གཞུང་ལུགས་དཔལ་འབྱོར་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཞུང་ལུགས་དཔལ་འབྱོར་རིག་པ།
གཞུང་ལུགས་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་རིག་པའི་གཞི་རྩའི་དོན་སྤྱི་དང་། ཁྱབ་ཁོངས། ཁྱབ་ཁོངས་མ་ལག་བཅས་ཀྱིས་གྲུབ་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་ཞིང་། དེའི་ནང་དུ་སྤྱིར་བཏང་གི་གཞུང་ལུགས་དཔལ་འབྱོར་རིག་པ་དང་དམིགས་བསལ་གྱི་གཞུང་ལུགས་དཔལ་འབྱོར་རིག་པ་གཉིས་འདུས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
理论经济学
ཕྱི་ཡིག་གི་མིང་།
Theoretical Economics
1 མཚན་ཉིད།

དཔལ་འབྱོར་རིག་པའི་གཞི་རྩའི་དོན་སྤྱི་དང་། ཁྱབ་ཁོངས། ཁྱབ་ཁོངས་མ་ལག་བཅས་ལས་གྲུབ་པའི་གཞུང་ལུགས་ཀྱི་མ་ལག་སྟེ། གཞུང་ལུགས་དཔལ་འབྱོར་རིག་པ་སྤྱིར་བཏང་བ་དང་དམིགས་བསལ་གྱི་གཞུང་ལུགས་དཔལ་འབྱོར་རིག་པ་གཉིས་འདུས། མིའི་རིགས་ཀྱི་དཔལ་འབྱོར་རིག་པ་དང་ཚན་རིག་དཔལ་འབྱོར་རིག་པ་ནི་སྤྱིར་བཏང་གི་རིགས་པའི་གཞུང་ལུགས་ཀྱི་དཔལ་འབྱོར་རིག་པ་ཡིན་པ་དང་། ཆབ་སྲིད་དཔལ་འབྱོར་རིག་པ་ནི་དམིགས་བསལ་གྱི་རིགས་པའི་གཞུང་ལུགས་ཀྱི་དཔལ་འབྱོར་རིག་པ་ཡིན། གཞུང་ལུགས་དཔལ་འབྱོར་རིག་པས་ཡན་ལག་དཔལ་འབྱོར་རིག་པར་གཞུང་ལུགས་ཀྱི་རྨང་གཞི་འདོན་སྤྲོད་བྱས། ཚན་རིག་གི་གཞུང་ལུགས་དཔལ་འབྱོར་རིག་པ་ནི་མིའི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིར་བཏང་ཆོས་ཉིད་མཚོན་པའི་དཔལ་འབྱོར་རིག་པའི་གཞུང་ལུགས་ཤིག་ཡིན་ལ། དཔལ་འབྱོར་རིག་པའི་སྤྱི་ལུགས་དང་། གཏན་སྲོལ། གཏན་སྲོལ་མ་ལག་བཅས་ཀྱིས་གྲུབ་པ་ཡིན། ཚན་རིག་གི་གཞུང་ལུགས་དཔལ་འབྱོར་རིག་པར་དཔལ་འབྱོར་རིག་པའི་རྨང་གཞིའི་གཞུང་ལུགས་ཡོད་པར་མ་ཟད། དཔལ་འབྱོར་རིག་པའི་གཞི་རྩའི་རྩ་བའི་རིགས་པ་ཡང་ཡོད། ཆབ་སྲིད་དཔལ་འབྱོར་རིག་པར་དཔལ་འབྱོར་རིག་པའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཁོ་ན་ལས་དཔལ་འབྱོར་རིག་པའི་གཞི་རྩའི་རྩ་བའི་རིགས་པ་ངོ་མ་མེད། ཆབ་སྲིད་དཔལ་འབྱོར་རིག་པ་དེ་སྤྱི་ཁོག་དཔལ་འབྱོར་རིག་པ་དང་ཕྲ་མཐོང་དཔལ་འབྱོར་རིག་པ་གཉིས་སུ་དབྱེ་ཡོད། ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་དཔལ་འབྱོར་རིག་པ་ནི་སྤྱི་ཡོངས་ཀྱི་དཔལ་འབྱོར་རིག་པ་ཡིན་པ་དང་། སྤྱི་ཁོག་དཔལ་འབྱོར་རིག་པ་དང་ཕྲ་མཐོང་དཔལ་འབྱོར་རིག་པའི་གཅིག་གྱུར་ཡིན། ཆབ་སྲིད་དཔལ་འབྱོར་རིག་པ་ནི་རིགས་པའི་གཞུང་ལུགས་དཔལ་འབྱོར་རིག་པའི་རིག་ཚན་གྱི་ཚད་ལྡན་མིང་ཡིན་མོད། འོན་ཀྱང་དེ་དག་བར་མངོན་གསལ་གྱི་རང་བཞིན་ལྡན་པའི་ཁྱད་པར་ཞིག་ཡོད་པ་སྟེ། ཆབ་སྲིད་དཔལ་འབྱོར་རིག་པ་དུས་མཚུངས་སུ་ལག་ལེན་གྱི་ཉེར་སྤྱོད་དང་འབྲེལ་བ་ཡོད། དེ་གསལ་པོར་བཤད་ན་ཆབ་སྲིད་དཔལ་འབྱོར་རིག་པས་མིའི་བྱ་སྤྱོད་དོན་གཉེར་བྱེད་པའི་སྤྱི་ཡོངས་ནས་བྱུང་བ་ཡིན། ང་ཚོས་བལྟས་ན་དེ་ནི་རྒྱུན་དུ་བཤད་པའི་མར་ཁེ་སིའི་རིང་ལུགས་ཀྱི་ལས་ཀའི་གཏན་ཚིགས་ཙམ་རེད། བྱ་སྤྱོད་ཀྱི་ནང་ནས་ཤེས་པ་ཡོང་བ་ལས་དེ་དང་ཕྱིན་ཅི་ལོག་པ་ཞིག་མིན། མར་ཁེ་སིའི་གསར་བརྗེའི་ནང་དོན་གཙོ་བོ་ནི་འཇིག་རྟེན་བསྒྱུར་རྒྱུ་དེ་ཡིན། འདི་ནི་ལག་ལེན་གྱི་ལམ་ཕྱོགས་རྩ་བ་ཡིན་ཞིང་། མཐར་གཏུགས་ནས་བཤད་ན“བྱ་སྤྱོད་རིང་ལུགས་ཀྱི་གཏན་ཚིགས”ཡིན། དེར་བརྟེན་རིགས་པའི་གཞུང་ལུགས་དཔལ་འབྱོར་རིག་པས“བཅིངས་འགྲོལ་ཇི་ལྟར་བྱེད་ཐུབ”ཅེས་པའི་གནད་དོན་དངོས་ནི“མིའི་རིགས་ཀྱིས་ཇི་ལྟར་བྱེད་ཐུབ་པ”དེ་མཚོན་ཡོད། གང་ལགས་ཤེ་ན།“ཡོད་སྲིད་པ”ནས“ངོས་འཛིན་བྱེད་ཐུབ་པའི”བར་སླེབས་པ་དང་། དེའི་ཁྲོད་ནས་གནད་དོན་ཐག་གཅོད་བྱས་ཏེ་མཐར་ཐུག་གི་འདྲི་རྩད་གཏན་འགོག་དང་ལག་ལེན་བཅིངས་འགྲོལ་བཏང་བས་རེད། སྟབས་བདེའི་ཐོག་ནས་བཤད་ན། ཞིབ་འཇུག་འདི་རིགས་དངོས་གཙོའི་རིང་ལུགས་ཀྱི་ལས་ཀའི་ཁ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་ཐུབ་མིན་གྱི་གནད་དོན་གལ་ཆེན་ལ་འབྲེལ་བ་ཡོད།

