ས་འོག་དམག་འཐབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་འོག་དམག་འཐབ།
《ས་འོག་དམག་འཐབ》ནི་སྤྱི་ལོ1965ལོར་བརྒྱད་གཅིག་གློག་བརྙན་བཟོ་སྐྲུན་བཟོ་གྲྭས་བཏོན་པའི་དམག་འཁྲུག་གློག་བརྙན་ཞིག་ཡིན་ཞིང་། དེ་ནི་ཞུས་ཏུང་གིས་འཁྲབ་ཁྲིད་དང་ཀྲུའུ་ལུང་ཀོང་གིས་གཙོ་འཁྲབ་བྱས་པ་དང་སྤྱི་ལོ1966ལོའི་གནམ་ལོ་གསར་ཚེས་སུ་རྒྱལ་ཡོངས་སུ་བསྟན། གློག་བརྙན་དེའི་ནང་ཧོ་པེ་ཞིང་ཆེན་ཧོ་པེ་དབུས་རྒྱུད་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ས་འོག་དམག་འཐབ་ཀྱི་འཐབ་རྩོད་བྱེད་སྟངས་སྤྱད་ནས་འཇར་པན་བཙན་འཛུལ་པར་རྡུང་རྡེག་བཏང་བའི་གཏམ་རྒྱུད་བརྗོད་ཡོད་ལ། སྤྱི་ལོ2012ལོའི་བར་ཁྱོན་མི་ཐེངས་དུང་ཕྱུར30ཡིས་བལྟས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
地道战
གློག་བརྙན་འཁྲབ་ཡུལ།
ཀྲུང་གོའི་སྐམ་ས་ཆེན་པོ།
འཁྲབ་ཁྲིད་པ།
ཞུས་ཏུང་།
འཁྲབ་གཞུང་།
ཞུས་ཏུང་།
རིགས།
དམག་འཁྲུག
རིང་ཚད།
སྐར་མ96
སྟོན་དུས།
སྤྱི་ལོ1966ལོ།
སྐད་རིགས།
རྒྱ་སྐད།
ཚོན་མདངས།
དཀར་ནག
1   ངོ་སྤྲོད་མདོར་བསྡུས།

འཇར་འགོག་དམག་འཁྲུག་གི་སྐབས་སུ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་དགྲ་བོའི་རྒྱབ་ཕྱོགས་ཀྱི་འཇར་འགོག་གནས་གཞིའི་ས་ཁུལ་མུ་མཐུད་དུ་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་། སྤྱི་ལོ1942ལོར་འཇར་དམག་གིས་ཧོ་པེ་དབུས་རྒྱུད་ཀྱི་གནས་གཞིའི་ས་ཁུལ་ལ་ཚུར་རྒོལ་བྱས། གནས་གཞིའི་ས་ཁུལ་གྱི་མི་དམངས་ཀྱིས་འཇར་པན་ལ་འགོག་རྒོལ་དང་རྡུང་རྡེག་བྱེད་ཆེད། ཐབས་མཁས་ཀྱི་བྱེད་ཐབས་མང་པོ་བཀོལ། ས་འོག་དམག་འཐབ་ནི་དེའི་གྲས་ཀྱི་གཅིག་རེད།

ཧོ་པེ་དབུས་རྒྱུད་ས་ཁུལ་གྱི་ཀའོ་ཅ་ཀྲོང་མི་དམངས་ཀྱིས་ཏང་ཀྲི་པུའུ་ཧྲུའུ་ཅི་ཀའོ་ལའོ་ཀྲུང་དང་ཡུལ་དམག་རུ་ཁག་གི་འགོ་གཙོ་ཀའོ་ཁྲོན་པའོ་ཡི་སྣེ་ཁྲིད་འོག དུད་ཁྱིམ་ཁ་ཤས་ཀྱི་ས་དོང་གཅིག་མཐུན་དུ་བརྐོས་ནས། འཇར་དམག་དང་འཐབ་འཛིང་བྱས། འོན་ཀྱང་ཉིན་ཞིག་གི་དགོང་མོར། འཇར་དམག་གིས་ཀའོ་ཅ་ཀྲོང་ལ་འཇབ་རྒོལ་བྱས་པས། ཀའོ་ལའོ་ཀྲུང་དཔའ་ཉམས་ཀྱི་ངང་ནས་རང་སྲོག་བློས་བཏང་བ་རེད། ཀའོ་ཅ་ཀྲོང་མི་དམངས་ཀྱིས་བསླབ་བྱ་ཕྱོགས་བསྡོམས་བྱས་ནས། ལུས་ཤོང་བ་དང་ཕར་རྒོལ་ཡང་བྱེད་ཐུབ་པའི་ནུས་པ་སྣ་མང་གི་འཐབ་ར་ཞིག་ལ་བསྒྱུར།  

སྤྱི་ལོ1943ལོའི་དབྱར་ཁར། ཀའོ་ཁྲོན་པའོ་ཡིས་ས་འོག་འཐབ་རར་བརྟེན་ནས་ཀའོ་ཅ་ཀྲོང་དུ་གཡོ་འཛུལ་བྱས་པའི་མྱུལ་མ་བསད། འཇར་དམག་གི་ཡན་ལག་རུ་གཙོ་ཧྲན་ཐེན་གྱིས་གནས་གཞི་འགའ་ཡི་དམག་ཤུགས་བསྡུས་ནས་འཁོན་ལན་སློག་མོད། འོན་ཀྱང་ས་འོག་གི་ཀའོ་ཅ་ཀྲོང་གི་ཡུལ་དམག་རྣམས་ཀྱིས་བསླབ་བྱ་དྲག་པོ་བཏང་། ཀའོ་ཅ་ཀྲོང་གི་ཡུལ་དམག་དང་། པ་ལུའུ་དམག་གི་གཙོ་ཤུགས་དང་ངེས་མེད་རྒོལ་རྡུང་རུ་ཁག་བཅས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ། ཧོས་ཧྥིན་ས་ཁུལ་གྱི་གནས་གཞི་བླངས་པ་དང་། ཀའོ་ཅ་གྲོང་ལ་ཚུར་རྒོལ་བྱེད་པའི་དགྲ་བོ་རྩ་མེད་དུ་བཏང་ཞིང་། ཐེངས་འདིའི་འཐབ་འཛིང་ལ་རྒྱལ་ཁ་ཐོབ་པ་རེད།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-29

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།