ཉིང་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉིང་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
ཉིང་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དེ་སྤྱི་ལོ1948ལོའི་ཟླ8པའི་ཚེས1ཉིན་བཙུགས་པ་དང་། སྤྱི་ལོ1993ལོའི་ཟླ3པའི་ཚེས17ཉིན་རྫོང་གྲོང་ཁྱེར་དེ་ཉིང་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དུ་བསྒྱུར། ཁྲིམས་ཁང་གི་འདྲི་གཅོད་གཞུང་ལས་ཐོག་ཁང་ད་ལྟ་ཉིང་ཨན་གྲོང་ཁྱེར་ཉིང་ཨན་གྲོང་རྡལ་ཐུང་ཅང་ལམ་གྱི་ཨང26པར་གནས་ཡོད། ཁྲིམས་ཁང་ཡོངས་ཀྱི་སྒྲིག་ཁོངས་སུ་ཡོད་པའི་མི89ཡོད། སྒྲིག་ཁོངས་སུ་ཚུད་པའི་མི་སྣའི་ཁྲོད་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི95.66%ཟིན་པའི་ནང་རབ་འབྱམས་པ9ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི9.777%ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宁安市人民法院
གནས་ཡུལ།
ཉིང་ཨན་གྲོང་ཁྱེར་ཉིང་ཨན་གྲོང་རྡལ་ཐུང་ཅང་ལམ་ཨང26རུ་གནས་ཡོད།
སྦྲག་ཨང་།
157400
འབྲེལ་གཏུགས་ཁ་པར།
0453-8858956
བཙུགས་ལོ།
སྤྱི་ལོ1948ལོའི་ཟླ8པའི་ཚེས1ཉིན།
མི་གྲངས།
མི89ཡོད།
1 ​ཁྲིམས་ཁང་ངོ་སྤྲོད།

ཉིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ལ་ད་ལྟ་སྒྲིག་ཁོངས་སུ་ཡོད་པའི་ལས་བྱེད་ཉེན་རྟོག་པ89ཡོད་། ནང་ཁུལ་དུ་བཙུགས་པའི་སྡེ་ཚན13དང་ཏུང་ཅིང་གྲོང་ཁྱེར་དང་། ཉིང་ཞི། ལན་ཀང་བཅས་གཞི་རིམ་མི་དམངས་ཁྲིམས་ར་གསུམ་ཡོད་པ་དང་། ཁོངས་གཏོགས་ཉིང་གྲོང་ཁྱེར་གྱི་ཤང་གྲོང12ཡོད་ཅིང་། ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ7856དང་ཁོངས་གཏོགས་ཁུལ་གྱི་མི་འབོར་ཁྲི44ཡོད་པ་རེད། ལོ་ཤས་རིང་ཉིང་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་ཁང་ཏང་ཙུའུ་ཡི་སྣེ་ཁྲིད་འོག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་སྤྱི་འདོམས་སུ་བྱེད་པ་དང་། མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་ཁང་ཡག་པོ་ཞིག་གཏོད་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། “སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་དགོས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བར་ལས་དོན་ཁག་ཚང་མར་དོ་སྣང་ཆེན་པོ་བྱེད་ཀྱི་ཡཁང་དེས་དཔེ་མཚོན་གྱི་ལམ་སྟོན་ལ་མཐོང་ཆེན་བྱས་ཏེ་རྒྱལ་ཡོངས་ཀྱི་སྔོན་ཐོན་དཔེ་མཚོན་གལ་ཆེན་དང་། རྒྱལ་ཡོངས་ཀྱི་དཔེ་བཟང་ཁྲིམས་དཔོན། དུས་རབས་ཀྱི་གདོང་ལེན་པ་ཅིན་ཀུའེ་ལན་བཅས་གསོ་སྐྱོང་བྱས་རྗེས་ཁང་དེར་སྔ་རྗེས་སུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་ཁང་གི་དཔེ་དམག་བཟང་པོ་དང་། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང་གི་མཚན་སྙན་ཐོབ།

2 སྒྲིག་གཞིའི་འཛུགས་སྐྲུན།

ཉིང་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དུ་ད་ལྟ་ཉེས་དོན་འདྲི་གཅོད་ཁྲིམས་ར་དང་། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ(ཚོང་དོན་འདྲི་གཅོད་ཁྲིམས་ར) སྲིད་འཛིན་འདྲི་གཅོད་ཁྲིམས་ར། ཏུང་ཅིང་ཁྲིམས་ཁང་། ཉིང་ཞི་ཁྲིམས་ར། ལན་ཀང་ཁྲིམས་ར། ལག་བསྟར་ཅུའུ(ལག་བསྟར་ཁྲིམས་ར་དང་པོ་དང་ལག་བསྟར་ཁྲིམས་ར་གཉིས་པ་ཚུད)འདྲི་གཅོད་ལྟ་སྐུལ་ཁྲིམས་ར། གྱོད་དོན་ཐོ་འགོད་ཁང་། ཆབ་སྲིད་ལས་དོན་ཁང་། ལྟ་ཞིབ་ཁང་། གཞུང་ལས་ཁང་། ཞིབ་འཇུག་ཁང་།ཡིག་སྐུར་ངོ་གཏུག་དོན་གཅོད་ཁང་། ཁྲིམས་འཛིན་ཉེན་རྟོག་རུ་ཆེན་སོགས་སྡེ་ཁག16ཡོད།

