དབེན་པ་རྣམ་པ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བའི་དབེན་པ་རྣམ་པ་གསུམ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三寂
འབྱུང་ཁུངས།
《བསྟན་འགྱུར་སེམས་ཙམ་ཞི་པ》ཤ175ན6དང《དུང་དཀར་ཚིག་མཛོད་ཆེན་མོ》ཤ1537.27གཉིས་ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ། 
1_1 ཁག་དང་པོ།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1.གནས་པ་དབེན་པ།

2.ལྟ་བ་དབེན་པ།

3.ཉན་པ་དབེན་པའོ༎

1_2 ཁག་གཉིས་པ།

དུང་དཀར་ཚིག་མཛོད་ཆེན་མོ་ལས་བྱུང་བ་སྟེ།

གསང་སྔགས་བླ་མེད་རྫོགས་རིམ་གྱི་སྐབས་ནས་བཤད་པའི་དབེན་པ་གསུམ་ནི།

1.ལུས་དབེན།

2.ངག་དབེན།

3.སེམས་དབེན་པའོ༎

1_3 ཁག་གསུམ་པ།

དུང་དཀར་ཚིག་མཛོད་ཆེན་མོ་ལས་བྱུང་བ་སྟེ།

མདོ་ལུགས་ཀྱི་སྐབས་སུ་བཤད་པའི་དབེན་པ་གསུམ་ནི།

1.ལུས་འདུ་འཛི་ལས་དབེན་པ།

2.ངག་དོན་མེད་ཀྱི་གཏམ་ལས་དབེན་པ།

3.སེམས་ཉོན་མོངས་ཀྱི་ཡུལ་ལས་དབེན་པའོ༎

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-14

གསར་སྤེལ་མཁན། :སེམས་ཀྱི་ལོ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།