ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་གྲོས་ཚོགས་ཐེངས་དང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་གྲོས་ཚོགས་ཐེངས་དང་པོ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་གྲོས་ཚོགས་ཐེངས་དང་པོ་སྤྱི་ལོ1988ལོའི་ཟླ3པའི་ཚེས25ཉིན་ནས་ཟླ4བའི་ཚེས13ཉིན་བར་པེ་ཅིང་དུ་འཚོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国第七届全国人民代表大会第一次会议
ཕྱི་ཡིག་གི་མིང་།
The 7th National People's Congress of the People's Republic of China for the first time meeting
དུས་ཚོད།
སྤྱི་ལོ1988ལོའི་ཟླ3པའི་ཚེས25ཉིན་ནས་ཟླ4བའི་ཚེས13ཉིན་བར།
ས་གནས།
པེ་ཅིང་།
གྲོས་ཆོད།
སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ།
1 ​གྲོས་ཚོགས་ཀྱི་གྲོས་རིམ།

གཅིག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲའོ་ཙི་དབྱང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་ལས་འགན་གྱི་དགོངས་པ་ཞུས་པར་ཡིད་མཐུན་བྱས་པའི་ཆོད་དོན་ལ་གྲོས་ཞིབ་བྱེད་པ།

གཉིས། སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱེད་པ།

གསུམ། སྤྱི་ལོ1988ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི(མ་ཟིན)སྐོར་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱེད་པ།

བཞི། སྤྱི་ལོ1988ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིར་ཞིབ་བཤེར་དང་ཆོག་མཆན་འགོད་པ།

ལྔ། སྤྱི་ལོ1987ལོའི་རྒྱལ་ཁབ་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ1988ལོའི་རྒྱལ་ཁབ་ཀྱི་སྔོན་རྩིས(མ་ཟིན)སྐོར་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱེད་པ།

དྲུག སྤྱི་ལོ1988ལོའི་སྔོན་རྩིས་ལ་ཞིབ་བཤེར་དང་ཆོག་མཆན་འགོད་པ།

བདུན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་མ་དཔེ(མ་ཟིན)》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་བཟོ་ལས་ཁེ་ལས་བཅའ་ཁྲིམས(མ་ཟིན)》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གོ་དང་ཕྱི་རྒྱལ་གྱིས་མཉམ་ལས་ཐོག་གཉེར་བའི་ཁེ་ལས་བཅའ་ཁྲིམས(མ་ཟིན)》བཅས་ལ་གྲོས་ཞིབ་བྱེད་པ།

བརྒྱད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཟིན་འགོད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་ཆོད་དོན(མ་ཟིན)

དགུ ཧའེ་ནན་ཞིང་ཆེན་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི་དང་ཧའེ་ནན་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི།

བཅུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་བྱེད་ཐབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

བཅུ་གཅིག རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི་གྲོས་གཞི་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་མིའི་འོས་མི་འདེམས་བསྐོའི་ཐབས་ལམ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

བཅུ་གཉིས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ།

བཅུ་གསུམ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ།

བཅུ་བཞི། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ།

བཅོ་ལྔ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རྒན་གཞོན་འདེམས་བསྐོ་བྱེད་པ།

བཅུ་དྲུག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་རྒན་གཞོན་དང་དྲུང་ཡིག་ཆེན་མོ། ཨུ་ཡོན་བཅས་འདེམས་བསྐོ་བྱེད་པ།

བཅུ་བདུན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་ཨུ་ཡོན། པུའུ་ཁག་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན། རྩིས་བཤེར་འགོ་འཛིན། དྲུང་ཡིག་ཆེན་མོ་བཅས་ཀྱི་འོས་མི་གཏན་འཁེལ་བྱེད་པ།

བཅོ་བརྒྱད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཨུ་ཡོན་བཅས་གྱི་འོས་མི་འདེམ་བསྐོ་བྱེད་པ།

བཅུ་དགུ ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་འདེམས་བསྐོ་བྱེད་པ།

2 གྲོས་ཚོགས་ཀྱི་གྲོས་ཆོད།

གཅིག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲའོ་ཙི་དབྱང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་ལས་འགན་ལ་དགོངས་པ་ཞུ་རྒྱུར་ཡིད་མཐུན་གནང་རྒྱུའི་རེ་འདུན་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།