3 ཁྲིམས་ཁང་འཛུགས་སྐྲུན།

ཉེ་བའི་ལོ་ཤས་རིང་། ཉིང་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ“སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཁྲིམས་འཛིན་བྱེད་པའི”འདུ་ཤེས་རྒྱུན་འཛིན་བྱས་ཏེ་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་དང་འདྲི་གཅོད་བྱེད་སྟངས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དམངས་འཚོ་འགན་ལེན་བྱེད་པར་ཞབས་ཞུ་ཧུར་ཐག་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ནུས་ཤུགས་ཡོད་རྒུས་བྱས་པས་ལས་དོན་མང་པོ་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་མདུན་གྲལ་དུ་སླེབས་ཡོད། འདྲི་གཅོད་བྱེད་སྟངས་སྒྱུར་བཅོས་ཐད་ཉིང་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་གྲོང་ཁྱེར་དེ་ཡོངས་སུ་འདྲི་གཅོད་དཔོན་གྱི་འགན་འཁྲིའི་ལམ་ལུགས་སྒྱུར་བཅོས་སྔོན་ལ་ཁྱབ་གདལ་བཏང་ནས་འདྲི་གཅོད་པ་ཆེ་མོའི་མཉམ་འབྲེལ་གྲོས་ཚོགས་དང་འདྲི་གཅོད་པ་ཆེ་མོའི་མཉམ་འགུལ་འགན་འཁྲིའི་ལམ་ལུགས་ནས་འདྲི་གཅོད་དཔོན་གྱི་འགན་འཁྲིའི་ལམ་ལུགས་སུ་བར་བརྒལ་བྱས་ཏེ་རིགས་དབྱིབས་ཅན་གྱི་གྱོད་གཞིའི་མཛུབ་ཁྲིད་བསམ་འཆར་བཏོན་ནས་ཁོངས་གཏོགས་ཁུལ་དུ“གྱོད་གཞི་གཅིག་པར་ཁྲིམས་གཅོད་མཉམ་གཅོད”ཀྱི་སྤྱི་ཚོགས་ཕན་འབྲས་ཐོན་ཡོད། མང་ཚོགས་ལ་ཞབས་འདེགས་ཞུ་བའི་དམངས་འཚོ་འགན་ལེན་བྱེད་པའི་ཐད་སྐོར་སྐྱོད་གྱོད་གཞི་སྒྲུབ་པ་དང་། ས་གནས་དེ་གར་ཁྲིམས་ར་འཚོགས་པ། གཏུག་བཤེར་འདུམ་འགྲིག ཁྲིམས་འགྲེལ་དང་དོགས་གནད་སེལ་བ། དམངས་བདེ་དམངས་ཕན། དམངས་འདོད་བརྟག་དཔྱད་ལ་མཛུབ་ཁྲིད་བྱེད་པ། ཁྲིམས་འཛིན་རོགས་སྐྱོབ་སོགས་ནང་དོན་གཙོ་བོར་བྱས་པའི་དམངས་འཚོའི་འདྲི་གཅོད་ཀྱི་ལས་ཀའི་རྣམ་པ་ཁྱབ་གདལ་བཏང་ནས་གྲོང་ཁྱེར་ཡོངས་སུ་ཁྲིམས་ར་བཙུགས་མེད་པའི་སྡེ་ཁུལ་དང་ཤང་གྲོང་དུ་སྐོར་སྐྱོད་བྱེད་པའི་ཁྲིམས་ར18ལྷག་བཙུགས་ཡོད། 

4 གཟི་བརྗིད་མཚན་སྙན།

ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ཡོད་པས་ཉིང་ཨན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཐུན་མོང་གི་བྱས་རྗེས་རིམ་པ་དང་པོ་ཐེངས1བཞག་པ་དང་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས2བཞག  ཉེ་བའི་ལོ་ཤས་རིང་།“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”དང་། “ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ” “ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་རིག་གནས་འཛུགས་སྐྱོང་གི་སྔོན་ཐོན་ཚན་པ” “ཞིང་ཆེན་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་སྲིད་ཁྲིམས་སྡེ་ཚན་གྱི་དཔེ་དམག” “ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས” “ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་མི་དམངས་ཁྲིམས་ཁང”བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།  


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་དམངས་ཁྲིམས་ཁང་། ལས་ཁུངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-28

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།