ཉིན་ཨན་གྲོང་ཁྱེར་སྤྱི་བདེ་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉིན་ཨན་གྲོང་ཁྱེར་སྤྱི་བདེ་ཅུའུ།
ཉིང་ཨན་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ཉིང་ཨན་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་མྱུལ་ཞིབ་ལས་དོན་ལ་འགན་འཁུར་བ་དང་། སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་བདེ་འཇགས་དོན་རྐྱེན་དང་ཟིང་ཆ་སོགས་ཐག་གཅོད་བྱེད་པའི་སྲིད་གཞུང་སྡེ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宁安市公安局
ཕྱི་ཡིག་གི་མིང་།
NingAn public security bureau
འགན་ནུས།
གྲོང་ཁྱེར་སྲིད་གཞུང་སྐོར་གྱི་སྤྱི་བདེའི་ལས་དོན་གྱི་བྱེད་ཕྱོགས།
ཁོངས་གཏོགས།
ཉིང་ཨན་གྲོང་ཁྱེར།
རིམ་དབྱེ།
ཁུ་རིམ་པ་རྒན་པ།
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
1 ​ལས་ཁུངས་ཀྱི་འགན་འཁྲི།

(གཅིག) སྤྱི་བདེའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། སྤྱི་བདེ་པུའུ། ཞིང་ཆེན་སྤྱི་བདེ་ཐིང་དང་གྲོང་ཁྱེར་ཨུ་ལྷན། གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་བྱེད་ཕྱོགས་དང་། སྲིད་ཇུས། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་བཀོད་སྒྲིག་དང་། མཛུབ་ཁྲིད། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་དགོས།

(གཉིས)གྲོང་ཁྱེར་ཡོངས་ཀྱི་རྒྱལ་ནང་གི་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་དང་སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་དང་། དབྱེ་ཞིབ། ཞིབ་འཇུག་བཅས་བྱས་ཏེ་གྲོང་ཁྱེར་ཨུ་ལྷན་དང་། གྲོང་ཁྱེར་སྲིད་གཞུང་། གོང་རིམ་སྤྱི་བདེ་ལས་ཁུངས་བཅས་ལ་སྤྱི་ཚོགས་བདེ་འཇགས་ཐད་ཀྱི་ཆ་འཕྲིན་གལ་ཆེན་མཁོ་འདོན་བྱེད་པ་དང་། ཁ་གཏད་འཇལ་ཐབས་འདོན་པ་མ་ཟད་ལག་བསྟར་ཞིབ་ཕྲ་བྱེད་དགོས།

(གསུམ)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་མྱུལ་ཞིབ་ལས་དོན་གྱི་འགན་འཁུར་བ་དང་། སྤྱི་ཚོགས་ཀྱི་བདེ་དོན་ལ་གནོད་པའི་བདེ་སྐྱོང་དོན་རྐྱེན་དང་ཟིང་ཆ་ཐག་གཅོད་བྱེད་དགོས། 

(བཞི)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་བདེ་འཇགས་དང་། ཐེམ་ཐོ། ཡུལ་མིའི་ཐོབ་ཐང་ལག་ཁྱེར། མེ་མདའ་དང་རྫས་མདེལ། ཉེན་ཆེའི་དངོས་རྫས་དང་སྤྱི་པའི་གནས་ཡུལ། དམིགས་བསལ་ལས་རིགས་སོགས་ཀྱི་ལས་དོན་ཁྲིམས་ལྟར་དོ་དམ་བྱེད་འགན་འཁུར་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས། 

(ལྔ)གྲོང་ཁྱེར་ཡོངས་ཀྱི་ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་དུ་འགྲོ་བ་དང་རྒྱལ་ཁོངས་སུ་ཡོང་བར་དོ་དམ་བྱེད་པ་དང་། ཕྱི་རྒྱལ་བ་ཀྲུང་གོའི་མངའ་ཁོངས་སུ་སྡོད་པ་དང་ཡུལ་སྐོར་དུ་འགྲོ་བ་དང་འབྲེལ་ཡོད་ཀྱི་དོ་དམ་ལས་ཀ་བྱེད་འགན་འཁུར་དགོས།

(དྲུག)གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། 

(བདུན) གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ཁྲིམས་ལྟར་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱེད་དགོས་པ་དང་། འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་དང་དེ་བཞིན་འཕྲུལ་སྒུལ་འཁོར་རིགས་དང་། འཕྲུལ་སྒུལ་མིན་པའི་རླངས་འཁོར། ཁ་ལོ་བ་བཅས་ལ་དོ་དམ་བྱེད་པ། གྲོང་ཁྱེར་གྲོང་རྡལ་གྱི་སྤྱི་པའི་རླངས་འཁོར་འཇོག་ས་དོ་དམ་བྱེད་པར་ཁྲིམས་ལྟར་མཛུབ་སྟོན་དང་ལྟ་སྐུལ་བྱེད་བཅས་བྱེད་དགོས། 

