གྲོས་གཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲོས་གཞི།
གྲོས་གཞི་ནི་རྒྱལ་ཁབ་ཀྱི་གཞུང་དོན་གྲོས་མོལ་ལས་ཁུངས(ཁྲིམས་འཛུགས་ལས་ཁུངས་སམ་ཡང་ན་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས)ཀྱིས་བཏོན་པའི་གྲོས་གཞི་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
议案
དབྱིན་ཡིག་གི་མིང་།
proposal
རིགས་དབྱེ།
བཅའ་ཁྲིམས་སྐོར་གྱི་ཆེད་སྤྱོད་ཐ་སྙད།
ཁྱད་ཆོས།
བཟོ་འགྲེམ་ལས་ཁུངས་ཀྱི་ཁྲིམས་ལུགས་རང་བཞིན་དང་།ནང་དོན་གྱི་དམིགས་བསལ་རང་བཞིན་སོགས།
1 ​ངོ་སྤྲོད་མདོར་བསྡུས། 

གྲོས་གཞི་ནི་རྒྱལ་ཁབ་ཀྱི་གཞུང་དོན་གྲོས་མོལ་ལས་ཁུངས(ཁྲིམས་འཛུགས་ལས་ཁུངས་སམ་ཡང་ན་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས)ཀྱིས་བཏོན་པའི་གྲོས་གཞི་ལ་ཟེར། དཔེར་ན་བཅའ་ཁྲིམས་ཀྱི་གྲོས་གཞི(བསྡུས་མིང་ལ་ཁྲིམས་དོན་གྲོས་གཞི་ཟེར)དང་། སྔོན་རྩིས་ཀྱི་གྲོས་གཞི། ངེས་རྩིས་ཀྱི་གྲོས་གཞི། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཆར་གཞིའི་གྲོས་གཞི། ནག་ཉེས་ཐེར་འདོན་གྲོས་གཞི། འདྲི་རྩད་ཀྱི་གྲོས་གཞི། དེ་བཞིན་རྒྱལ་ཡོངས་རང་བཞིན་དང་ས་གནས་རང་བཞིན་གྱི་གལ་ཆེའི་དོན་གནད་སྐོར་གྱི་གྲོས་གཞི་སོགས་ཡིན། སྤྱིར་བཏང་དུ་གྲོས་གཞི་འདོན་དབང་ཡོད་པའི་ལས་ཁུངས་སམ་ཡང་ན་གྲོས་མིས(འཐུས་མི)བཏོན་ཆོག་མོད། འོན་ཀྱང་དེའི་ནང་དོན་ནི་ངེས་པར་དུ་གྲོས་དོན་ལས་ཁུངས་ཀྱི་འགན་དབང་ཁོངས་སུ་གཏོགས་པའི་དོན་དག་ཡིན་ཚེ་གཞི་ནས་གྲོས་གཞིར་བརྩི་ཆོག གྲོས་གཞི་བཏོན་རྗེས་སྤྱིར་ན་སྔོན་ལ་ཆེད་དམིགས་ལས་ཁུངས་ཤིག་ལ་སྤྲད་ནས་གྲོས་ཞིབ་བྱེད་དུ་འཇུག་དགོས་པ་དང་། དེ་ནས་གྲོས་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་བསྡུར་བྱ་རྒྱུར་འབུལ་དགོས། མཐར་གྲོས་ཚོགས་ཐོག་བརྡས་ཐག་གཅོད་པའི་ཐབས་ལ་བརྟེན་ནས་ཐག་གཅོད་དགོས།

