ཕྱུགས་ནད་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྱུགས་ནད་རིག་པ།
སྒོ་ཕྱུགས་ཀྱི་ནད་རིགས་སྔོན་འགོག་དང་སྨན་བཅོས་བྱེད་པའི་ཚན་རིག་ལ་ཞིབ་འཇུག་བྱེད་པ་དང་། སྒོ་ཕྱུགས། རི་སྐྱེས་སྲོག་ཆགས། ཚོད་ལྟའི་སྲོག་ཆགས། སྤྱན་གཟིགས་སྲོག་ཆགས། དཔལ་འབྱོར་གྱི་འབུ་སྲིན་དང་། ཉ་རིགས་ཀྱི་ལུས་ཁམས་བདེ་སྲུང་དང་ནད་རིགས་འགོག་བཅོས་ཚང་མ་ཕྱུགས་ནད་རིག་པའི་ཁོངས་སུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
兽医学
ཕྱི་ཡིག་གི་མིང་།
veterinary medicine
1 ​རིག་ཚན་གྱི་ལོ་རྒྱུས།

སྒོ་ཕྱུགས་ཀྱི་ནད་རིགས་སྨན་བཅོས་བྱེད་པ་ནི་རི་སྐྱེས་སྲོག་ཆགས་སྒོ་ཕྱུགས་ལ་འདུལ་གསོ་བྱས་པའི་ཐོག་མའི་དུས་རིམ་ནས་འགོ་ཚུགས་པ་དང་། ཀྲུང་གོའི་ཕྱུགས་ནད་སྨན་བཅོས་ལག་རྩལ་གྱི་ལོ་རྒྱུས་དེ་བས་ཀྱང་ཡུན་རིང་པོ་ཡོད། རྟ་ནད་འགོག་བཅོས་དང་། སྒོ་ཕྱུགས་བདག་སྐྱོང་སོགས་ཚང་མ་དབྱིན་ཧྲང་དུས་སྐབས་སུ་འདེད་ཐུབ། ཀྲུའུ་ནུབ་མ་ནས་ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ་ཆེད་བསྐོས་ཕྱུགས་རིགས་སྨན་པ་བྱུང་ཡོད། ཆིན་ཧན་གྱི་རྗེས་སུ་ཕྱུགས་སྨན་དང་ཕྱུགས་ཀྱི་ནད་འགོག་ལག་རྩལ་སྣ་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་མ་ཟད། ཕྱུགས་སྨན་གྱི་བརྩམས་ཆོས་ཀྱང་འབོར་ཆེན་བྱུང་ནས་རིམ་བཞིན་མ་ལག་ཏུ་ཆགས་པ་ཡིན། ཐང་རྒྱལ་རབས་ཀྱི་དུས་སུ་ཕྱུགས་ནད་སྨན་པའི་ལག་རྩལ་ཕྱི་རྒྱལ་དུ་ཁྱབ་སྤེལ་བྱེད་འགོ་བརྩམས།

བྲན་གཡོག་ལམ་ལུགས་ཀྱི་དུས་རབས་སུ་སླེབས་དུས། ཕྱུགས་རིགས་སྨན་པ་ནི་དམག་འཁྲུག་ཁྲོད་དུ་དམག་རྟ་མཁོ་བའི་ཚད་ཇེ་མཐོར་སོང་བའི་རྐྱེན་གྱིས་དར་རྒྱས་སུ་སོང་། གནའ་བོའི་ཀེ་རི་སིར་རྟ་ཡི་སྨན་པ་ཡོད། རོ་མ་བཙན་རྒྱལ་དུས་མཇུག་གི་དམག་དཔུང་ཁྲོད་ཀྱི་ཕྱུགས་རིགས་སྨན་པའི་ལག་རྩལ་ཆུ་ཚད་ཅུང་མཐོན་པོར་སླེབས་ཡོད་པ་མ་ཟད། གནའ་བོའི་ཀེ་རི་སེའི་ཕྱུགས་རིགས་སྨན་པའི་ཚད་ལྡན་ཡིག་ཆའི་རྨང་གཞིའི་སྟེང་རྟ་ནད་སྐོར་གྱི་བརྩམས་ཆོས་རྩོམ་སྒྲིག་བྱས་མྱོང་།

སྤྱི་ལོ1761ལོར་ཧྥ་རན་སིས་ལི་ཨང་ནས་འཛམ་གླིང་སྟེང་མཐོ་རིམ་ཕྱུགས་རིགས་སྨན་པའི་སློབ་གྲྭ་དང་པོ་བཙུགས་པ་དང་། སྤྱི་ལོ1800ལོར་སླེབས་དུས། ཡོ་རོབ་གླིང་གི་རྒྱལ་ཁབ12ཀྱིས་སྔ་རྗེས་སུ་ཕྱུགས་རིགས་སྨན་པའི་སློབ་གྲྭ20ཡས་མས་བཙུགས། ཀྲུང་གོའི་ཕྱུགས་རིགས་སྨན་པའི་སློབ་གྲྭ་དང་པོ་པེ་དབྱང་མཱ་གསོ་རིག་སློབ་གྲྭ་ནི་སྤྱི་ལོ1904ལོར་བཙུགས་པ་ཡིན།

