སྤྱི་བདེ་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་བདེ་རིག་པ།
སྤྱི་བདེ་རིག་པ་ནི་ཀྲུང་གོའི་སྤྱི་བདེ་བྱ་བའི་ཆོས་ཉིད་དང་ཁ་གཏད་འཇལ་བའི་སྐོར་གྱི་ཤེས་བྱའི་མ་ལག་ཅིག་ཡིན་ལ། ཀྲུང་གོའི་མི་དམངས་དམངས་གཙོའི་སྲིད་དབང་འོག་གི་སྤྱི་བདེ་བྱ་བའི་ལག་ལེན་ཉམས་མྱོང་གི་ཕྱོགས་བསྡོམས་དང་སྙིང་བསྡུས་ཡིན། སྤྱི་བདེ་རིག་པ་ནི་སྤྱི་བདེ་རིག་ཚན་གྱི་སྤྱི་མིང་ཡིན། སྤྱི་བདེ་རིག་པ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་གྱི་སྤྱི་ཚོགས་འབྲེལ་བ་ལེགས་སྒྲིག་བྱེད་པའི་བྱ་སྤྱོད་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་ཕན་ཚུན་སྣོལ་བའི་ཕྱོགས་བསྡུས་རིག་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
公安学
ངོ་བོ།
རིམ་པ་དང་པོའི་རིག་ཚན།
རིག་ཚན།
རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག
རིགས་དབྱེ།
སྤྱི་ཚོགས་བདེ་འཇགས་རིག་པ།
1 ​རང་བཞིན།

སྤྱི་བདེ་རིག་པ་དེ་མཐོ་རིམ་སློབ་གསོའི་ཆེད་ལས་རིག་ཚན་གྱི་གོ་རིམ་ཁྲོད་རིམ་པ་དང་པོའི་རིག་ཚན་གྱི་གྲས་སུ་བཞག་ཡོད། སྤྱི་བདེ་རིག་པས་གཙོ་བོ་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་དང་ཁྲིམས་འཛིན་ཞིབ་འཇུག་གི་ནང་དོན་དུ་བྱས་ནས་སྤྱི་བདེ་རིག་པར་ལྡན་དགོས་པའི་རིག་ཚན་གྱི་ངོ་བོ་ལས་འགལ་བ་རེད། ཡང་དག་པའི་སྒོ་ནས་བཤད་ན། སྤྱི་བདེ་རིག་པས་ཞིབ་འཇུག་བྱེད་དགོས་པའི་ནང་དོན་དེ་བཅའ་ཁྲིམས་སམ་ཁྲིམས་ལུགས་དང་འབྲེལ་བ་ཡོད་མོད། འོན་ཀྱང་བཅའ་ཁྲིམས་ཚན་རིག་གི་ཁྱབ་ཁོངས་ནང་གི་ནང་དོན་ཙམ་མིན། བཅའ་ཁྲིམས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་བདེ་འཇགས་དང་། བརྟན་ལྷིང་། སྒྲིག་ལམ་བཅས་སྲུང་སྐྱོང་བྱེད་ཀྱི་ཡོད་མོད། འོན་ཀྱང་མིའི་རིགས་ཀྱི་སྤྱི་ཚོགས་བདེ་འཇགས་དང་། བརྟན་ལྷིང་། སྒྲིག་ལམ་བཅས་དང་འབྲེལ་བ་ཡོད་པའི་བྱ་དངོས་ནི་ཁྲིམས་ཁོ་ན་མིན། དེར་བརྟེན། སྤྱི་བདེ་རིག་པ་ནི་ཁྲིམས་རིག་ཁྲོད་ཀྱི་རིག་ཚན་ཞིག་རེད་ཅེས་བརྗོད་པ་ལས། སྤྱི་བདེ་རིག་པ་དེ་ཁྲིམས་ལུགས་རིག་པ་ཕུད་པའི་སྤྱི་ཚོགས་ཚན་རིག་གི་ཁོངས་སུ་གཏོགས་པ་རེད་ཅེས་བཤད་ན་འགྲིག སྤྱི་ཚོགས་ཚན་རིག་ནི་ཕན་ཚུན་འབྲེལ་བའི་མིའི་རིགས་ཀྱི་བྱ་སྤྱོད་ལ་ཞིབ་འཇུག་བྱེད་པའི་ཕྱོགས་སོ་སོའི་ཐད་ཀྱི་རིག་ཚན་ཞིག་ཡིན། སྤྱི་ཚོགས་ཚན་རིག་ལ་སྤྱི་ཚོགས་རིག་པ་དང་། དཔལ་འབྱོར་རིག་པ། སེམས་ཁམས་རིག་པ། ཆབ་སྲིད་རིག་པ། མིའི་རིགས་རིག་པ་བཅས་འདུས། དེའི་ནང་སྤྱི་ཚོགས་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཆེས་རྒྱ་ཆེ་བ་སྟེ། རིག་གནས་ཀྱི་གནད་དོན་དང་། མི་སྒེར་དང་སྤྱི་ཚོགས་བར་གྱི་འབྲེལ་བའི་གནད་དོན། ཚོགས་པའི་གནད་དོན། རང་བཞིན་གྱི་གནད་དོན། གྲལ་རིམ་དང་རིམ་གྲས་ཀྱི་གནད་དོན། རིགས་རྒྱུད་དང་མི་རིགས་ཀྱི་གནད་དོན། ཕོ་མོ་དང་ལོ་ནའི་གནད་དོན། ཁྱིམ་ཚང་གི་གནད་དོན། སློབ་གསོའི་གནད་དོན། ཆོས་ལུགས་ཀྱི་གནད་དོན། ཚན་རིག་གི་གནད་དོན། དཔལ་འབྱོར་གྱི་སྒྲིག་ལམ་གྱི་གནད་དོན། ཆབ་སྲིད་སྒྲིག་ལམ་གྱི་གནད་དོན། མི་འབོར་དང་བདེ་ཐང་གི་གནད་དོན། གྲོང་ཁྱེར་ཅན་གྱི་གནད་དོན། སྤྱི་ཚོགས་འཕོ་འགྱུར་གྱི་གནད་དོན། སྤྱི་ཚོགས་ལས་འགུལ་གྱི་གནད་དོན། དེར་བརྟེན་སྤྱི་བདེ་རིག་པ་དེ་ཞིབ་འཇུག་གི་སྐྱོན་ཆ་དེ་རིགས་ཁ་གསབ་བྱེད་པའི་སྤྱི་ཚོགས་ཚན་རིག་གི་རིག་གཞུང་ཚན་ཁག་ཅིག་ཏུ་འགྱུར་བ་བྱ་དགོས།

