གཏུག་བཤེར་རེ་འདུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཏུག་བཤེར་རེ་འདུན།
གཏུག་བཤེར་རེ་འདུན་གྱི་གོ་དོན་ལ་ཕྱི་རྒྱལ་གྱི་དམངས་དོན་གཏུག་བཤེར་ནང་སྒྲ་ཡངས་འཇུག་ལྟར་ན་གཏུག་བཤེར་གྱི་རེ་འདུན་ནི་ཁྲིམས་ཁང་ལ་བཏོན་པ་དང་ཁྲིམས་ཁང་གིས་དཔྱད་མཚམས་གཏོང་བའི་རེ་འདུན་ལ་གོ་ཞིང་། སྒྲ་དོག་འཇུག་ལྟར་ན་རེ་འདུན་ནི་ཞུ་སྦྱོར་སྔ་མས་ཞུ་སྦྱོར་ཕྱི་མར་བཏོན་པའི་བཅའ་ཁྲིམས་ཐོག་གི་ཁེ་ཕན་ཁོ་ན་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
诉讼请求
ཕྱི་ཡིག་གི་མིང་།
Litigation request
རིགས་དབྱེ།
སྒྲ་ཡངས་འཇུག་དང་དོག་འཇུག
འབྱུང་ཁུངས།
གཏུག་བཤེར་བཅའ་ཁྲིམས།  (གོ་རིམ་བཅའ་ཁྲིམས)
1 ​གཏུག་བཤེར་རེ་འདུན་ཕྱོགས་བསྡུས་ཀྱི་རྩ་དོན་གསུམ།
1_1 གཅིག རྩ་དོན་གསར་པ།

དོ་བདག་གི་གཏུག་བཤེར་དང་དག་འབུད་ཀྱི་ནང་དོན་སྔ་ཕྱི་འགལ་བ་ཡིན་ཞིང་། རྩ་དོན་གསར་པ་ལྟར་ཞུ་གཏུག་དང་དག་འབུད་ཀྱི་ནང་དོན་ཕྱོགས་བསྡུས་བྱ་དགོས། གལ་ཏེ་ཐེངས་དང་པོར་ཁྲིམས་ར་འཚོགས་ནས་གཏུག་བཤེར་བྱ་རྒྱུའི་རེ་འདུན་དང་ཐེངས་གཉིས་པའི་གཏུག་བཤེར་རེ་འདུན་གཉིས་གཅིག་མཐུན་མ་བྱུང་ན། ཁྲིམས་ས་ཐེངས་གཉིས་པར་འཚོགས་ནས་གཏུག་བཤེར་བྱ་རྒྱུའི་རེ་འདུན་གཞིར་འཛིན་དགོས། ཁྲིམས་སྦྱོར་ཞུ་ཡིག་དང་ཁྲིམས་ར་འཚོགས་ནས་ཞུ་འབུལ་བྱས་པ་གཉིས་གཅིག་མཐུན་མ་བྱུང་ན། ཁྲིམས་ར་འཚོགས་ནས་ཞུ་འབུལ་བྱས་པ་གཞིར་འཛིན་དགོས། 

1_2 གཉིས། ཁྲིམས་རའི་འདྲི་གཅོད་མཇུག་རྫོགས་རྗེས་བསམ་འཆར་ཕྱོགས་བསྡུས་མི་བྱེད།
1_3 གསུམ། ཕྱོགས་བསྡུས་གསར་བ་ཡིན་ཡང་བདེན་པར་བརྩི་བ། 
2 དབྱེ་འབྱེད།

གཏུག་བཤེར་གྱི་དམིགས་བྱ་ལའང་བབ་མཚུངས་ཀྱི་སྒྲ་ཡངས་འཇུག་དང་ཁྱབ་ཆུང་བའི་གོ་དོན་གཉིས་ཡོད། གཏུག་བཤེར་གྱི་དམིགས་བྱ་ནི་དམངས་དོན་གཏུག་བཤེར་ཁྲོད་ཁྲིམས་ཁང་གི་ཁྲུན་གཅོད་བྱ་ཡུལ་ཡིན་པ་མ་ཟད། ཁྲུན་གཅོད་བྱ་ཡུལ་གྱི་ཆེས་གཞི་རྩ་དང་ཆེས་ཆུང་བའི་སྡེ་ཚན་ཡང་ཡིན། ཆེས་གཞི་རྩར་གྱུར་པའི་སྡེ་ཚན་ཞེས་པ་ནི་གཏུག་བཤེར་གྱི་དམིགས་བྱ་དོ་བདག་གིས་ཕ་རོལ་པོར་འདོད་པའི་བཅའ་ཁྲིམས་ཐོག་གི་ཁེ་ཕན་ལ་སླར་ཡང་ཞིབ་དབྱེ་བྱེད་མི་ཐུབ་པའི་ཞིབ་ཕྲའི་དོན་ཚན་ལ་ཟེར། གལ་སྲིད་ཞིབ་དབྱེ་བྱས་ན་གཏུག་བཤེར་གྱི་རེ་འདུན་ཆ་ཚང་ཞིག་འགྲུབ་མི་ཐུབ། གྱོད་དོན་ཞིག་གི་ཁྲོད་དོ་བདག་གིས་བཅའ་ཁྲིམས་ཐད་ཀྱི་ཁེ་ཕན་འགའ་ཞིག་འདོན་སྲིད་ཅིང་། ཁེ་ཕན་དེ་དག་གཞི་འཛིན་ས་ག་གེ་མོ་ཞིག་ལ་བརྟེན་ནས་དབྱེ་འབྱེད་བྱེད་ཆོག་པ་དང་། དབྱེ་འབྱེད་བྱེད་ཐབས་མེད་པའི་སྐབས་སུ་གཞི་རྩའི་སྡེ་ཚན་ནི་གཏུག་བཤེར་གྱི་དམིགས་བྱ་ཡིན།

ཁྲིམས་ཁང་གིས་ནམ་ཡིན་རུང་གཏུག་བཤེར་གྱི་དམིགས་བྱ་བྱེ་བྲག་པ་རེ་རེ་གཞིར་བཟུང་ནས་དཔྱད་མཚམས་གཏོང་གི་ཡོད་ཀྱང་ཞུ་སྦྱོར་སྔ་མ་བས་འདོད་ཚུལ་འཛིན་པའི་བཅའ་ཁྲིམས་ཐོག་གི་ཁེ་ཕན་ལ་འོལ་ཚོད་ཀྱིས་དཔྱད་མཚམས་གཏོང་མི་ཐུབ། ཡང་ན་འཇར་པན་དང་། ཨོ་སི་ཁྲུ་རི་ཡ། དབྱི་ཐ་ལི་སོགས་སྐམ་ས་ཆེན་པོའི་ཁྲིམས་ཁོངས་རྒྱལ་ཁབ་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ནང་གཏུག་བཤེར་དམིགས་བྱའི་ཐ་སྙད་སྤྱད་མེད་པ་དང་། གནས་ཚུལ་མང་ཆེ་བའི་འོག་གཏུག་བཤེར་རེ་འདུན་བཤད་ཚུལ་སྤྱོད་ཀྱིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གཏུག་བཤེར་རེ་འདུན། བཅའ་ཁྲིམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-28

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།