དུས་རབས20པ་ནས་བཟུང་། འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བར་ཕྱུགས་ནད་སྨན་བཅོས་སློབ་གྲྭ་དང་ཕྱུགས་སྨན་ལས་ཁུངས་བཙུགས་ཡོད་པས། ཕྱུགས་ནད་སྨན་པའི་ཚན་རིག་ཞིབ་འཇུག་དང་། སློབ་གསོ། སྨན་བཅོས་བཅས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་སོང་ཡོད། མིག་སྔར་ཕྱུགས་ནད་སྨན་པའི་ཚན་རིག་ཅུང་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་ཨ་རི་དང་འཇར་མན། དབྱིན་ཇི། ཏན་མའེ། འཇར་པན། སུའུ་ལེན་སོགས་ཡོད།

2 རིག་ཚན་གྱི་མ་ལག

ཕྱུགས་ནད་སྨན་པའི་ཚན་རིག་དང་གསོ་རིག་གི་གཞུང་ལུགས་ཀྱི་རྨང་གཞི་ཕན་ཚུན་འབྲེལ་ཡོད་ལ། དེ་གཉིས་ཕན་ཚུན་དཔེ་ལྟ་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཕྱུགས་ནད་སྨན་པའི་ཚན་རིག་གི་རྨང་གཞིའི་གཞུང་ལུགས་དང་ཉེར་སྤྱོད་རིག་ཚན་གཙོ་བོ་ལ་སྒོ་ཕྱུགས་གཤགས་འབྱེད་རིག་པ་དང་། སྒོ་ཕྱུགས་ཕུང་གྲུབ་རིག་པ་དང་སྦྲུམ་སྲིང་རིག་པ། སྒོ་ཕྱུགས་སྐྱེ་ལུགས་རིག་པ་བ། ཕྱུགས་རིགས་གསོ་རིག་སྨན་རྫས་རིག་པ། ཕྱུགས་རིགས་སྨན་པ་སྐྱེ་དངོས་ཕྲ་རབ་རིག་པ་དང་སྒོ་ཕྱུགས་འགོས་ནད་ནད་རིག་པ། སྒོ་ཕྱུགས་གཞན་བརྟེན་སྲིན་འབུའི་ནད་རིག་པ། སྒོ་ཕྱུགས་ནང་གི་ཚན་རིག ཕྱུགས་རིགས་ཕྱི་ཚན་རིག ཁྱིམ་ཕྱུགས་ཐོན་རྫས་ཚན་རིག་སོགས་ཡོད།

3 རིག་ཚན་གྱི་ནང་དོན།

དེང་རབས་ཀྱི་ཕྱུགས་ནད་གསོ་རིག་གི་ལས་འགན་ནི་ཕྱུགས་ལས་གོང་འཕེལ་གཏོང་རྒྱུ་དེ་ཡིན་པ་མ་ཟད། མི་ཕྱུགས་གཉིས་ཀར་ཕོག་པའི་ནད་རིགས་ཀྱི་གནོད་འཚེ་ཉུང་དུ་བཏང་ནས་སྲོག་ཆགས་རང་བཞིན་གྱི་བཟའ་བཅའའི་འཕྲོད་བསྟེན་སྤུས་ཚད་མཐོར་འདེགས་དང་ཁོར་ཡུག་གི་འཕྲོད་བསྟེན་ལེགས་བཅོས་སོགས་བྱས་ནས་ཐད་ཀར་མིའི་རིགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན།

ཕྱུགས་རིགས་སྨན་པས་ནད་ཐོག་སྨན་བཅོས་བྱེད་པའི་ལས་ཀ་མང་ཆེ་བ་ནི་རིན་ཐང་མཐོ་བའི་སྒོ་ཕྱུགས་དང་ཡང་ན་སོན་ཕྱུགས་དང་། དེ་མིན་སྲོག་ཆགས་དང་སྲོག་ཆགས་ལ་བལྟ་བྱེད་ཀྱི་ཡུལ་གཙོ་བོ་ཡིན་ཞིང་། སྤྱིར་བཏང་གི་སྒོ་ཕྱུགས་ཚང་མ་ཁྱུ་ཡོངས་ཀྱི་འགོག་བཅོས་ལས་གལ་ཆེ།

བཟོ་གྲྭའི་རྣམ་པའི་ཞིབ་ལས་ཅན་གྱི་ཁྱིམ་བྱ་གསོ་བ་དང་ཕག་གསོ་བའི་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དེས་ཕྱུགས་རིགས་སྨན་པས་གསོ་ཚགས་ར་བའི་གདམ་ག་དང་། ཕྱུགས་ཁང་ཇུས་འགོད། ཁོར་ཡུག་འཕྲོད་བསྟེན་དོ་དམ་གྱི་རིམས་འགོག་གོ་རིམ་གཏན་འབེབས་དང་ལག་བསྟར། ནད་རིགས་བརྟག་དཔྱད་དང་རིམས་འགོག་ཆུ་ཚད་ལྟ་ཞིབ་ཚད་ལེན་སོགས་ཀྱི་འགན་འཁྲི་ལྕི་རུ་ཕྱིན་ནས་སྒོ་ཕྱུགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ་དང་ཁྱུ་ཚོགས་ཀྱི་ནད་སྔོན་འགོག་བྱེད་པའི་ ནད་དང་། གཞན་བརྟེན་སྲིན་འབུའི་ནད་དང་དུག་ལྡན་ནད། འཚོ་བཅུད་བརྗེ་ཚབ་རང་བཞིན་གྱི་ནད་རིགས་སོགས་ཐོན་པ་ཚུད་ཡོད། དེའི་ནང་ནས་རིམས་ནད་ནི་གནོད་འཚེ་ཆེས་ཆེ་ཡང་མི་ཉུང་བ་ཞིག་རྩ་མེད་དུ་བཏང་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-27

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།