2 ཕྲ་མཐོང་དཔལ་འབྱོར་རིག་པ།

ཕྲ་མཐོང་དཔལ་འབྱོར་རིག་པ་ལ་ཁེར་རྐྱང་དཔལ་འབྱོར་རིག་པ་ཡང་ཟེར། དཔལ་འབྱོར་རིག་པ་ཆུང་བ་ནི་སྤྱི་ཁོག་དཔལ་འབྱོར་རིག་པའི་ཆ་སྒྲིག་ཡིན། ཕྲ་མཐོང་དཔལ་འབྱོར་རིག་པས་གཙོ་བོ་དཔལ་འབྱོར་སྡེ་ཚན་ཁེར་རྐྱང་གི་ཞིབ་འཇུག་བྱ་ཡུལ་དུ་བྱས་ཏེ། ཐོན་སྐྱེད་བྱེད་མཁན་ཁེར་རྐྱང་གིས་ཇི་ལྟར་ཚད་ཡོད་ཀྱི་ཐོན་ཁུངས་དེ་ཚོང་ཟོག་སྣ་ཚོགས་ཐོན་སྐྱེད་བྱེད་པའི་ཐད་དུ་བགོ་བཤའ་བརྒྱབ་ནས་ཁེ་སྤོགས་ཆེ་ཤོས་ཐོབ་པར་དབྱེ་ཞིབ་བྱེད་པ་དང་། འཛད་སྤྱོད་པ་ཁེར་རྐྱང་གིས་ཇི་ལྟར་ཚད་ཡོད་ཀྱི་ཡོང་འབབ་དེ་ཚོང་ཟོག་སྣ་ཚོགས་འཛད་སྤྱོད་བྱེད་པའི་ཐད་བགོ་བཤའ་བརྒྱབ་ནས་ཡིད་ཚིམ་ཆེ་ཤོས་ཡོང་བ་བྱེད་དགོས། དུས་མཚུངས་སུ་ཕྲ་མཐོང་དཔལ་འབྱོར་རིག་པས་ད་དུང་ཐོན་སྐྱེད་བྱེད་མཁན་རྐྱང་པའི་ཐོན་ཚད་དང་། མ་གནས། བེད་སྤྱོད་བྱེད་པའི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་གྲངས་འབོར་དང་ཁེ་སྤོགས་ཇི་ལྟར་གཏན་འཁེལ་བྱེད་པར་དབྱེ་ཞིབ་བྱས་ཡོད། ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་མཁོ་སྤྲོད་བྱེད་མཁན་གྱི་ཡོང་འབབ་ཇི་ལྟར་ཐག་གཅོད་རྒྱུ། ཚོང་ཟོག་རྐྱང་པའི་ཕན་ནུས་དང་། མཁོ་སྤྲོད་བྱེད་ཚད། དགོས་མཁོ། རིན་གོང་བཅས་ཇི་ལྟར་གཏན་འཁེལ་བྱ་རྒྱུ་སོགས་ཡིན།

བྱེ་བྲག་དཔལ་འབྱོར་རིག་པ་ནི་སྤྱི་ཚོགས་ཚོགས་པའི་ནང་གི་དཔལ་འབྱོར་སྡེ་ཚན་རྐྱང་པའི་དཔལ་འབྱོར་བྱ་སྤྱོད་དང་དེ་བཞིན་དེ་མཚུངས་ཀྱི་དཔལ་འབྱོར་འགྱུར་ཚད་ཀྱི་རྣམ་གྲངས་རྐྱང་པའི་གྲངས་ཚད་ཇི་ལྟར་ཐག་གཅོད་བྱེད་པའི་དཔལ་འབྱོར་རིག་པའི་སྐོར་གྱི་བཤད་ཚུལ་ཞིག་ཡིན། བྱེ་བྲག་དཔལ་འབྱོར་རིག་པའི་ལྟེ་བའི་གཞུང་ལུགས་ནི་རིན་གོང་གཞུང་ལུགས་ཡིན།