སྤྱི་བདེ་རིག་པའི་ནང་དུ་ད་དུང་རང་བྱུང་ཚན་རིག་གི་ནང་དོན་ཚུད་ཡོད་པ་སྟེ། རང་བྱུང་ཚན་རིག་སྟེ“རང་བྱུང་ཁམས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་སྐོར་གྱི་ཤེས་བྱའི་མ་ལག་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་བསྒྱུར་བཀོད་བྱེད་པའི་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་པ”སྨོས་མ་དགོས་པ་དང་། སྤྱི་བདེའི་རིག་པའི་ནང་རང་བྱུང་ཚན་རིག་ལག་རྩལ་ཉིན་རེ་ལས་ཉིན་རེར་བེད་སྤྱོད་བྱེད་ཀྱི་ཡོད་སྟབས་སྤྱི་བདེ་རིག་པ་དེ་སྤྱི་ཚོགས་ཚན་རིག་ཁེར་གཙང་ཞིག་ཏུ་བརྩི་མི་རུང་། 

2 གནད་དོན་ཞིབ་འཇུག

སྤྱི་ཚོགས་ཀྱི་བདེ་འཇགས་རིག་པ་ཡིན་པའི་ཆ་ནས། སྤྱི་བདེ་རིག་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་བདེ་འཇགས་གནད་དོན་སྐོར་གྱི་ཤེས་བྱ་ཡིན་ཞིང་། མིའི་རིགས་ཀྱི་སྤྱི་ཚོགས་བདེ་འཇགས་ཞེས་པ་དེ་ཅི་ཞིག་ལ་ཞིབ་འཇུག་བྱེད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་བདེ་འཇགས་ཀྱི་གནད་དོན་འབྱུང་བ་དང་། ཇི་ལྟར་བྱས་ན་མིའི་རིགས་ཀྱི་སྤྱི་ཚོགས་བདེ་འཇགས་མངོན་འགྱུར་བྱེད་ཐུབ་པ་ཡིན། ཅི་ཞིག་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་བདེ་འཇགས་ཡིན་པ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་མཚན་ཉིད་གནད་དོན་དང་། ནང་དོན་གྱི་གནད་དོན། ཚད་གཞི། དམིགས་ཚད། མཚོན་རྟགས་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་ལ་བདེ་འཇགས་ཀྱི་གནད་དོན་འབྱུང་སྲིད་པ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་ཉམས་ཉེན་གྱི་རྒྱུ་རྐྱེན་དང་། རྒྱུ་རྐྱེན། ནང་དོན། རྣམ་པ། ཆོས་ཉིད་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཅི་ཡིན་ནམ། ཇི་ལྟར་བྱས་ན་མིའི་རིགས་ཀྱི་སྤྱི་ཚོགས་བདེ་འཇགས་མངོན་འགྱུར་བྱེད་ཐུབ་པ་དེ་སྤྱི་ཚོགས་བདེ་འཇགས་མངོན་འགྱུར་བྱེད་པའི་ཐབས་ལམ་དང་། བྱེད་སྟངས། བྱེད་ཐབས་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད། དེ་མིན་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་བདེ་འཇགས་ཀྱི་དགོས་མཁོ་ཡང་སྤྱི་བདེ་རིག་པས་ཞིབ་འཇུག་བྱེད་པའི་གཞི་རྩའི་གནད་དོན་ཡིན།

