ཞིང་ལས་ཐོན་ཁུངས་དང་ཁོར་ཡུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞིང་ལས་ཐོན་ཁུངས་དང་ཁོར་ཡུག
ཞིང་ལས་ཐོན་ཁུངས་དང་ཁོར་ཡུག་ཆེད་ལས་ཀྱི་སློབ་ཡུན་ལོ་བཞི་ཡིན་པ་དང་། ཞིང་ལས་ཐོན་ཁུངས་དང་ཁོར་ཡུག་ནི་རང་བྱུང་ཁམས་སུ་ཞིང་ལས་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ཀྱི་སྤྱི་མིང་ཡིན་ལ། ཞིང་ལས་ཐོན་སྐྱེད་གནས་པ་དང་འཕེལ་རྒྱས་འགྲོ་བའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
农业资源与环境专业
ཆེད་ལས་ཚབ་ཨང་།
090201
སློབ་ཡུན།
ལོ4
རིག་ཚན་རིགས་དབྱེ།
ཞིང་ལས་རིག་པ།
ཆེད་ལས་རིམ་པ།
དངོས་གཞི།
1 ​བསླབ་ཚན་གཙོ་བོ།

ཐོན་ཁུངས་དང་ཁོར་ཡུག་རགས་བཤད། ཞིང་ལས་ཀྱི་སྐྱེ་དངོས་ཕྲ་རབ་རིག་པ། ས་རྒྱུའི་རིག་པ་དང་ས་རྒྱུའི་ས་ཁམས་རིག་པ། རྩི་ཤིང་གི་འཚོ་བཅུད་རིག་པ། ས་རྒྱུའི་ཐོན་ཁུངས་བརྟག་དཔྱད་དང་དཔེ་རིས་བཟོ་བ། ས་གཤིས་ཆགས་ཚུལ་རིག་པའི་རྨང་གཞི། ཚོད་ལྟའི་ཇུས་འགོད་དང་བསྡོམས་རྩིས་དབྱེ་ཞིབ། ས་རྒྱུ་ཞིང་ལས་ཅན་དུ་འགྱུར་བའི་དབྱེ་ཞིབ། ས་རྒྱུ་ལེགས་བཅོས་ལག་རྩལ། ལུད་རྫས་བཟོ་རྩལ་རིག་པ། ཁོར་ཡུག་སྤུས་ཚད་གདེང་འཇོག

2 གསོ་སྐྱོང་དམིགས་འབེན།

ཆེད་ལས་དེས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་ཁམས་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་ཐོན་ཁུངས་དང་ཁོར་ཡུག་གི་གཞི་རྩའི་གཞུང་ལུགས་དང་། གཞི་རྩའི་ཤེས་བྱ། གཞི་རྩའི་ནུས་རྩལ་བཅས་ལྡན་པས། ཞིང་ལས་ཐོན་ཁུངས་དང་ཁོར་ཡུག་སྤུས་ཚད་ཀྱི་ངོ་བོ་གཏན་འཁེལ་དང་གྲངས་ཚད་དབྱེ་ཞིབ་ལ་གདེང་འཇོག་བྱེད་ཐུབ་པ་དང་། སློབ་གསོ་དང་འཆར་འགོད་སོགས་སྡེ་ཚན་གྱིས་ཞིང་ལས་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་དང་། གསར་སྤེལ། དོ་དམ་སོགས་ཀྱི་ལས་ཀ་བྱེད་མཁན་ཞིང་ལས་ཐོན་ཁུངས་དང་ཁོར་ཡུག་རིག་ཚན་གྱི་མཐོ་རིམ་ཤེས་ལྡན་མི་སྣ་ཡིན།

3 ཤེས་ཡོན་གྱི་རྩལ་ནུས།

1 རྩིས་རིག་དང་དངོས་ཁམས། རྫས་འགྱུར་རིག་པ་སོགས་གཞི་རྩའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཏན་ཏིག་འཛོམས་པ།

2 ཞིང་ལས་ཀྱི་ཐོན་ཁུངས་དང་ཁོར་ཡུག་ཚན་རིག་གི་གཞི་རྩའི་གཞུང་ལུགས་ཁོང་དུ་ཆུད་པར་བྱེད་པ།

3 ཞིང་ལས་ཐོན་ཁུངས་དོ་དམ་དང་བེད་སྤྱོད། ཞིང་ལས་ཁོར་ཡུག་སྲུང་སྐྱོང་། ས་རྒྱུ་ལེགས་བཅོས། སྐྱེ་ཁམས་ཞིང་ལས་འཛུགས་སྐྲུན་སོགས་ཐད་ཀྱི་གཞི་རྩའི་ཤེས་བྱ་ཁོང་དུ་ཆུད་པར་བྱེད་དགོས།

4 ཞིང་ལས་ཐོན་ཁུངས་བརྟག་དཔྱད་དང་། ཁོར་ཡུག་སྤུས་ཚད་གདེང་འཇོག རྫས་འགྱུར་དང་དེང་རབས་ཀྱི་དཔྱད་ཆས་དབྱེ་ཞིབ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཞིབ་དཔྱད་བྱེད་ཐབས། རྩི་ཤིང་གི་འཚོ་བཅུད་ཞིབ་འཇུག་བྱེད་ཐབས། ཚན་རིག་དང་མཐུན་པའི་སྒོ་ནས་ལུད་རྒྱག་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ཆུ་འདྲེན་པ། ཞིང་ལས་བསྐྱར་སྐྱེས་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། ས་ཞིང་འཆར་འགོད་དང་དཔེ་རིས་བཟོ་བ། ཐོན་ཁུངས་ཆ་འཕྲིན་དོ་དམ་སོགས་ཐད་ཀྱི་བྱེད་ཐབས་དང་ལག་རྩལ་ཁོང་དུ་ཆུད་པར་བྱེད་དགོས།

5 ཞིང་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འདུ་ཤེས་དང་གཞི་རྩའི་ཤེས་བྱ་ལྡན་པ་དང་། ཐོན་ཁུངས་དང་ཁོར་ཡུག་གི་ཚན་རིག་གི་མདུན་གྲལ་དང་འཕེལ་ཕྱོགས་ཤེས་རྟོགས་བྱེད་པ།

6 ཐོན་ཁུངས་དོ་དམ་དང་བཀོལ་སྤྱོད། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འབྲེལ་ཡོད་བྱེད་ཕྱོགས་དང་། སྲིད་ཇུས། ཁྲིམས་སྲོལ་བཅས་ལ་རྒྱུས་མངའ་ཡོད་པར་བྱེད་དགོས།

4 རིག་ཚན་གཙོ་བོ།

ཞིང་ལས་ཐོན་ཁུངས་བེད་སྤྱོད།  ཁོར་ཡུག་ཚན་རིག་དང་ལས་གཞི། སྐྱེ་དངོས་རིག་པ།

5 བཙུགས་གཉེར་སློབ་གླིང་།

ནང་སོག་མི་རིགས་སློབ་ཆེན་ཞིང་ལས་སློབ་གླིང་། འབྲི་ཆུ་སློབ་ཆེན་ཞིང་ལས་སློབ་གླིང་། མཚོ་སྔོན་སློབ་ཆེན་ཞིང་འབྲོག་སློབ་གླིང་། ཨན་ཧུའེ་ཞིང་ལས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ཀོང་ཞི་སློབ་ཆེན་ཞིང་ལས་སློབ་གླིང་། ཀྲུང་གོ་ཞིང་ལས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ནང་སོག་ཞིང་ལས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་། ནན་ཅིན་ཞིང་ལས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་ཚན་རིག་སློབ་གླིང་། ནན་ཅིན་ནགས་ལས་སློབ་ཆེན་ནགས་ཚལ་སློབ་གླིང་། ཧྥུ་ཅན་ཞིང་ནགས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ཧའེ་ནན་སློབ་གྲྭ་ཆེན་མོའི་ཞིང་ལས་སློབ་གླིང་། ཧྲི་ཧོ་ཙི་སློབ་ཆེན་ཞིང་ལས་སློབ་གླིང་། ཧྭ་ཀྲུང་ཞིང་ལས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ཧྲེན་དབྱང་ཞིང་ལས་སློབ་གྲྭ་ཆེན་མོའི་ས་ཞིང་དང་ཁོར་ཡུག་སློབ་གླིང་། ཧུའུ་ནན་ཞིང་ལས་སློབ་ཆེན་ཐོན་ཁུངས་ཁོར་ཡུག་སློབ་གླིང་། ཀྲེ་ཅང་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ཀྲེ་ཅང་ཞིང་ནགས་སློབ་ཆེན་ཁོར་ཡུག་དང་ཐོན་ཁུངས་སློབ་གླིང་། ལྷོ་ནུབ་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ཧོ་ནན་ཚན་རྩལ་སློབ་གླིང་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ཧོ་ནན་ཞིང་ལས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན། སི་ཁྲོན་ཞིང་ལས་སློབ་ཆེན་ཐོན་ཁུངས་སློབ་གླིང་། ཧྲན་ཏུང་ཞིང་ཆེན་ཞིང་ལས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ཆིང་ཏའོ་ཞིང་ལས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ཧོ་པེ་ཞིང་ལས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ཧེ་ལུང་ཅང་སློབ་ཆེན་ཞིང་ལས་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ཧྲན་ཞི་ཞིང་ལས་སློབ་ཆེན་ཐོན་ཁུངས་ཁོར་ཡུག་སློབ་གླིང་། པེ་ཅིང་ཞིང་ལས་སློབ་གླིང་། རྩི་ཤིང་ཚན་རིག་ལག་རྩལ་སློབ་གླིང་། ཀུའེ་ཀྲོའུ་སློབ་ཆེན་ཞིང་ལས་སློབ་གླིང་། ཅང་ཞི་ཞིང་ལས་སློབ་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ཉིང་ཞཱ་སློབ་ཆེན་ཞིང་ལས་སློབ་གླིང་། ཅི་ལིན་སློབ་ཆེན་གྱི་རྩི་ཤིང་ཚན་རིག་སློབ་གླིང་། ཀྲེ་ཅང་རྒྱ་མཚོ་སློབ་ཆེན་ཆུ་ཐོན་སློབ་གླིང་། ཨན་ཧུའེ་ཚན་རྩལ་སློབ་གླིང་གི་གྲོང་ཁྱེར་འཛུགས་སྐྲུན་དང་ཁོར་ཡུག་སློབ་གླིང་། ཞིན་ཅང་ཞིང་ལས་སློབ་ཆེན་རྩྭ་ལས་དང་ཁོར་ཡུག་ཚན་རིག་སློབ་གླིང་། ཡུན་ནན་ཞིང་ལས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་། ལྷོ་ནུབ་ནགས་ལས་སློབ་ཆེན་ཁོར་ཡུག་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། ཀུའེ་ཀྲོའུ་དགེ་འོས་སློབ་གླིང་ས་ཁམས་དང་ཐོན་ཁུངས་སློབ་གླིང་།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-27

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།