བདེ་འཇགས་ཚན་རིག་དང་བཟོ་སྐྲུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདེ་འཇགས་ཚན་རིག་དང་བཟོ་སྐྲུན།
བདེ་འཇགས་ནི་རྒྱལ་ཁབ་བརྟན་ལྷིང་དང་སྤྱི་ཚོགས་འཕེལ་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་བའི་རྨང་རྡོ་ལྟ་བུ་ཡིན་ལ། “བདེ་འཇགས་ཚན་རིག་དང་བཟོ་སྐྲུན”རིག་ཚན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་བདེ་འཇགས་ཚན་རྩལ་གྱི་འདེགས་སྐྱོར་དང་མཐོ་རིམ་ཆེད་ལས་ཤེས་ལྡན་མི་སྣ་མཁོ་འདོན་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安全科学与工程
དབྱིན་ཡིག་གི་མིང་།
Safety Science and Engineering
རིག་ཚན་རིམ་པ།
རིམ་པ་དང་པོའི་རིག་ཚན།
1 རིག་ཚན་ངོ་སྤྲོད་མདོར་བསྡུས།

རང་རྒྱལ་གྱི་བདེ་འཇགས་ཚན་རིག་དང་བཟོ་སྐྲུན་རིག་ཚན་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ངལ་རྩོལ་སྲུང་སྐྱོང་སོགས་ཀྱི་རིག་ཚན་རིམ་བཞིན་འཕེལ་རྒྱས་བྱུང་བ་རེད། སྤྱི་ལོ1981ལོ་ནས་བཟུང་བདེ་འཇགས་རིགས་ཀྱི་རབ་འབྱམས་པའི་བསླབ་གནས་ཀྱི་ཞིབ་འཇུག་སློབ་མའི་སློབ་གསོ་འགོ་ཚུགས་པ་དང་སྤྱི་ལོ1986ལོ་ནས་བཟུང་བདེ་འཇགས་རིགས་ཀྱི་དངོས་གཞི་དང་། རབ་འབྱམས་པ། འབུམ་རམས་པ་བཅས་རིམ་པ་གསུམ་གྱི་བསླབ་གནས་ཀྱི་སློབ་གསོ་མངོན་འགྱུར་བྱུང་ཡོད། སྤྱི་ལོ1989ལོར་རིས་རིགས་དབྱེ་བའི་བཅའ་ཁྲིམས་ཀྱི་པར་གཞི་བཞི་པའི་རིགས་ནང་གི་“ངལ་རྩོལ་སྲུང་སྐྱོང་ཚན་རིག”གི་མིང་དེ“བདེ་འཇགས་ཚན་རིག”ཅེས་པར་བསྒྱུར་ཞིང་། སྤྱི་ལོ1992ལོའི་ཟླ11པའི་ཚེས1པོའི་ཉིན་དེ་སྔའི་རྒྱལ་ཁབ་ཀྱི་ལག་རྩལ་ལྟ་སྐུལ་ཅུའུ་ཡིས་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་ཚད་གཞིའི《རིག་ཚན་རིགས་དབྱེ་དང་ཚབ་ཨང》ཞེས་པའི་ནང་“བདེ་འཇགས་ཚན་རིག་ལག་རྩལ”དེ་རིམ་པ་དང་པོའི་རིག་ཚན་ནང་བཅུག་པ་དེའི་ནང“བདེ་འཇགས་ཚན་རིག་ལག་རྩལ་གྱི་རྨང་གཞི་དང་། བདེ་འཇགས་རིག་པ། བདེ་འཇགས་བཟོ་སྐྲུན། ལས་རིགས་འཕྲོད་བསྟེན་བཟོ་སྐྲུན། བདེ་འཇགས་དོ་དམ་བཟོ་སྐྲུན”བཅས་རིམ་པ་གཉིས་པའི་རིག་ཚན5ཚུད་ཡོད། 

2 ཞིབ་འཇུག་བྱ་ཡུལ།

“བདེ་འཇགས་ཚན་རིག་དང་བཟོ་སྐྲུན”རིག་ཚན་ནི་ཕྱོགས་བསྡུས་ཚན་རིག་གི་རིག་ཚན་ཞིག་ཡིན་ཞིང་། དེའི་ནང་དོན་ལ་བདེ་འཇགས་ཚན་རིག་དང་བདེ་འཇགས་བཟོ་སྐྭན། དེ་བཞིན་དེ་གཉིས་དབར་གྱི་མཉམ་འདྲེས་བང་རིམ་གསུམ་ཚུད་ཡོད་ལ། དེའི་ཞིབ་འཇུག་བྱ་ཡུལ་ནི་བདེ་འཇགས་ཚན་རིག་དང་བཟོ་སྐྲུན་ནང་དོན་ནས་མཚོན་ཐུབ་ཀྱིན་ཡོད། 