གཉིས། སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ།

གསུམ། སྤྱི་ལོ1988ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

བཞི། སྤྱི་ལོ1987ལོའི་རྒྱལ་ཁབ་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ1988ལོའི་རྒྱལ་ཁབ་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ལྔ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་བཟོ་ལས་ཁེ་ལས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གོ་དང་ཕྱི་རྒྱལ་གྱིས་མཉམ་ལས་ཐོག་གཉེར་བའི་ཁེ་ལས་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་།

དྲུག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཟིན་འགོད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།

བདུན། ཧའེ་ནན་ཞིང་ཆེན་འཛུགས་པ་དང་ཧའེ་ནན་དཔལ་འབྱོར་དམིགས་བསལ་ས་ཁུལ་འཛུགས་རྒྱུའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།

བརྒྱད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ།

དགུ ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

བཅུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ།

3 གྲོས་ཚོགས་ཀྱི་འདེམས་བསྐོ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི། 

དབྱང་ཧྲང་ཁུན།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། 

ཝང་ཀྲེན།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

ཝན་ལི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཞི་ཀྲུང་ཞུན་དང་ཝུའུ་ལན་ཧྥུའུ། ཕེང་ཁྲུང་། ཝེ་ཀུའོ་ཆིང་། ཀྲུའུ་ཞུའེ་ཧྥན། ང་ཕོད་ངག་དབང་འཇིགས་མེད། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན། སའེ་ཧྥུ་ཏིང་ཨའེ་ཙེ་ཙི། ཀྲོའུ་ཀུའུ་ཁྲེང་། ཡན་ཅི་ཚི། རུང་དབྱི་རེན། ཡེ་ཧྥེ། ལིའོ་ཧན་ཧྲེང་། ཉི་ཀྲི་ཧྥུའུ། ཁྲེན་མུའུ་ཧྭ། ཧྥེ་ཞའོ་ཐུང་། སུན་ཆི་མེང་། ལེ་ཅེ་ཆུང་། ཝང་ཧན་པིན་བཅས་མི19ཨུ་ཡོན་ཀྲང་གཞོན་པར་བསྐོས་ཤིང་། ཕེང་ཁྲུང་གིས་དྲུང་ཡིག་ཆེན་མོ་གཅིག་ལྕོགས་བྱས། ཏིང་ཀོང་ཞུན་སོགས་མི་གྲངས135རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་འདེམས་བསྐོ་བྱས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་།

ཏེང་ཞའོ་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བསྐོ་གཞག་གནང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཏེང་ཞའོ་ཕིང་གིས་མིང་འདོན་གནང་བ་ལྟར་ཀྲའོ་ཙི་དབྱང་དང་དབྱང་ཧྲང་ཁུན་གཉིས་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པར་བསྐོས།

རྒྱལ་ཁབ་ཁྲིམས་འཛིན་སྡེ་ཁག

རེན་ཅན་ཞིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ལིའུ་ཧྥུའུ་ཀྲི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་དུ་བསྐོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་།

ལི་ཕེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་། ཡའོ་དབྱི་ལིན་དང་ཐེན་ཅི་ཡུན། ཝུའུ་ཞུའེ་ཆན་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པར་བདམས། ལི་ཐེ་དབྱིང་དང་ཆིན་ཅི་ཝེ། ཝང་པིན་ཆན། སུང་ཅན། ཝང་ཧྥང་། ཙོའུ་ཅ་ཧྭ། ལི་ཀུའེ་ཞན། ཁྲེན་ཞི་ཐུང་། ཁྲེན་ཅུན་ཧྲེང་བཅས་རྒྱལ་སྲིད་ཨུ་ཡོན་དུ་བསྐོས། ཁྲེན་ཅུན་ཧྲེང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་བ་དང་ཆན་ཆི་ཁྲེན་གྱིས་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་དང་ཆིན་ཅི་ཝེ་ཡིས་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་ལ། ཡའོ་དབྱི་ལིན་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་དང་ལི་ཕེང་གིས་རྒྱལ་ཁབ་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཅིག་ལྕོགས། ལི་ཐེ་དབྱིང་གིས་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཅིག་ལྕོགས།  སུང་ཅན་གྱིས་རྒྱལ་ཁབ་ཚན་རིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་ཁུར། ཏིང་ཧེང་ཀའོ་རྒྱལ་སྲུང་ཚན་རིག་ལག་རྩལ་བཟོ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་སི་མ་དབྱི་ཨའེ་མའེ་ཐི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན།

ཀྲུང་དབྱང་གི་པུའུ་ཨུ་ཁག

ཝང་ཧྥང་སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཅིག་ལྕོགས་གནང་བ་དང་། ཅཱ་ཁྲུན་ཝང་རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་དུ་བསྐོས། ཝེ་ཅན་ཞིན་ལྟ་ཞིབ་པུའུ་ཡི་པུའུ་ཀྲང་དུ་བསྐོས། ཚུའེ་ནའེ་ཧྥུའུ་དམངས་སྲིད་པུའུ་ཡི་པུའུ་ཀྲང་དང་ཚའེ་ཁྲེང་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་དུ་བསྐོས། ཀྲའོ་ཏུང་ཝན་མི་དོན་པུའུ་ཡི་པུའུ་ཀྲང་དང་ཝང་པིན་ཆན་ནོར་སྲིད་པུའུ་ཡི་པུའུ་ཀྲང་གཅིག་ལྕོགས་བྱས། གཞན་ལུའོ་ཀན་ངལ་རྩོལ་པུའུ་ཡི་པུའུ་ཀྲང་དང་ཀྲུའུ་ཞུན་ས་གཤིས་གཏེར་རྫས་པུའུ་ཡི་པུའུ་ཀྲང་། ཧོང་དབྱི་ཁྲེང་ནུས་ཁུངས་པུའུ་ཡི་པུའུ་ཀྲང་། ལི་སེན་མའོ་ལྕགས་ལམ་པུའུ་ཡི་པུའུ་ཀྲང་། ཆན་ཡུང་ཁྲང་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་། ཙོའུ་ཅཱ་ཧྭ་འཕྲུལ་ཆས་གློག་རྡུལ་བཟོ་ལས་པུའུ་ཡི་པུའུ་ཀྲང་གཅིག་ལྕོགས། ལིན་ཙུང་ཐང་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་བཟོ་ལས་པུའུ་ཡི་པུའུ་ཀྲང་། ཆི་ཡོན་ཅིན་ངར་ལྕགས་བཙོ་སྦྱང་བཟོ་ལས་པུའུ་ཡི་པུའུ་ཀྲང་། ཆིན་ཀྲུང་ཏ་རྫས་འགྱུར་བཟོ་ལས་པུའུ་ཡི་པུའུ་ཀྲང་། ཙེང་ཞན་ལིན་ཡང་བའི་བཟོ་ལས་པུའུ་ཡི་པུའུ་ཀྲང་། ཝུའུ་ཝུན་དབྱིན་འཁེལ་འཐག་བཟོ་ལས་པུའུ་ཡི་པུའུ་ཀྲང་། དབྱང་ཐའེ་ཧྥང་ཡིག་ཟམ་གློག་འཕྲིན་པུའུ་ཡི་པུའུ་ཀྲང་། དབྱང་ཀྲེན་ཧོའེ་ཆུ་བེད་པུའུ་ཡི་པུའུ་ཀྲང་། ཧུ་ཁང་ཞིང་ལས་པུའུ་ཡི་པུའུ་ཀྲང་། ཀའོ་ཏེ་ཀྲན་ནགས་ལས་པུའུ་ཡི་པུའུ་ཀྲང་། ཧུའུ་ཕིང་ཚོང་ལས་པུའུ་ཡི་པུའུ་ཀྲང་། ཀྲེང་ཐུའོ་པིན་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་པུའུ་ཡི་པུའུ་ཀྲང་། ལིའུ་སུའེ་ཉན་དངོས་ཟོག་པུའུ་ཡི་པུའུ་ཀྲང་། ཝང་མེང་རིག་གནས་པུའུ་ཡི་པུའུ་ཀྲང་། ཨའེ་ཀྲི་ཧྲེང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་པུའུ་ཡི་པུའུ་ཀྲང་། ཁྲེན་མིན་ཀྲང་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་། ལི་མེང་ཧྭ་རྒྱལ་ཁབ་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལི་ཀུའེ་ཞན་ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་འཛིན་གཅིག་ལྕོགས། ལུའེ་ཕེ་ཅན་རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་འགོ་འཛིན་བཅས་ལ་བསྐོ་གཞག་བྱས།

