ལྟ་བའི་ཆུ་བོའི་རྫས་སུམ་ཅུ་རྩ་དྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབུ་མ་ལ་འཇུག་པའི་འགྲེལ་བཤད་དང་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་ལྟ་བའི་ཆུ་བོའི་རྫས་སུམ་ཅུ་རྩ་དྲུག་རྒྱས་བར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཧ་པ》ཤ145བ3《བསྟན་འགྱུར་དབུ་མ་ར་པ》ཤ350བ7ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འདི་ལ་ཁག་གཉིས་ཡོད།

ཁག་དང་པོ། དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ལས་བྱུང་བ་སྟེ།

1.འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལྟ་བ་ལྔ་དང་། ཀུན་བྱུང་མཐོང་བས་སྤང་བར་བྱ་བ་གཉིས་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་གཉིས་དང་། ལམ་མཐོང་བས་སྤང་བར་བྱ་བ་གསུམ་ཡིན་པས་བཅུ་གཉིས་སུ་འགྱུར་བ།

2.དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ན་ཡང་ཡིན་པས་བཅུ་གཉིས་བཅུ་གཉིས་སུ་བསྒྱུར་བ་དང་བཅས་སོ༎

ཁག་གཉིས་པ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

1.འདོད་པ་ན་སྤྱོད་པ་སྡུག་བསྔལ་གྱིས་བསྡུས་པ་དང་། གཟུགས་ཀྱིས་བསྡུས་པ་དང་། གཟུགས་མེད་པས་བསྡུས་པ་སྟེ་གསུམ་སོ་སོར་ལྔ་ལྔ་སྟེ།

(1)འཇིག་ཚོགས་ལ་ལྟ་བ།

(2)ལོག་པར་ལྟ་བ།

(3)མཐར་འཛིན་པར་ལྟ་བ།

(4)ལྟ་བ་མཆོག་ཏུ་འཛིན་པ།

(5)ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལྔ་སྟེ་གསུམ་བསྡོམས་པས་བཅོ་ལྔ།

2.འདོད་པ་ན་སྤྱོད་པ་ཀུན་འབྱུང་དང་། གཟུགས་དང་། གཟུགས་མེད་པས་བསྡུས་པ་གཉིས་གཉིས་ཏེ།

(1)ལོག་པར་ལྟ་བ།

(2)ལྟ་བ་མཆོག་ཏུ་འཛིན་པ་དང་གཉིས་ཏེ་གཉིས་གསུམ་བསྡོམས་པས་དྲུག

3.འགོག་པས་བསྡུས་པ་ནི་དྲུག

4.འདོད་པ་ན་སྤྱོད་པ་ལམ་གྱིས་བསྡུས་པ་དང་། གཟུགས་ན་སྤྱོད་པས་བསྡུས་པ་དང་། གཟུགས་མེད་པ་ན་སྤྱོད་པས་བསྡུས་པ་རེ་རེ་ལ་ཡང་།

(1)ལོག་པར་ལྟ་བ།

(2)ལྟ་བ་མཆོག་ཏུ་འཛིན་པ།

(3)ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་བཅས་གསུམ་གསུམ་སྟེ་དགུ་དང་སུམ་ཅུ་རྩ་དྲུག་གོ།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-08

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།