3 མ་ལག

ཚན་རིག་ཁྱབ་ཁོངས་ཡོངས་ཀྱི་ནང་མཚན་ཉིད་རིག་པ་དང་། ཆབ་སྲིད་དཔལ་འབྱོར་རིག་པ། ཚན་རིག་སྤྱི་ཚོགས་རིང་ལུགས་བཅས་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་རིག་ཚན་དང་མི་འདྲ་བ་དང་། སྤྱི་བདེ་རིག་པ་ནི་ཉེར་སྤྱོད་ཚན་རིག་དང་ཐབས་ཇུས་རང་བཞིན་གྱི་རིག་ཚན་ལ་གཏོགས།

4 རིག་ཚན།

སྤྱི་བདེའི་གཞུང་ལུགས་ཞིབ་འཇུག་དང་། རྨང་གཞིའི་ལག་རྩལ་ཞིབ་འཇུག ཕྱོགས་བསྡུས་རྨང་གཞིའི་ཞིབ་འཇུག སྤྱི་བདེ་རིག་པའི་རྨང་གཞིའི་གཞུང་ལུགས། སྤྱི་བདེ་ཁྲིམས་ལུགས་རིག་པ། སྤྱི་བདེ་སྤྱི་ཚོགས་རིག་པ། ཉེས་གསོག་རིག་པ། སྤྱི་བདེ་དོ་དམ་རིག་པ། ཉེན་རྟོག་དམངས་འབྲེལ་རིག་པ། སྤྱི་བདེ་ལོ་རྒྱུས། ཀྲུང་གོའི་ཉེན་རྟོག་ལོ་རྒྱུས། འཛམ་གླིང་ཉེན་རྟོག་ལོ་རྒྱུས། ཉེན་རྟོག་ཁྲིམས་ལུགས་ལོ་རྒྱུས།གཤིབ་བསྡུར་ཉེན་རྟོག་རིག་པ། སྤྱི་བདེ་རྩིས་འཁོར་བཀོལ་སྤྱོད། སྤྱི་བདེ་འཕྲིན་གཏོང་བཟོ་སྐྲུན་རིག་པ། སྤྱི་བདེ་དོ་དམ་རིག་པ། སྤྱི་བདེ་ཆ་འཕྲིན་རིག་པ། སྤྱི་བདེ་དྲུང་ཡིག་རིག་པ། སྤྱི་བདེ་སྡོམ་རྩིས་རིག་པ། སྤྱི་བདེ་སེམས་ཁམས་རིག་པ། ཆབ་སྲིད་མྱུལ་ཞིབ་རིག་པ། ཉེས་དོན་མྱུལ་ཞིབ་རིག་པ། བདེ་སྲུང་རིག་པ། བདེ་འཇགས་དོགས་ཟོན་རིག་པ། བདེ་སྲུང་དོ་དམ་རིག་པ། ཉེན་སྲུང་རིག་པ།ཐེམ་ཐོ་རིག་པ། འགྲིམ་འགྲུལ་དོ་དམ་རིག་པ། མེ་འགོག་དོ་དམ་རིག་པ། འདྲི་གཅོད་རིག་པ། ལྟ་སྲུང་རིག་པ། དངོས་བཤེར་ལག་རྩལ་རིག་ཚན། ཉེས་དོན་དངོས་དཔང་ཞིབ་དཔྱད་རིག་པ། ཁྲིམས་དཔྱད་སྨན་པ།མྱུལ་ཞིབ་ལག་རྩལ། བདེ་སྲུང་དོགས་ཟོན་ལག་རྩལ།མཐའ་སྲུང་ཞིབ་བཤེར། ཉེན་རྟོག་པའི་རྩལ་འགྲན། ཉེན་རྟོག་མཚོན་ཆ། ཉེན་ཟོན་གོ་མཚོན་སྤྱོད་སྟངས། མེ་འགོག་ནུས་རྩལ་བཅས་ཀྱི་རིག་ཚན་ཚུད་ཡོད།

