མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས།
མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆེད་ལས་ནི་རིམ་པ་དང་པོའི་རིག་ཚན་ཞིག་ཡིན་ཞིང་། གནས་སྐབས་སུ“ཁྲིམས་ལུགས་རིག་པའི” རྣམ་གྲངས་ནང་དུ་བཀོད་སྒྲིག་བྱས་ཡོད་ལ། མངའ་འོག་ཏུ་རིམ་པ་གཉིས་པའི་རིག་ཚན་བཞི་སྟེ། ཚན་རིག་སྤྱི་ཚོགས་རིང་ལུགས་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马克思主义理论
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ།
1 ​བསླབ་ཚན་གཙོ་བོ།

ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིགས་པ་དང་། རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་གྱི་ལོ་རྒྱུས། དེང་རབས་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་ལས་འགུལ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། རྒྱལ་སྤྱིའི་ཆབ་སྲིད་རིག་པ། དེང་རབས་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ལོ་རྒྱུས། ཆབ་སྲིད་རིག་པ། སྲིད་འཛིན་དོ་དམ་རིག་པ། ཀྲུང་གུང་ཏང་གི་ལོ་རྒྱུས། ཕྱི་འབྲེལ་རིག་པ།རྒྱལ་སྤྱིའི་ཆབ་སྲིད་ལོ་རྒྱུས་བཅས་ཡོད།

2 རིམ་པ་གཉིས་པའི་རིག་ཚན།
2_1 ཚན་རིག་སྤྱི་ཚོགས་རིང་ལུགས།

སྤྱི་ལོ1990ལོའི་གོང་དུ་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་ལས་ལ་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་ལས་དང་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་གྱི་ཆེད་ལས་གཉིས་སུ་ཕྱེ་ཡོད་ཅིང་། ད་ལྟ་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་ལས་ཟེར་གྱི་ཡོད། དེས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་རྩོམ་པ་པོའི་མ་རྩོམ་ལ་ཞིབ་འཇུག་བྱ་རྒྱུ་དེ་དེང་སྐབས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་ཀྱིས་མཛུབ་སྟོན་བྱས་ཏེ་དེང་སྐབས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་འགུལ་ལ་བྱུང་བའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་བྱེད་ཀྱིན་ཡོད།

2_2 ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས།

ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་ཆེད་ལས་ལོ་ངོ60རིང་འཕེལ་རྒྱས་བྱུང་བ་བརྒྱུད་དེ་རྒྱལ་ཡོངས་ཀྱི་རིགས་གཅིག་པའི་རིག་ཚན་ཁྲོད་དུ་སྔོན་ཐོན་གྱི་གོ་གནས་སུ་སླེབས་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལས་སྙན་གྲགས་བཟང་པོ་དང་ཤུགས་རྐྱེན་ངེས་ཅན་ལྡན་པའི་རིག་ཚན་དང་ཁྱད་ཆོས་ལྡན་པའི་རིག་ཚན་དུ་གྱུར་ཡོད།

2_3 བསམ་བློ་ཆབ་སྲིད་ཀྱི་སློབ་གསོ།

བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་ཀྱིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ཆེད་ལས་ཤེས་བྱ་ལྡན་པ་དང་། ཏང་སྲིད་ལས་ཁུངས་དང་། སློབ་གྲྭ། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་སུ་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་བྱེད་ཐུབ་པའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཀྱིན་ཡོད།

2_4 མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས།

བྱང་ཚད་མཐོ་བའི་ཆེད་ལས་རིགས་པའི་གཞུང་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་། ཆེད་ལས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དགོས་མཁོར་ཕྱོགས་པ་དང་།“རྨང་གཞི་བརྟན་པོ། གསར་གཏོད་ལ་མཐོང་ཆེན། རྒྱལ་སྤྱིའི་རང་བཞིན་ལྡན་པ”བཅས་ཀྱི་གསོ་སྐྱོང་བྱེད་སྟངས་མཐའ་འཁྱོངས་བྱས་ཏེ་རྨང་གཞི་བརྟན་པོ་དང་། ཤེས་བྱའི་ཁྱབ་རྒྱ་ཆེ་བ། མི་ཆོས་ཀྱི་བྱང་ཚད་མཐོ་བ། ཕྱོགས་བསྡུས་གསར་གཏོད་ནུས་པ་ཆེ་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-27

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།