ཨུ་ཡོན་ལྷན་ཁང་གཞན་དག

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་ཆེད་དོན་ཨུ་ཡོན་ལྷན་ཁང7གྱི་ཁོངས་མིའི་མིང་ཐོར་གྲོས་འཆམ་བྱུང་བ་སྟེ། མི་རིགས་ཨུ་ཡོན་ལྷན་ཁང་ནི་མི22ལས་གྲུབ་པ་དང་། ང་ཕོད་ངག་དབང་འཇིགས་མེད་ཀྲུའུ་རེན་ཨུ་ཡོན་དང་། ཡུས་ཝུན། ལི་ཞུའེ་ཀྲི། ཨའེ་ཞིན་ཅུའེ་ལུའོ་ཕུའུ་ཅེ། ལི་ཀུའེ། ཐའོ་ཨའེ་དབྱིན(ཀྲོང་རིགས) ཕུན་ཚོགས་དབང་རྒྱལ(བོད་རིགས)བཅས་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོས། བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་ནི་མི21ལས་གྲུབ་ཅིང་། ཝང་ཧན་པིན་ཀྲུའུ་རེན་ཨུ་ཡོན་དང་། སུང་རུའུ་ཀྲེན། ཧྥེ་དབྱི་མིན། ཀུའུ་མིང་། ཞང་ཁྲུན་དབྱི། ཅང་ཕིང་བཅས་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོས།  ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་ནི་མི20ལས་གྲུབ་པ་དང་། ཞི་ཀྲུང་ཞུན་ཀྲུའུ་རེན་ཨུ་ཡོན་ཡིན་ལ་ཙོའུ་ཡུས་དང་མེང་ལེན་ཁུན། ཕེང་ཆིང་ཡོན། ཅའོ་ཧྲན་མིན་བཅས་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོས། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ནི་མི28ལས་གྲུབ་ཅིང་། ཁྲེན་མུའུ་ཧྭ་ཀྲུའུ་རེན་ཨུ་ཡོན་དང་། ཡེ་ལིན། མ་ཧུང་། ཐའོ་ཏཱ་ཡུང་། ལི་ཕེང་། ཀྲང་ཀེན་ཧྲེང་། ཏུང་ཧྥུའུ་ཡོན་བཅས་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོ་གཞག་བྱས། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་ནི་མི30ལས་གྲུབ་ཅིང་། ཀྲོའུ་ཀུའུ་ཁྲེང་ནི་ཀྲུའུ་རེན་ཨུ་ཡོན་དང་། ཀྲང་ཁྲེང་ཞན། ཧུའུ་ཅི་ཝེ། ཧུའུ་ཁེ་ཧྲི། ཝང་ཝེ། ལིའུ་པིང་བཅས་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོས། ཕྱི་དོན་ཨུ་ཡོན་ལྷན་ཁང་ནི་མི18ལས་གྲུབ་པ་དང་། ལིའོ་ཧན་ཧྲེང་ཀྲུའུ་རེན་ཨུ་ཡོན་དང་། ཧྥུའུ་ཧའོ། ཙེང་ཐའོ། ཀྲང་ཝུན་ཅིན། ཡའོ་ཀོང་། ཁོ་ཕིང་བཅས་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོས། ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་ནི་མི17ལས་གྲུབ་པ་དང་། ཡེ་ཧྥེ་ཀྲུའུ་རེན་ཨུ་ཡོན་དང་། ཧོ་ཡིན། ལིང་ལིན་ཀོང་། ཀའོ་ཏེང་མིང་། ཁྲེན་ཙུང་ཅི་བཅས་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-19

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།