཀྱང་ཁོང་ཚོ་ཆིང་ཧྭ་པན་དུ་ཕྱིར་འཐེན་བྱེད་སྐབས་རི་ཀླུང་ཀུན་ཏུ་དགྲ་བོ་ལས་ལྡབ་གསུམ་བཞི་ཡིས་མང་བའི་དམག་དཔུང་ཆེན་པོ་ཞིག་མཐོང་སྐབས་དམག་འཐབ་རྒྱག་མཚམས་བཞག་ནས་ཕྱིར་བཤོལ་བྱེད་པ་དང་དེ་བཞིན་ཉིན་བདུན་དང་མཚན་བདུན་ལ་འགོག་རྒོལ་བྱེད་པའི་འཐབ་ཇུས་ཀྱི་དོན་སྙིང་གཞི་ནས་ཤེས་རྟོགས་བྱུང་པ་རེད། དགྲ་བོ་སྨྱོ་ཧམ་ཆེན་པོས་ཡན་ཨན་དུ་སླེབས་རྗེས། གཙོ་ཤུགས་དམག་དཔུང་གི་ཐག་གཅོད་དམག་འཐབ་འཚོལ་གང་ཐུབ་བྱས་མཐར། རང་དམག་གི་ཐབས་ཇུས་ཁྲོད་དུ་ཚུད། དགྲ་དམག་གི་དཔུང་ཆེན་རང་རེའི་འཇབ་རྒོལ་ཁུལ་དུ་སླེབས་སྐབས་ཆིང་ཧྭ་པན་གཡུལ་འགྱེད་འགོ་ཚུགས་ཤིང་། རྣམ་པར་རྒྱལ་བའི་ལུའི་ཟེར་བའི་ལུའི་ཤོག་སོ་གཅིག་ཚང་མ་ཚར་གཅོད་བྱས་པ་དང་། རང་དམག་གིས་རླབས་ཆེ་བའི་ཆིང་ཧྭ་པེན་གཡུལ་འགྱེད་དེ་རྒྱལ་ཁའི་ངང་མཇུག་སྒྲིལ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-29

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།