3 བདེ་འཇགས་ཚན་རིག 

བདེ་འཇགས་ཚན་རིག་གི་ཞིབ་འཇུག མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཚེ་སྲོག་དང་བདེ་ཐང་ལ་འགན་སྲུང་དང་། ལུས་སེམས་དང་འབྲེལ་ཡོད་སྒྲིག་ཆས་དང་རྒྱུ་ནོར། དེ་བཞིན་བྱ་དངོས་ལ་གནོད་འཚེ་མི་ཕོག་པ་སོགས་བྱས་ནས་བདེ་འཇགས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་གསལ་སྟོན་བྱེད་པ་དང་འབྲེལ་རིག་ཚན་གྱི་རིགས་པའི་གཞུང་ལུགས་དང་། ཉེར་སྤྱོད་གཞུང་ལུགས། ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་བཅས་མཁོ་འདོན་བྱེད་ཀྱིན་ཡོད་ལ། བདེ་འཇགས་ཚན་རིག་གི་ཞིབ་འཇུག་ཁ་ཕྱོགས་གཤམ་གསལ་ལྟར། བདེ་འཇགས་ཀྱི་རྩ་བའི་རིག་པ་དང་བདེ་འཇགས་ཚན་རིག་གི་བྱ་ཐབས་རིག་པ། བདེ་འཇགས་མ་ལག་ཚན་རིག་རིག་པ། སྤྱི་པའི་བདེ་འཇགས་ཀྱི་རིགས་པའི་གཞུང་ལུགས་དང་ཐབས་ཤེས། གནོད་འཚེའི་དངོས་ལུགས། བདེ་འཇགས་ཁྲིམས་ལུགས། བདེ་འཇགས་ཀྱི་དཔལ་འབྱོར་རིག་པ། བདེ་འཇགས་ཀྱི་བྱ་སྤྱོད་ཚན་རིག བདེ་འཇགས་ཀྱི་སེམས་ཁམས་རིག་པ། བདེ་འཇགས་ཀྱི་སློབ་གསོ་རིག་པ། ཐོན་ལས་ཉེན་ཁའི་གདེང་འཇོག་གཞུང་ལུགས་དང་དོ་དམ་བྱེད་ཐབས། བདེ་འཇགས་ཀྱི་ཆ་འཕྲིན་རིག་པ། བདེ་འཇགས་ཚན་རིག་རིག་པ། བདེ་འཇགས་ཀྱི་ལོ་རྒྱུས་རིག་པ་སོགས་ཡིན། 

4 བདེ་འཇགས་ལག་རྩལ་དང་བཟོ་སྐྲུན།

བདེ་འཇགས་ལག་རྩལ་དང་བཟོ་སྐྲུན་གྱི་ལག་ལེན། མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཚེ་སྲོག་དང་བདེ་ཐང་ལ་འགན་སྲུང་བྱེད་ཆེད། ལུས་ཕུང་དང་སྒྲིག་ཆས་དང་རྒྱུ་ནོར་ལ་གནོད་འཚེ་མི་ཐེབས་པར་ཐད་ཀར་དང་བར་བརྒྱུད་ཀྱི་འགན་སྲུང་བྱས་ཡོད་ཅིང་། བདེ་སྲུང་བཟོ་སྐྲུན་ལ་ཞིབ་འཇུག་བྱེད་པའི་ཁ་ཕྱོགས་གཤམ་གསལ་ལྟར། བདེ་འཇགས་དངོས་པོའི་བཟོ་སྐྲུན་དང་། བདེ་འཇགས་འཕྲུལ་འཁོར་བཟོ་སྐྲུན། བདེ་འཇགས་འཆར་འགོད་དང་ཇུས་འགོད། གནོད་འཚེ་འཚོལ་ཞིབ་དང་ཚོད་འཛིན་བཟོ་སྐྲུན། བདེ་འཇགས་ཆ་འཕྲིན་ལག་རྩལ། བདེ་འཇགས་ཆ་འཕྲིན་ལག་རྩལ།བདེ་འཇགས་ཞིབ་དཔྱད་ལག་རྩལ། མེ་སྐྱོན་དང་འབར་གས། གཏེར་རིའི་བདེ་འཇགས་ལག་རྩལ། འགྲིམ་འགྲུལ་བདེ་འཇགས་ལག་རྩལ། རྫས་འགྱུར་བཟོ་ལས་ཀྱི་བདེ་འཇགས་ལག་རྩལ། བཟོ་སྐྲུན་བདེ་སྲུང་བཟོ་སྐྲུན། གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་བཟོ་སྐྲུན། ལས་རིགས་འཕྲོད་བསྟེན་འགོག་སྲུང་བཟོ་སྐྲུན། ཁེར་རྐྱང་འགོག་སྲུང་སོགས་ཡིན། 