བྱེ་བྲག་དཔལ་འབྱོར་རིག་པ་སྟེ་ཁེར་རྐྱང་དཔལ་འབྱོར་སྡེ་ཚན་གྱི་དཔལ་འབྱོར་བྱ་སྤྱོད་ལ་དབྱེ་ཞིབ་བྱེད་པའི་རྨང་གཞི་དེའི་ཐོག་དེང་རབས་ནུབ་ཕྱོགས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཚོང་རའི་ནང་རྐྱེན་འཁོར་སྐྱོད་དང་དེའི་དཔལ་འབྱོར་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ནུས་པར་ཞིབ་འཇུག་བྱས་པ་མ་ཟད། ཕྲ་མཐོང་དཔལ་འབྱོར་སྲིད་ཇུས་བཏོན་ནས་ཚོང་རའི་ནུས་པ་ཤོར་བ་ཡོ་བསྲང་བྱེད་ཀྱི་ཡོད།

བྱེ་བྲག་དཔལ་འབྱོར་རིག་པས་སྤྱི་ཚོགས་ཁྲོད་ཀྱི་མི་སྒེར་དང་རྩ་འཛུགས་སོ་སོའི་བར་གྱི་བརྗེ་རེས་བརྒྱུད་རིམ་ལ་སེམས་ཁུར་བྱེད་ཀྱི་ཡོད། དེས་ཞིབ་འཇུག་བྱེད་པའི་གཞི་རྩའི་གནད་དོན་ནི་ཐོན་ཁུངས་བཀོད་སྒྲིག་གི་ཐག་གཅོད་ཡིན་པ་དང་། དེའི་གཞི་རྩའི་རིགས་པའི་གཞུང་ལུགས་ནི་མཁོ་སྤྲོད་ལ་བརྟེན་ནས་བལྟོས་བཅས་ཀྱི་རིན་གོང་ཐག་གཅོད་བྱེད་པའི་རིགས་པའི་གཞུང་ལུགས་ཡིན། དེ་བས་ཕྲ་མཐོང་དཔལ་འབྱོར་རིག་པའི་ཁྱབ་ཁོངས་གཙོ་བོར་འཛད་སྤྱོད་པས་གདམ་གསེས་བྱེད་པ་དང་། བཟོ་གྲྭས་མཁོ་སྤྲོད་དང་ཡོང་འབབ་བགོ་བཤའ་རྒྱག་པ་ཚུད་ཡོད།

3 ​ཆེ་མཐོང་དཔལ་འབྱོར་རིག་པ

སྤྱི་ཁོག་དཔལ་འབྱོར་རིག་པ་ནི་རྒྱལ་དམངས་དཔལ་འབྱོར་གྱི་སྤྱིའི་བརྒྱུད་རིམ་གྱི་བྱེད་སྒོ་དེ་ཞིབ་འཇུག་བྱ་ཡུལ་དུ་བྱས་ཏེ། རྒྱལ་དམངས་ཡོང་འབབ་དང་། ལས་ཞུགས་ཆུ་ཚད། རིན་གོང་ཆུ་ཚད་སོགས་དཔལ་འབྱོར་སྤྱི་འབོར་ཇི་ལྟར་ཐག་གཅོད་དང་འཕར་ཆག་ཇི་ལྟར་བྱུང་བར་གཙོ་གནད་དུ་བཟུང་ནས་རྟོག་ཞིབ་དང་གསལ་བཤད་བྱས་པས། སྤྱི་འབོར་དབྱེ་ཞིབ་དམ་སྤྱི་འབོར་དཔལ་འབྱོར་རིག་པ་ཡང་ཟེར།

