ཕྱུགས་ལས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྱུགས་ལས་རིག་པ།
​ཕྱུགས་ལས་རིག་པ་ནི་སྒོ་ཕྱུགས་གསོ་སྐྱོང་དང་། དོ་དམ། གསོ་སྤེལ། ཐོན་རྫས་བེད་སྤྱོད་བཅས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན་ལ། ཕྱུགས་ལས་ཀྱི་རྨང་གཞིའི་རིག་ཚན་ཞིག་ཀྱང་ཡིན། སྒོ་ཕྱུགས་ནི་མིས་གསོས་པའི་སྲོག་ཆགས་ལ་ཟེར་ཞིང་། མིས་གསོས་བའི་གཞི་ཁྱོན་ཡང་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། དཔལ་འབྱོར་གྱི་རིན་ཐང་ལྡན་པའི་རི་སྐྱེས་སྲོག་ཆགས་མང་པོར་ཡང་མིས་གསོས་ཡོད། དཔེར་ན་ཕག་རྒོད་དང་། རི་བྱི། ཝ་མོ། ཨོག་དཀར་སོགས་ལྟ་བུ། ཕྱུགས་ལས་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་ད་དུང་སྦྲང་མ་དང་། དར་སྲིན་སོགས་ཀྱང་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
畜牧学
ཕྱི་ཡིག་གི་མིང་།
animal husbandry science
ཞིབ་འཇུག་ཁྱབ་ཁོངས།
ཕྱུགས་ལས་རིག་པ།
རིག་ཚན་རིགས་དབྱེ།
ཕྱོགས་བསྡུས་རང་བཞིན་གྱི་རིག་ཚན།
1 ​རགས་བཤད།

ཕྱུགས་ལས་རིག་པ་ནི་སྒོ་ཕྱུགས་ཀྱི་གསོ་སྐྱོང་དང་། གསོ་སྤེལ།  དོ་དམ། རིམས་འགོག་བཅས་དང་། དེ་བཞིན་རྩྭ་ས་འཛུགས་སྐྲུན། ཕྱུགས་ལས་ཐོན་རྫས་ལས་སྣོན། ཕྱུགས་ལས་གཉེར་སྐྱོང་དོ་དམ་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་ཚན་ལ་ཞིབ་འཇུག་བྱེད་པ་དང་། ཕྱུགས་ལས་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་ཤེས་བྱའི་གཞུང་ལུགས་དང་ལག་རྩལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། ཀྲུང་གོ་ནི་འབྲོག་ལས་ཐོན་སྐྱེད་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། ཕྱུགས་རིགས་དང་བྱ་རིགས་བཤས་གཏོང་ཚད་དང་། ཤ་རིགས་དང་བྱ་སྒོང་། འོ་མ་རིགས་ཀྱི་ཐོན་སྐྱེད་བསྡོམས་འབོར་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། འོན་ཀྱང་འབྲོག་ལས་རིག་ཚན་གྱིས་འབྲོག་ལས་ལ་མེད་དུ་མི་རུང་བའི་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། དུས་མཚུངས་དེང་རབས་འབྲོག་ལས་ཚན་རིག་ལག་རྩལ་གྱིས་རང་རྒྱལ་གྱི་སྲོལ་རྒྱུན་འབྲོག་ལས་དེ་དེང་རབས་འབྲོག་ལས་ཕྱོགས་སུ་རིམ་སྤོར་བྱེད་པའི་ཁྲོད་ནུས་པ་གལ་ཆེན་བཏོན་ནས་རང་རྒྱལ་མི་དམངས་ཀྱི་དགོས་མཁོ་སྐོང་བ་དང་བཟའ་བཅའི་མཁོ་སྤྲོད་བདེ་འཇགས་འགན་ལེན་བྱེད་ཆེད་ལ་སུབ་ཐབས་མེད་པའི་བྱས་རྗེས་ཆེན་པོ་བཞག་ཡོད།

2 ཞིབ་འཇུག་ཁ་ཕྱོགས།

སྲོག་ཆགས་ཀྱི་འཚོ་བཅུད་དང་གཟན་ཆག་ཚན་རིག་གི་ཁ་ཕྱོགས་གཙོ་བོ་སྲོག་ཆགས་ཀྱི་འཚོ་བཅུད་དགོས་མཁོ་དང་། འཚོ་བཅུད་སྐྱེ་ཁམས་དང་སྐྱེ་དངོས་རྫས་འགྱུར་སྙོམས་སྒྲིག་ཚོད་འཛིན། གཟན་ཆག་སྐྱེ་དངོས་ལག་རྩལ། གཟན་ཆག་རྒྱུ་ཆའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། གཟན་ཆག་གི་སྦྱོར་རྟའི་ནུས་པའི་རྐྱེན་རྩ་དང་བཀོལ་སྤྱོད། གཟན་ཆག་ལག་རྩལ། གཟན་ཆག་འཕྲོད་བསྟེན། གཟན་ཆག་དང་འཚོ་བཅུད་ཞིབ་དཔྱད་ལག་རྩལ། གསོ་ཚགས་ལག་རྩལ། འཚོ་བཅུད་དང་ཁོར་ཡུག་བར་གྱི་འབྲེལ་བ། འཚོ་བཅུད་དང་རིམས་འགོག་བར་གྱི་འབྲེལ་བ། འཚོ་བཅུད་དང་ཕྱུགས་ལས་ཐོན་རྫས་བར་གྱི་འབྲེལ་བ་སོགས་ཡིན།

3 ས་ཁོངས་ཁྱད་ཆོས།

ཕྱུགས་ལས་ཐོན་སྐྱེད་ཐད་རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་སྤྱི་ཚོགས་སྐྱེ་ཁམས་ཁོར་ཡུག་མི་འདྲ་བའི་རྐྱེན(དཔེར་ན་སྤྱི་ཚོགས་དང་ཚོང་རས་ཕྱུགས་ལས་ཐོན་རྫས་ལ་བཏོན་པའི་བླང་བྱ་དང་། རིན་གོང་། སྲིད་ཇུས། ལས་སྣོན་ལག་རྩལ། གསོག་ཉར་དང་སྐྱེལ་འདྲེན་བྱེད་ནུས། སྲོལ་རྒྱུན་གྱི་གོམས་གཤིས། སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས)གྱིས་འཛམ་གླིང་ས་གནས་ཁག་ཏུ་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དུ་ཆགས་ཡོད། རང་རྒྱལ་གྱི་ས་རྒྱ་ཆེ་ཞིང་། རང་བྱུང་ཐོན་ཁུངས་དང་། ཐོན་སྐྱེད་ཆ་རྐྱེན། སྲོལ་རྒྱུན་གོམས་གཤིས་སོགས་ཀྱི་ཁྱད་པར་ཡོད་པའི་དབང་གིས་ཞིང་ཁུལ་དང་འབྲོག་ཁུལ། རོང་མ་འབྲོག་ཁུལ། གྲོང་ཁྱེར་ཉེ་འདབས་བཟོ་གཏེར་ཁུལ་བཅས་རིགས་མི་འདྲ་བའི་ཕྱུགས་ལས་ཐོན་སྐྱེད་ས་ཁོངས་བཞི་ཆགས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཕྱུགས་ལས། རིག་ཚན། ཕྱུགས་ལས་རིག་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-27

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།