2 མིང་གི་འབྱུང་ཁུངས།  

རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་འཛིན་ལས་ཁུངས་སམ་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཚོགས་འདུ་འཚོག་སྐབས་གྲོས་རིམ་དུ་འགོད་པ་དང་གྲོས་ཞིབ་བྱ་རྒྱུར་སྤྲད་པའི་འབྲེལ་ཡོད་རྒྱལ་ཁབ་དང་ས་གནས་ཀྱི་དོན་དག་གལ་ཆེན་སྐོར་གྱི་གྲོས་འཆར་དང་ཇུས་གཞི། དེའི་ནང་བཅའ་ཁྲིམས་སྐོར་གྱི་གྲོས་གཞི་དང་། སྔོན་རྩིས་སྐོར་གྱི་གྲོས་གཞི། ནག་ཉེས་ཐེར་འདོན་གྱི་གྲོས་གཞི་སོགས་ཚུད་ཡོད། དབྱིན་ཇིས་ད་དུང་གྲོས་གཞི་དེ་གཞུང་གི་གྲོས་གཞི་དང་། སྒེར་གྱི་གྲོས་གཞི། མཉམ་བསྲེས་གྲོས་གཞི་བཅས་ཁག3ལ་དབྱེ་ཡོད་པ་དང་། རྒྱལ་ཡོངས་ཀྱི་ས་གནས་ཁག་དང་སྲིད་གཞུང་གི་སྲིད་ཇུས་དང་འབྲེལ་བ་ཡོད་པའི་གྲོས་གཞི་ཡིན་ཕྱིན། ས་གནས་ཀྱི་དབང་འཛིན་ལས་ཁུངས་དང་། ཚོགས་པ་ཁ་ཤས། ཚོགས་ཁག་ག་གེ་མོའམ་མི་སྒེར་འགའ་ཞིག་གི་དབང་ཆའམ་ཁེ་ཕན་དང་འབྲེལ་བ་ཡོད་པའི་གྲོས་གཞི་ནི་སྒེར་གྱི་གྲོས་གཞི་ཡིན། གཞུང་སྒེར་གཉིས་ཀྱི་གྲོས་གཞིའི་ཁྱད་ཆོས་ལྡན་པའི་གྲོས་གཞི་ནི་མཉམ་བསྲེས་གྲོས་གཞི་ཡིན།

3 གྲོས་གཞིའི་གོ་རིམ།

གྲོས་གཞི་ངེས་པར་དུ་གྲོས་བསྡུར་བྱས་པ་ལས་འདོན་པ་དང་། ཐོག་མའི་གྲོས་ཞིབ། དངོས་སུ་རྩོད་གླེང་བྱེད་པ། བཟོ་བཅོས་བྱེད་པ། བརྡས་ཐག་གཅོད་པ། གྲོས་འཆམ་བྱེད་པ། ཡོངས་བསྒྲགས་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་དགོས། གྲོས་གཞི་ནི་སྤྱིར་བཏང་དུ་གྲོས་གཞི་འདོན་དབང་ཡོད་པའི་ལས་ཁུངས་སམ་ཡང་ན་མི་སྒེར་གྱིས་བཏོན་ཞིང་། བཏོན་པའི་ནང་དོན་ནི་ངེས་པར་དུ་གྲོས་དོན་ལས་ཁུངས་ཀྱི་འགན་དབང་ཁྱབ་ཁོངས་ནང་གི་དོན་དག་ཡིན་དགོས།

4 གྲོས་གཞིའི་ཁྱད་ཆོས།

བཟོ་འགྲེམ་ལས་ཁུངས་ཀྱི་ཁྲིམས་ལུགས་རང་བཞིན།  

གྲོས་གཞི་བཟོ་འགྲེམ་བྱེད་མཁན་ལས་ཁུངས་ནི་རིམ་པ་ཁག་གི་མི་དམངས་སྲིད་གཞུང་ཡིན་དགོས་པ་ལས་སྲིད་གཞུང་གི་འགན་ནུས་ཚན་པར་བཟོ་འགྲེམ་བྱེད་པའི་དབང་ཆ་མེད།

ནང་དོན་གྱི་དམིགས་བསལ་རང་བཞིན།

མི་དམངས་སྲིད་གཞུང་གིས་བཏོན་པའི་གྲོས་གཞིའི་ནང་དོན་ནི་ངེས་པར་དུ་མི་དམངས་འཐུས་མིའི་ཚོགས་ཆེན་ནམ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་དབང་ཁྱབ་ཁོངས་སུ་གཏོགས་པའི་འབྲེལ་ཡོད་དོན་དག་ཡིན་དགོས། 