5 ཁྱབ་ཁོངས།

སྤྱི་བདེ་རིག་པའི་ཁོངས་སུ་བདེ་འཇགས་དང་། བརྟན་ལྷིང་། སྒྲིག་ལམ་དང་དེ་དང་བསྟུན་པའི་དམག་འཁྲུག་དང་། ཟིང་ཆ། འཇིགས་སྐུལ། གནོད་འཚེ་སོགས་ཡོད།“བདེ་འཇགས”སྐོར་ལ་བདེ་འཇགས་ཀྱི་ཚད་གཞི་དང་། བདེ་འཇགས་ཀྱི་ཐབས་ལམ། བདེ་འཇགས་ཀྱི་ནང་དོན། བདེ་འཇགས་ཀྱི་དམིགས་ཚད། བདེ་འཇགས་ཀྱི་དཔེ་དབྱིབས། བདེ་འཇགས་ཀྱི་རིམ་པ། བདེ་འཇགས་ཀྱི་རྒྱུ་རྐྱེན་སོགས་ལ་ཞིབ་འཇུག་བྱེད་དགོས་པ་དང་།“བརྟན་ལྷིང”སྐོར་ལ་བརྟན་ལྷིང་གི་ཚད་གཞི་དང་། བརྟན་ལྷིང་གི་རྒྱུ་རྐྱེན། ནང་དོན་བརྟན་པོ། དམིགས་ཚད་བརྟན་པོ་སོགས་ལ་ཞིབ་འཇུག་བྱེད་དགོས་པ་དང་།“སྒྲིག་ལམ”གྱི་སྐོར་ལ་སྒྲིག་ལམ་གྱི་བྱེད་སྟངས་དང་། སྒྲིག་ལམ་གྱི་དམིགས་འབེན།སྒྲིག་ལམ་གྱི་ཐབས་ལམ། སྒྲིག་ལམ་གྱི་བྱེད་ཐབས་སོགས་ལ་ཞིབ་འཇུག་བྱེད་དགོས་པ་དང་།“དམག་འཁྲུག”སྐོར་ལ་དམག་འཁྲུག་སྔོན་དཔག་དང་། དམག་འཁྲུག་གི་སྔོན་བརྡ། དམག་འཁྲུག་གི་དོགས་ཟོན། དམག་འཁྲུག་མཇུག་གྲིལ་རྗེས་ཀྱི་སླར་གསོ་སོགས་ལ་ཞིབ་འཇུག་བྱ་དགོས་པ་དང་།“ཟིང་ཆ”སྐོར་ལ། ཟིང་འཚུབ་འབྱུང་རྐྱེན་དང་། ཟིང་འཚུབ་བྱེད་སྟངས། ཟིང་ཆ་སྔོན་འགོག ཟིང་ཆའི་གནོད་འཚེ། ཟིང་སློང་ཐབས་ཇུས་སོགས་ལ་ཞིབ་འཇུག་བྱ་དགོས་པ་དང་།“འཇིགས་སྐུལ”སྐོར་ལ་འཇིགས་སྐུལ་གྱི་རྒྱུ་རྐྱེན་དང་། འཇིགས་སྐུལ་གྱི་རྣམ་པ། འཇིགས་སྐུལ་གྱི་ནང་དོན། འཇིགས་སྐུལ་གྱི་གནོད་འཚེ། འཇིགས་སྐུལ་གྱི་ཐབས་ཇུས་སོགས་ལ་ཞིབ་འཇུག་བྱེད་དགོས་པ་དང་།“གནོད་འཚེ”ཡི་ཐད་གནོད་འཚེ་འབྱུང་སྟངས་དང་། གནོད་འཚེའི་ནང་དོན། གནོད་འཚེའི་ངོ་བོ། གནོད་འཚེའི་མཇུག་འབྲས། གནོད་འཚེ་སྔོན་འགོག གནོད་འཚེའི་རོགས་སྐྱོབ་སོགས་ལ་ཞིབ་འཇུག་བྱེད་དགོས །དམག་འཁྲུག་སྐོར་གྱི་ཞིབ་འཇུག་གི་ཕྱོགས་ནས། སྤྱི་བདེ་རིག་པས་དམག་དོན་རིག་པའི་ཁྱད་པར་གཙོ་བོ་ནི། དམག་དོན་རིག་པས་དམག་འཁྲུག་ལ་རྒྱལ་ཁ་ཇི་ལྟར་ལེན་དགོས་པར་ཞིབ་འཇུག་བྱེད་པ་དང་། སྤྱི་བདེ་རིག་པས་གཙོ་བོ་དམག་འཁྲུག་ལ་སྔོན་འགོག་དང་། དམག་འཁྲུག་གི་དབང་གིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་བཟོས་པའི་བདེ་འཇགས་ཀྱི་འཇིགས་སྐུལ་མེད་པར་བཟོ་དགོས་པར་ཞིབ་འཇུག་བྱེད་པ་ཡིན།