སྤྱི་ཁོག་དཔལ་འབྱོར་རིག་པར་སྤྱིའི་དཔལ་འབྱོར་རིག་པ་དང་དཔལ་འབྱོར་རིག་པ་ཆེན་པོ་ཡང་ཟེར། ཕྲ་མཐོང་དཔལ་འབྱོར་རིག་པའི་ཆ་འགྲིག་ཡིན། སྤྱི་ཁོག་དཔལ་འབྱོར་རིག་པ་ནི་དེང་རབས་དཔལ་འབྱོར་རིག་པའི་ཡན་ལག་ཅིག་ཡིན། སྤྱི་ཁོག་དཔལ་འབྱོར་རིག་པས་རྒྱལ་དམངས་དཔལ་འབྱོར་ཧྲིལ་པོ་རྟོག་ཞིབ་བྱ་ཡུལ་དུ་བཟུང་ནས་དཔལ་འབྱོར་ནང་གི་འབྲེལ་ཡོད་བསྡོམས་འབོར་གྱི་ཆོད་དོན་དང་དེའི་འགྱུར་ལྡོག་ལ་ཞིབ་འཇུག་བྱས་ཏེ་ལས་ཤོར་དང་། དངུལ་ལོར་འགྲེམས་ཐལ་ཤོར་བ། དཔལ་འབྱོར་འཕར་ཆག་ཡོང་བ། རྒྱལ་སྤྱིའི་གཏོང་ཡོང་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས།

གཅིག ཁྲོམ་རའི་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས་ཀྱིས་འཆར་ལྡན་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས་ཀྱི་ཚབ་བྱེད་པ།

གཉིས། དཔལ་འབྱོར་གྱི་གཞུང་ལུགས་བསྲེས་མས་སྤྱི་ལ་དབང་བའི་ལམ་ལུགས་རྐྱང་པའི་གཞུང་ལུགས་ཀྱི་ཚབ་བྱེད་པ།

གསུམ། རྒྱུ་རྐྱེན་གཙོ་བོའི་བགོ་བཤའི་གཞུང་ལུགས་ཀྱིས་ཐོབ་སྤྲོད་ཀྱི་གཞུང་ལུགས་ཀྱི་ཚབ་བྱེད་པ།

བཞི། ཁེ་སྤོགས་ཆེས་ཆེ་བའི་གཞུང་ལུགས་ཀྱིས་གཞི་རྩའི་ཆོས་ཉིད་ཀྱི་གཞུང་ལུགས་ཀྱི་ཚབ་བྱེད་པ།

དུས་སྐབས་དེའི་རིག་གཞུང་གྲུབ་འབྲས་ཁག་གཅིག་པེ་ཅིང་ཐེན་ཙེ་དཔལ་འབྱོར་ཞིབ་འཇུག་སུའོ་ཡིས་རྩོམ་སྒྲིག་བྱས་ནས་དཔེ་སྐྲུན་བྱས་པའི《ཀྲུང་གོའི་དཔལ་འབྱོར་རིག་པ》ཞེས་པའི་ལོ་འཁོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དང་ཧྲང་ཧའེ་མི་དམངས་དཔེ་སྐྲུན་ཁང་དང་གསུམ་འབྲེལ་དཔེ་ཚོང་ཁང་གིས་མཉམ་དུ་པར་སྐྲུན་བྱས་པའི་དེང་རབས་དཔལ་འབྱོར་རིག་པའི་ཡིག་རིགས་མཛོད་དུ་བསྡུས་ཡོད། ཕུལ་བྱུང་དཔྱད་རྩོམ་འདི་དག་གིས་ཞིབ་འཇུག་བྱ་ཡུལ་དང་། ཞིབ་འཇུག་བྱེད་ཐབས། དབྱེ་ཞིབ་ལག་རྩལ་སོགས་ཀྱི་ཐད་ནས་གཞི་རྩའི་ཆ་ནས་དེང་རབས་དཔལ་འབྱོར་རིག་པ་དང་འབྲེལ་མཐུད་བྱས་ནས་དེང་རབས་ཀྲུང་གོའི་རིགས་པའི་གཞུང་ལུགས་དཔལ་འབྱོར་རིག་པའི་འཕེལ་རྒྱས་གསར་ཤོས་མཚོན་ཡོད།

དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པར་སླེབས་རྗེས་དཔལ་འབྱོར་ལས་རིགས་ཀྱིས་དཔལ་འབྱོར་རིག་པ་སྣ་ཚོགས་ཕྱོགས་བསྡུས་དང་། མཉམ་འདྲེས། གསར་གཏོད་བཅས་བྱེད་འགོ་བརྩམས་ཏེ་དེང་རབས་ཀྲུང་གོའི་རིགས་པའི་གཞུང་ལུགས་ཀྱི་དཔལ་འབྱོར་རིག་པའི་མ་ལག་བསྐྱར་དུ་འཛུགས་རྩིས་བྱེད་ཀྱི་ཡོད། ཧྲང་ཧའེ་ནོར་དཔལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཁྲེང་ཨེན་ཧྥུའུ་ཡིས་གཙོ་སྒྲིག་བྱས་ནས་པར་སྐྲུན་བྱས་པའི《དེང་རབས་ཆབ་སྲིད་དཔལ་འབྱོར་རིག་པ》ཞེས་པ་དེ“མར་ཁེ་སི་རིང་ལུགས་ཀྱི་དཔལ་འབྱོར་རིག་པས་རྨང་གཞི་བྱས་ཏེ་དེང་རབས་དཔལ་འབྱོར་རིག་པའི་ཞིབ་འཇུག་གྲུབ་འབྲས་བསྡུ་ལེན་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་དཔལ་འབྱོར་རིག་པའི་ཕྱོགས་བསྡུས་རིགས་པའི་གཞུང་ལུགས་ཀྱི་མ་ལག་གསར་པ་གཏོད་དགོས”ཞེས་པའི་ཚབ་མཚོན་བརྩམས་ཆོས་སུ་བརྩིས་ཆོག དཔེ་ཆ་འདིས་ཞིབ་འཇུག་བྱ་ཡུལ་དང་། གཞུང་ལུགས་ཀྱི་ཁྱབ་ཁོངས། དབྱེ་ཞིབ་བྱེད་ཐབས་སོགས་ཀྱི་ཐད་ནས་ལྟ་བ་གསར་པ་འགའ་བཏོན་ཡོད་པ་དང་། སྲོལ་རྒྱུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་རིག་པར་བསྡུར་ན་གསར་གཏོད་བྱེད་བཞིན་ཡོད།

ནན་ཁའེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུའུ་ཧྲུའུ་ཐང་གིས་གཙོ་སྒྲིག་བྱས་པའི《སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་རིག་པའི་ཀུན་བཤད》ཅེས་པ་དེ“དེང་རབས་ནུབ་ཕྱོགས་དཔལ་འབྱོར་རིག་པ་རྨང་གཞིར་བྱས་ཏེ་རང་རྒྱལ་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཀྲུང་གོའི་དེང་རབས་དཔལ་འབྱོར་རིག་པའི་མ་ལག་གྲུབ་པ”ཞེས་པའི་ཚབ་མཚོན་བརྩམས་ཆོས་སུ་བརྩིས་ཆོག དེབ་འདིའི་མ་ལག་གི་གྲུབ་ཚུལ་དང་། གཞུང་ལུགས་ཀྱི་ཁྱབ་ཁོངས། དབྱེ་ཞིབ་བྱེད་ཐབས་སོགས་ནི་གཞི་རྩའི་ཆ་ནས་ལམ་ལུགས་གསར་པའི་དཔལ་འབྱོར་རིག་པ་དང་། གནའ་གཞུང་དཔལ་འབྱོར་རིག་པ། དེང་རབས་ཀྱི་སྤྱི་ཁོག་དཔལ་འབྱོར་རིག་པ། དེང་རབས་དཔལ་འབྱོར་རིག་པ་རྨང་གཞིར་བྱས་པ་ཅུང་ལེགས་པའི་སྒོ་ནས་མཚོན་ཡོད། དེ་ཀྲུང་གོའི་སྲོལ་རྒྱུན་དཔལ་འབྱོར་རིག་པ་དང་གཏན་ནས་མི་འདྲ་བར་གསར་གཏོད་ཀྱི་བརྩམས་ཆོས་ཤིག་ཡིན་ཞིང་། དེབ་དེ་དཔེ་སྐྲུན་བྱས་པ་དེས་དེང་རབས་ཀྲུང་གོའི་དཔལ་འབྱོར་རིག་པའི་གཞུང་ལུགས་མ་ལག་རགས་ཙམ་ཆགས་པ་མཚོན་ཡོད་པའི་ངོས་འཛིན་བྱེད་ཆོག ནན་བཤད་བྱ་དགོས་པ་ཞིག་ནི། རང་རྒྱལ་ནི་སྒྲིག་སྲོལ་རིགས་བསྒྱུར་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་གནས་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ནུབ་ཕྱོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁྲོད་ཆགས་པའི་རིགས་པའི་གཞུང་ལུགས་དང་རང་རྒྱལ་གྱི་དོན་དངོས་ཟུང་འབྲེལ་ཇི་ལྟར་བྱས་ནས་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་བྱེད་ནུས་དང་སྔོན་དཔག་ནུས་པ་སྔར་ལས་ཆེ་བ་ལྡན་པ་བྱ་རྒྱུ་ནི་མུ་མཐུད་ཞིབ་འཇུག་བྱ་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན། གཞན་ཡང་མར་ཁེ་སིའི་དཔལ་འབྱོར་རིག་པ་ནི་དེང་རབས་དཔལ་འབྱོར་རིག་པའི་གཞུང་ལུགས་ཀྱི་མ་ལག་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན། མར་ཁེ་སིའི་དཔལ་འབྱོར་རིག་པ་དང་དེང་རབས་དཔལ་འབྱོར་རིག་པ་ཟུང་འབྲེལ་ཇི་ལྟར་བྱ་རྒྱུ་དེའང་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན།