5 བདེ་འཇགས་དོ་དམ་བཟོ་སྐྲུན།

བདེ་འཇགས་དོ་དམ་ནི་བདེ་འཇགས་མངོན་འགྱུར་ཡོང་ཆེད་མི་ཤུགས་དང་། དངོས་ཤུགས། ནོར་ཤུགས། ཁོར་ཡུག་སོགས་ཐོན་ཁུངས་སྣ་ཚོགས་སྒྲིག་འཛུགས་དང་བེད་སྤྱོད་གཏོང་བའི་བརྒྱུད་རིམ་ཞིག་ཡིན་ལ། དེས་འཆར་གཞི་དང་སྒྲིག་འཛུགས། བཀོད་འདོམས། མཐུན་སྦྱོར། ཚོད་འཛིན་སོགས་ཀྱི་དོ་དམ་ནུས་པ་བེད་སྤྱད་དེ་བཅའ་ཁྲིམས་ལམ་ལུགས་དང་། སྒྲིག་འཛུགས་དོ་དམ། ལག་རྩལ། སློབ་གསོ་སོགས་ཀྱི་ཐད་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ་རང་བྱུང་ཁམས་ནས་ཡོང་བའི་བདེ་འཇགས་མིན་པའི་རྒྱུ་རྐྱེན་དང་དེ་བཞིན་མིའི་བདེ་འཇགས་མིན་པའི་བྱ་སྤྱོད་ཚོད་འཛིན་བྱས་ནས་ཤི་རྨས་ཀྱི་ལས་འཛོལ་མི་ཐོན་པ་དང་ཁག་ཐེག་བྱེད་མིའི་ཚེ་སྲོག་བདེ་འཇགས་དང་བདེ་ཐང་འགན་ལེན་བྱས་ནས་ཐོན་སྐྱེད་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད་ལ། བདེ་འཇགས་དོ་དམ་བཟོ་སྐྲུན་ཞིབ་འཇུག་ཁ་ཕྱོགས་ནི་དཔེར་ན། གཞི་ཆེའི་བདེ་འཇགས་དོ་དམ་གྱི་རིགས་པའི་གཞུང་ལུགས་དང་བྱ་ཐབས་དང་། ཕྲ་མཐོང་བདེ་འཇགས་དོ་དམ་གྱི་རིགས་པའི་གཞུང་ལུགས་དང་བྱ་ཐབས། བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚད་གཞི། བདེ་འཇགས་མ་ལག་གི་བཟོ་སྐྲུན། ཉེན་ཁ་དོ་དམ་དང་གདེང་འཇོག བདེ་འཇགས་དཔལ་འབྱོར་རིག་པ། བདེ་འཇགས་ཁྲིམས་ལུགས་རིག་པ། བདེ་འཇགས་སེམས་ཁམས་རིག་པ་དང་བདེ་འཇགས་བྱ་སྤྱོད་ཚན་རིག་སོགས་ཡིན། 

6 གསོ་སྐྱོང་གི་དམིགས་ཡུལ།
6_1 དངོས་གཞི།

དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མས་བདེ་འཇགས་ཚན་རིག་དང་བདེ་འཇགས་ལག་རྩལ། བཟོ་སྐྲུན་དང་བདེ་འཇགས་དོ་དམ་བཅས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ཤེས་བྱ། གཞི་རྩའི་ནུས་རྩལ་བཅས་ཁོང་དུ་ཆུད་པ་བྱས་ཏེ། བདེ་འཇགས་བཟོ་སྐྲུན་ཐད་ཀྱི་ཇུས་འགོད་དང་ཞིབ་འཇུག ཞིབ་དཔྱད། རྫས་འགྱུར་བཟོ་ལས། གཏེར་ལས། ནུས་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། དངུལ་རྩའི་མ་འཇོག འགན་བཅོལ། ཆ་འཕྲིན་སོགས་ཐད་ཀྱི་ལས་ཀ་ངེས་ཅན་ལྡན་དགོས་ཤིང་། ཨར་ལས་དང་འཕྲུལ་ཆས། རྫས་འགྱུར་བཟོ་ལས། གཏེར་ལས། ནུས་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། དངུལ་རྩའི་མ་འཇོག འགན་བཅོལ།ཆ་འཕྲིན་སོགས་ཀྱི་ལས་རིགས་ལ་བྱས་ཆོག 