དོན་ཚན་གྱི་དགོས་ངེས་རང་བཞིན་དང་ལག་བསྟར་བྱས་འཐུས་རང་བཞིན།  

མི་དམངས་འཐུས་ཚོགས་ལ་གྲོས་གཞིར་གྲོས་ཞིབ་གནང་རྒྱུར་ཕུལ་བའི་དོན་ཚན་དང་འཚམ་དགོས་པ་མ་ཟད་ངེས་པར་དུ་དོན་དག་གལ་ཆེན་ཞིག་ཡིན་དགོས། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་བླང་བྱ་དང་འཚམ་དགོས་པ་མ་ཟད། གྲོས་གཞིའི་ནང་བཏོན་པའི་ཇུས་གཞི་དང་བྱེད་ཐབས་ཀྱང་ངེས་པར་དུ་ལག་ལེན་འཁྱོལ་ཐུབ་ངེས་པ་ཞིག་ཡིན་དགོས། དེ་འདྲ་མ་བྱས་ན་གྲོས་འཆམ་ཡོང་མི་ཐུབ།

5 གཏན་འཁེལ་བྱ་རིམ།  

གྲོས་གཞི་ཞེས་པ་ནི་ཁྲིམས་བཀོད་ལས་ཁུངས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་བཀོད་གོ་རིམ་ལྟར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའམ་ཡང་ན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་ཕུལ་བ་མ་ཟད་གཏན་འཁེལ་བྱས་པའི་གྲོས་གཞི་ལ་ཟེར། བཅའ་ཁྲིམས་ནང་གྲོས་གཞི་འདོན་པ་དང་གྲོས་གཞི་འདོན་པའི་ནང་དོན་དང་ཐག་གཅོད་གོ་རིམ་ལ་གཏན་འབེབས་གསལ་པོ་བྱས་ཡོད་པ་གཤམ་གསལ་ལྟར།

1.གྲོས་གཞི་འདོན་མཁན་ནི་ངེས་པར་དུ་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ལས་ཁུངས་སམ་ཡང་ན་འཐུས་མི་ཡིན་དགོས།

2. གྲོས་གཞིའི་ནང་དོན་ནི་ངེས་པར་དུ་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་སམ་ཡང་ན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་དབང་ཁྱབ་ཁོངས་ནང་གི་དོན་ཚན་ཡིན་དགོས།

3. གྲོས་གཞི་དེ་གཏན་འབེབས་བྱས་པའི་དུས་བཀག་ནང་འདོན་དགོས།

4. གྲོས་གཞི་འདོན་སྐབས་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་བླང་བྱ་ལྟར་གྲོས་གཞི་འདོན་པའི་རྒྱུ་མཚན་དང་། ཐག་གཅོད་ཇུས་གཞི།  ཇུས་གཞིའི་མཇུག་འབྲས་བཅས་གསལ་པོར་འབྲི་དགོས། གྲོས་གཞི་འདོན་པའི་རྒྱུ་མཚན་ཞེས་པ་ནི་གྲོས་གཞིས་བཏོན་པའི་རྒྱུ་མཚན་ལ་ཟེར། ཐག་གཅོད་ཇུས་གཞི་ཞེས་པ་ནི་གནད་དོན་ཐག་གཅོད་བྱེད་ཐབས་ཞིབ་ཕྲ་དང་བསམ་འཆར་ཞིབ་ཕྲར་ཟེར། གལ་ཏེ་ཁྲིམས་བཟོའི་གྲོས་གཞིའམ་ཡང་ན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་འཆར་ཟིན་ཡིན་ཚེ་བཅའ་ཁྲིམས་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་ནམ་ཡང་ན་བཟོ་བཅོས་འཆར་ཟིན་ཟུར་དུ་འགོད་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-16

གསར་སྤེལ་མཁན། :ལྷ་དབང་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།