རྒྱལ་བཙུགས་སློབ་ཆེན་དང་གཞུང་ཕྱོགས་ཞིབ་འཇུག་སྒྲིག་གཞིའི་ལམ་སྲོལ་བསྒྱུར་བ་དང་བསྟུན་ནས་དཔལ་འབྱོར་ཞིབ་འཇུག་བྱེད་སྒོར་དམངས་ཁྲོད་ཅན་གྱི་འཕེལ་ཕྱོགས་ཐོན་འགོ་ཚུགས་ཡོད། དེའི་ནང་པེ་ཅིང་ཐེན་ཙེ་དཔལ་འབྱོར་ཞིབ་འཇུག་སུའོ་དང་པེ་ཅིང་སློབ་ཆེན་ཀྲུང་གོའི་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་རྒྱལ་ཁབ་ཕྱི་ནང་གི་དེང་རབས་དཔལ་འབྱོར་རིག་པའི་བྱང་ཚད་ལྡན་པའི་རིག་གཞུང་གི་མི་སྣ་གསར་པ་འབོར་ཆེན་ཞིག་འདུ་འཛོམས་དང་། ཡིད་དབང་འགུག་པ། མཐུན་སྒྲིལ་བཅས་བྱས་ནས་དེང་རབས་དཔལ་འབྱོར་རིག་པ་ནང་འདྲེན་དང་བརྒྱུད་སྤེལ་ལ་གཞོལ་བ་དང་ཀྲུང་གོའི་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པར་བློ་རྩེ་གཅིག་ཏུ་གཞོལ་ནས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རིག་གཞུང་ཞིབ་འཇུག་ཆུ་ཚད་དང་རིག་གཞུང་གི་ཤུགས་རྐྱེན་དེ་གཞུང་ཕྱོགས་ཀྱི་ཞིབ་འཇུག་ལས་ཁུངས་ལས་བརྒལ་ནས་དཔལ་འབྱོར་རིག་པའི་ཞིབ་འཇུག་ལྟེ་གནས་གསར་པར་གྱུར་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་གྲུབ་མཐའ་ཆགས་པས་སྲོལ་རྒྱུན་དཔལ་འབྱོར་རིག་པའི་ཞིབ་འཇུག་དེ་གཉིས་བསྡུར་ན་ཞན་ཙམ་དུ་གྱུར་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-27

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།