6_2 རབ་འབྱམས་པ།

གསོ་སྐྱོང་བྱས་པའི་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རང་བྱུང་ཚན་རིག་དང་དང་སྤྱི་ཚོགས་ཚན་རིག་གི་རྨང་གཞི་བརྟན་པོ་དང་བཟོ་རིག་གི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་བདེ་འཇགས་ཆེད་ལས་ཀྱི་རྨང་གཞི་བརྟན་པོ་ཡོད་དགོས་ལ། བདེ་འཇགས་བཟོ་སྐྲུན་ཇུས་འགོད་དང་ཨར་ལས་བྱེད་ནུས་དང་། རང་ཉིད་ལ་ཤེས་ཡོན་རག་པའི་ནུས་པ། གསར་གཏོད་དང་ལས་སྒོ་གསར་སྤེལ་གྱི་སྙིང་སྟོབས། སྤྱི་ཚོགས་ཀྱི་འབྲེལ་གཏུག་བྱེད་ནུས། རྩ་འཛུགས་ཀྱི་དོ་དམ་ནུས་པ། རྒྱལ་སྤྱིའི་མཐོང་རྒྱ་བཅས་ཅུང་ཆེ་བའི་བདེ་འཇགས་ཚན་རིག་དང་བཟོ་སྐྲུན་ཆེད་ལས་ཀྱི་རིམ་གྲས་མཐོ་བའི་ཤེས་ལྡན་མི་སྣ་བཅས་ཡོད་དགོས་ལ། ཆེད་ལས་དེ་ནས་ཐོན་པའི་སློབ་མས་གཙོ་བོ་བདེ་འཇགས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བདེ་འཇགས་ཚོད་འཛིན་མ་ལག་ཇུས་འགོད།ཨར་སྐྲུན། ཚན་རིག་ཞིབ་འཇུག་བཅས་བྱེད་ཀྱི་ཡོད་པ་མ་ཟད། བདེ་འཇགས་དོ་དམ་གྱི་ལས་ཀ་བྱེད་ཐུབ་ཀྱིན་ཡོད། 

6_3 འབུམ་རམས་པ།

འབུམ་རམས་པ་ནས་ཐོན་པའི་ཞིབ་འཇུག་སློབ་མར་བདེ་འཇགས་རིག་ཚན་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། ཡངས་ཤིང་རྒྱ་ཆེ་བའི་བདེ་འཇགས་རིག་ཚན་དང་ཆེད་ལས་ཤེས་བྱ། ནུས་པ་སྣ་ཚོགས་ལྡན་པའི་གསར་གཏོད་རྣམ་པའི་མཐོ་རིམ་ཤེས་ལྡན་མི་སྣ་བཅས་ཡིན་དགོས་ལ། སློབ་ཐོན་སློབ་མར་དེང་རབས་རྩིས་རིག་དང་གནོད་འཚེ་ཚོད་འཛིན། བདེ་འཇགས་བཟོ་སྐྲུན། བཟོ་ལས་འཕྲོད་བསྟེན། བདེ་འཇགས་དོ་དམ་སོགས་ཐད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་མ་ལག་གཏིང་ཟབ་པའི་ཆེད་ལས་ཀྱི་ཤེས་བྱ་ལྡན་དགོས། གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་བདེ་འཇགས་ཀྱི་ཚན་རིག་ལག་རྩལ་དང་འབྲེལ་བ་ཡོད་པའི་ཚན་རིག་ཞིབ་འཇུག་དང་ཨར་ལས་གལ་ཆེན་གྱི་བདེ་འཇགས་ཇུས་འགོད་དང་དོ་དམ་ལས་ཀ་བསྒྲུབ་དགོས་པ་དང་། རིག་གཞུང་ཚན་ཁག་འདིའི་རིག་གཞུང་གི་མདུན་གྲལ་དང་ད་ལྟའི་གནས་ཚུལ། འཕེལ་རྒྱས་འགྲོ་ཕྱོགས་བཅས་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་ཤེས་རྟོགས་གཏིང་ཟབ་བྱ་དགོས། ཉུང་མཐར་ཡང་ཕྱི་རྒྱལ་གྱི་སྐད་ཡིག་ཅིག་ཁོང་དུ་ཆུད་པ་བྱས་ན་རང་གི་ཆེད་ལས་ཀྱི་ཕྱི་རྒྱལ་སྐད་ཡིག་གི་དཔྱད་ཡིག་ཀློག་ཤེས་པ་དང་། དཔྱད་རྩོམ་གྱི་རྩོམ་འབྲིའི་ནུས་པ་ངེས་ཅན་ཞིག་ལྡན་པ། རྒྱལ་སྤྱིའི་རིག་གཞུང་མཉམ་ལས་བྱེད་པའི་ཁ་སྐད་ཀྱི་ནུས་པ་ལྡན་པ་བཅས་ཡིན། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-27

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།