6 ལོ་རྒྱུས་ཀྱི་འཕེལ་རྒྱས། 

ཀྲུང་གོའི་མི་དམངས་སྤྱི་བདེ་སྲུང་སྐྱོབ་བྱ་བའི་ལོ་རྒྱུས་ནི་རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་གཉིས་པའི་དུས་སྐབས་ནས་འགོ་བརྩམས་པ་ཡིན། དུས་དེ་ནས་བཟུང་སྤྱི་བདེའི་བདེ་སྲུང་ལས་ཀའི་ཆེད་ལས་སྐོར་གྱི་སློབ་གསོ་དང་སྦྱོང་བརྡར་བྱ་རྒྱུའི་ཀློག་དེབ་བྱུང་བ་དེ་དོན་དངོས་ཐོག་ཆེད་གཉེར་གྱི་ཡོན་ཏན་ཞིག་ཏུ་བརྩིས་ཡོད། སུའུ་ཝེ་ཨེད་ས་ཁུལ་དུ་པར་སྐྲུན་བྱས་པའི《འདྲི་རྩད་ལག་རྩལ》ཞེས་པའི་དཔེ་ཆ་དེ་ནི་སྤྱི་བདེ་རིག་པའི་ཆེད་དམིགས་བརྩམས་ཆོས་ཤིག་ཡིན།འཇར་འགོག་དམག་འཁྲུག་གི་རྗེས་སུ་སྤྱི་བདེའི་བདེ་སྲུང་དང་སྦྱོང་བརྡར་གྱི་ཀློག་དེབ་མི་ཉུང་བ་ཞིག་པར་དུ་བཏབ། སྤྱི་ལོ1942ལོར་ཡན་ཨན་དུ་ཐན་ཀྲེང་ཝུན་གྱིས་བརྩམས་པའི《འདྲི་རྩད་རིག་པ་》ཞེས་པ་དངོས་སུ་པར་སྐྲུན་བྱས། དུས་ཡུན་ཧ་ཅང་རིང་པོའི་ནང་ཏང་སྲིད་འགོ་ཁྲིད་པའི་གསུང་རྩོམ་དང་སྲིད་ཁྲིམས་ལས་དོན་གྱི་ཡིག་ཆའི་ནང་སྤྱི་བདེའི་ལས་དོན་སྐོར་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་རིགས་པའི་གཞུང་ལུགས་འཆད་འགྲེལ་མང་པོ་ཡོད་པས་སྤྱི་བདེ་རིག་པ་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་གལ་ཆེན་ཐོན་ཡོད། རྒྱལ་ཁབ་དབུ་བརྙེས་རྗེས་ཀྲུང་དབྱང་དང་ས་གནས་ཀྱི་སྤྱི་བདེ་སློབ་གྲྭ་བཙུགས་ནས་ཡུན་རིང་མ་སོང་བར་མྱུལ་ཞིབ་དང་། སྲུང་སྐྱོབ། བདེ་འཇགས། གྲ་སྒྲིག་འདྲི་ཞིབ། ཉེན་སྲུང་། ངལ་རྩོལ་བསྒྱུར་བཀོད་སོགས་དང་འབྲེལ་བ་ཡོད་པའི་སློབ་དེབ་འབོར་ཆེན་རྩོམ་སྒྲིག་བྱས་ནས་གཞི་ཁྱོན་རགས་ཙམ་ལྡན་པའི་སྤྱི་བདེའི་ཆེད་ལས་ཀྱི་གསུང་རྩོམ་རབ་དང་རིམ་པ་ཆགས་ཡོད། དེ་ཚོས་རང་རྒྱལ་གྱི་སྤྱི་བདེ་རིག་པའི་ཆེད་ལས་ཤེས་བྱ་ཁ་ཤས་ཚན་རིག་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་འགོ་ཚུགས་པ་མཚོན།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། སྤྱི་བདེའི་སློབ་གསོ་དང་སྤྱི་བདེའི་ཚན་རིག་ཞིབ་འཇུག་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་ཡིན། སྤྱི་ལོ1984ལོའི་ཟླ7པར། སྤྱི་བདེ་པུའུ་ཡིས་སྤྱི་བདེ་སློབ་དེབ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དེའི་འགོ་ཁྲིད་འོག་སྤྱི་བདེ་སློབ་གླིང་རྟེན་གཞིར་བྱས་ནས་སྤྱི་བདེའི་སློབ་དེབ་འབོར་ཆེན་རྩོམ་སྒྲིག་བྱས།བརྩམས་ཆོས་འདི་དག་ལས་རིག་ཚན་གསར་བའི་གཞི་རྩའི་མ་ལག་ཅིག་མངོན་ཡོད།དེའི་ནང་སྤྱི་ལོ1985ལོར་པར་སྐྲུན་བྱས་པའི《སྤྱི་བདེ་རིག་པའི་རགས་བཤད》ཅེས་པའི་ནང་སྤྱི་བདེ་རིག་པའི་ཐ་སྙད་ཐེངས་དང་པོར་བཏོན་པ་རེད། སྤྱི་ལོ1992ལོར་པར་སྐྲུན་བྱས་པའི《སྤྱི་བདེ་རིག་པའི་རྨང་གཞིའི་གཞུང་ལུགས་ཞིབ་འཇུག》ལས་སྤྱི་བདེ་སློབ་སྐར་དང་རིག་སློབ་གཉིས་མཉམ་འབྲེལ་གྱིས་མཇུག་སྒྲིལ་བའི་གཞུང་ལུགས་ཀྱི་རྨང་གཞི་འདོན་སྤྲོད་བྱས་ཡོད། སྤྱི་ལོ1993ལོར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་སྤྱི་བདེ་རིག་པ་མཐོ་རིམ་སློབ་གསོའི་སློབ་ཚན་ནང་བཅུག་ནས་ཆེད་ལས་དཀར་ཆག་བཟོ་རྒྱུའི་ཆོག་མཆན་དངོས་སུ་བཀོད་པ་དེ་ཐོག་ནས་སྤྱི་བདེ་རིག་པའི་རིག་ཚན་དེ་ཁས་ལེན་བྱས་པ་མཚོན་ཡོད།

སྤྱི་བདེའི་རིགས་ཀྱི་ཆེད་ལས་ནང་སློབ་གསོ་པུའུ་ཡི་《མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག》ནང་འཁོད་པའི་ཁྲིམས་རིག་རིགས་ནང་གི“སྤྱི་བདེ་རིགས་”ཀྱི་ཆེད་ལས་དང་།བཟོ་རིག་རིགས་ཁྲོད་ཀྱི“སྤྱི་བདེ་ལག་རྩལ་རིགས”ཀྱི་ཆེད་ལས།《མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་སློབ་གསོའི་མཛུབ་ཁྲིད་རང་བཞིན་གྱི་ཆེད་ལས་དཀར་ཆག(ཚོད་ལྟའི་ལག་བསྟར)》ནང་འཁོད་པའི“སྤྱི་བདེའི་རིགས་ཆེན་པོའི”ཆེད་ལས་དང་དེ་དང་འབྲེལ་ཡོད་དཀར་ཆག་ཕུད་པའི་ཆེད་ལས་བཅས་ཚུད་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་བདེ། རིག་པ། སྤྱི་བདེ་རིག་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-27

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།