གནམ་ལ་ཁྲི་བདུན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

གནམ་ལ་ཁྲི་བདུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རྒྱས་འགྲེལ།)

མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་བོད་གངས་ཅན་གྱི་གྲུབ་མཐའ་སྤྱི་དང་ལྡེའུ་ཆོས་འབྱུང་ལས་བྱུང་བའི་གནམ་ལ་ཁྲི་བདུན་རྒྱས་བར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ལྡེའུ་ཆོས་འབྱུང》དེབ་ཤ243.19《མདོ་རྒྱུད་མཛོད་དེབ་གཟུགས་གླེགས་བམ་གཉིས་པ》ཤ785.20ལས་བཏུས།
རིགས་དབྱེ།
ལོ་རྒྱུས།
1 རྣམ་གྲངས་འདྲེན་པ།

འདི་ལ་ཁག་གཉིས་ཡོད།

མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་བོད་གངས་ཅན་གྱི་གྲུབ་མཐའ་སྤྱི་ལས་བྱུང་བ་ཁག་གཅིག་སྟེ།

1.གཉའ་ཁྲི་བཙན་པོ།

2.དེའི་སྲས་མུ་ཁྲི་བཙན་པོ།

3.དེའི་སྲས་དིང་ཁྲི་བཙན་པོ།

4.དེའི་སྲས་སོ་ཁྲི་བཙན་པོ།

5.དེའི་སྲས་མེ་ཁྲི་བཙན་པོ།

6.དེའི་སྲས་གདགས་ཁྲི་བཙན་པོ།

7.དེའི་སྲས་སྲིབས་ཁྲི་བཙན་པོའོ༎

ལྡེའུ་ཆོས་འབྱུང་ལས་བྱུང་བ་ཁག་གཅིག་སྟེ།

1.གཉའ་ཁྲི་བཙན་པོ།

2.དེ་དང་གནམ་མུག་མུག་གིས་སྲས་མོ་བཤོས་པའི་སྲས་མུག་ཁྲི་བཙན་པོ།

3.དེ་དང་ས་དིང་དིང་གི་སྲས་མོ་བཤོས་པའི་སྲས་དིང་ཁྲི་བཙན་པོ།

4.དེ་དང་སོ་ཐམ་ཐམ་གྱི་སྲས་མོ་བཤོས་པའི་སྲས་སོ་ཁྲི་བཙན་པོ།

5.དེ་དང་འདར་ཡེད་ཡེད་ཀྱི་སྲས་མོ་བཤོས་པའི་སྲས་འདར་ཁྲི་བཙན་པོ།

6.དེ་དང་གདགས་ཀྱི་ལྷ་མོ་བཤོས་པའི་སྲས་གདགས་ཁྲི་བཙན་པོ།

7.དེ་དང་གནམ་གྱི་རྒྱལ་མོ་ཟི་ལིང་ཤོལ་མ་རྗེར་བཤོས་པའི་སྲས་གྲི་གུམ་བཙན་པོའོ༎



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-15

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།