(བརྒྱད)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། གཙོ་གནད་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་སྲུང་སྐྱོབ་ལས་དོན་དང་དེ་བཞིན་མང་ཚོགས་རང་བཞིན་གྱི་བདེ་འཇགས་སྲུང་སྐྱོབ་རྩ་འཛུགས་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་དགོས།  

(དགུ)གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་ལས་དོན་ལ་འགན་འཁུར་དགོས།

(བཅུ)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འཁུར་བའི་ལག་བསྟར་ཁྲིམས་ཆད་དང་ལྟ་སྐུལ། རྟོག་ཞིབ་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་། ལྟ་སྐུལ། ལག་བསྟར་བཅས་བྱེད་དགོས་པ་དང་།  ཉེས་ཅན་ལྟ་སྲུང་ཁང་དང་བདེ་སྐྱོང་བཀག་སྐྱིལ་ཁང་གི་དོ་དམ་འཛུགས་སྐྲུན་ལས་ཀར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས།

(བཅུ་གཅིག)གྲོང་ཁྱེར་ངལ་རྩོལ་སློབ་གཅུན་ཨུ་ཡོན་ལྷན་ཁང་གི་བསྡུ་ཉར་སློབ་སྐྱོང་གི་ལས་དོན་གོང་ལ་ཞུ་དགོས། 

(བཅུ་གཉིས)རང་རེའི་གྲོང་ཁྱེར་དུ་ཡོང་བའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། ཕྱི་རྒྱལ་གྱི་སྐུ་མགྲོན་གལ་ཆེན་དང་བྱེད་སྒོ་ཆེ་གྲས་བཅས་ལ་བདེ་སྲུང་ཉེན་སྲུང་གི་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས། 

(བཅུ་གསུམ)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཚན་རིག་ལག་རྩལ་ལས་ཀ་དང་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་ཐོན་རྫས་དོ་དམ་བྱེད་འགན་འཁུར་ནས།  གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ཆ་འཕྲིན་ལག་རྩལ་དང་། ཉེས་དོན་ལག་རྩལ། འགུལ་སྐྱོད་ལག་རྩལ་བཅས་འཛུགས་སྐྲུན་ལ་འཆར་འགོད་དང་མཛུབ་སྟོན་བྱེད་དགོས།

(བཅུ་བཞི)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྒྲིག་ཆས་དང་། སྒྲིག་སྦྱོར་དང་འགྲོ་གྲོན་ཉེན་དོན་འགན་སྲུང་བཅས་ཀྱི་ལས་དོན་གྱི་འགན་འཁུར་དགོས། 

(བཅོ་ལྔ)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་སྒྱུར་བྱེད་སྒོར་མཛུབ་ཁྲིད་དང་། ཞིབ་བཤེར། ལྟ་སྐུལ་བཅས་བྱེད་དགོས།

(བཅུ་དྲུག)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་མི་སྣ་གསོ་སྦྱོང་དང་། སྤྱི་བདེ་སློབ་གསོ། སྤྱི་བདེ་དྲིལ་བསྒྲགས། དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་ལས་ཀའི་འགན་འཁུར་ནས་གཏན་འབེབས་ཀྱི་དབང་ཚད་ལྟར་ལས་བྱེད་པར་དོ་དམ་བྱེད་དགོས།

(བཅུ་བདུན།)ལྟ་ཞིབ་ཀྱི་ལས་ཀ་སྒྲིག་འཛུགས་དང་དེར་མཛུབ་སྟོན་བྱ་རྒྱུ།གཏན་འབེབས་ཀྱི་དབང་ཚད་ལྟར་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་ལྟ་སྐུལ་དང་། སྤྱི་བདེའི་དཔུང་ཁག་གི་སྒྲིག་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད། ལྟ་སྐུལ་བཅས་བྱེད་དགོས།

(བཅོ་བརྒྱད)གྲོང་ཁྱེར་ཡོངས་ཀྱི་རིག་གནས་སྲུང་སྐྱོབ་དང་ནགས་ཚལ་སྲུང་སྐྱོབ་ལས་དོན་ལ་མཛུབ་ཁྲིད་དང་ལག་བསྟར་བྱེད་དགོས།

(བཅུ་དགུ)གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྲད་པའི་ལས་ཀ་གཞན་དག་ལེགས་འགྲུབ་བྱེད་དགོས།  

2 ནང་བཙུགས་ལས་ཁུངས། 

གཞུང་ལས་ཁང་དང་། ནོར་སྲིད་ཁང་། འདྲི་གཅོད་ཁང་། ཚོགས་ཁང་། གསོག་འཇོག་ཁང་བཅས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-28

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།