ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོ་སྤྱི་ལོ1954ལོའི་ཟླ9བའི་ཚེས15ཉིན་ནས་ཟླ9བའི་ཚེས28ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཁྱོན་བསྡོམས་འཐུས་མི1226ཡོད།(དེའི་ནང་བུད་མེད་འཐུས་མི147དང་གྲངས་ཉུང་མི་རིགས་ཀྱི་འཐུས་མི178ཡོད།) ཚོགས་ཐོག་ཏུ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་འདེམས་བསྐོ་བྱས་པ་དང་། ཀྲུང་གོའི་ལོ་རྒྱུས་ཐོག་གི་མི་དམངས་ཀྱི་རྩ་ཁྲིམས་དང་པོ་སྟེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ལ་གྲོས་འཆམ་བྱུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国第一届全国人民代表大会第一次会议
དུས་ཚོད།
སྤྱི་ལོ1954ལོའི་ཟླ9བའི་ཚེས15ཉིན་ནས་ཟླ9བའི་ཚེས28ཉིན་བར།
བསྡུས་མིང་།
རྒྱལ་ཡོངས་དམངས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོ།
ས་གནས།
པེ་ཅིང་།
ནང་དོན་གཙོ་བོ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》གཏན་འབེབས་བྱས་པ་སོགས།
1 ཚོགས་འདུའི་གནས་ཚུལ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོ་སྤྱི་ལོ1954ལོའི་ཟླ9བའི་ཚེས15ཉིན་ནས་ཟླ9བའི་ཚེས28ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཁྱོན་བསྡོམས་འཐུས་མི1226ཡོད། འཐུས་མི་དེ་དག་གི་ཁྲོད་དུ་སྐབས་དེའི་ཀྲུང་གོའི་དམངས་གཙོའི་གྲལ་རིམ་དང་དམངས་གཙོའི་ཏང་ཤོག་གི་ཚབ་བྱེད་མི་སྣ་འདུས་ཡོད་པ་དང་། བཟོ་ཞིང་ལས་རིགས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་དྲག་ཆས་དམག་དཔུང་གི་དཔའ་བོ། རྩོམ་རིག་དང་སྒྱུ་རྩལ། ཚན་རིག སློབ་གསོའི་ལས་ཀ་བྱེད་མཁན། བཟོ་ཚོང་ལས་རིགས་དང་ཆོས་ལུགས་པའི་སྡེའི་ཚབ་བྱེད་མི་སྣ་བཅས་འདུས་ཡོད་ཅིང་། ཀྲུང་གོའི་མི་རིགས་ཁག་དང་རིམ་གྲས་ཁག་གི་མི་དམངས་ཀྱི་འཐུས་མི་ཚུད་ཡོད་ལ། ས་ཁྱི་ལོའི་ལུགས་སྒྱུར་སྐབས་དང་ལྕགས་ཕག་ལོའི་གསར་བརྗེའི་དུས་སྐབས། ལྔ་བཞིའི་ལས་འགུལ་གྱི་དུས་སྐབས། རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་དང་པོའི་དུས་སྐབས། རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་གཉིས་པའི་དུས་སྐབས། འཇར་འགོག་དམག་འཁྲུག་གི་དུས་སྐབས། རྒྱལ་ནང་གསར་བརྗེའི་དམག་འཁྲུག་ཐེངས་གསུམ་པའི་དུས་སྐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྱི་ལོ་རྒྱུས་དུས་སྐབས་སོགས་ལོ་རྒྱུས་ཀྱི་དུས་སྐབས་མང་པོའི་སྐབས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འགུལ་སྐྱོད་པ་མང་པོ་འདུས་ཡོད། ཁོ་ཚོའི་ཁྲོད་དུ་ལོ18ནས90ཡན་བར་གྱི་མི་ཡོད་ལ་དེའི་ནང་བུད་མེད་འཐུས་མི147དང་གྲངས་ཉུང་མི་རིགས་ཀྱི་འཐུས་མི178ཡོད།

2 ཚོགས་འདུའི་ནང་དོན།

ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཚོགས་འདུའི་དབུ་འབྱེད་གཏམ་བཤད་གནང་བ་དང་། གྲོས་ཚོགས་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟིན་འགོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཧྲའོ་ཆིའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འཆར་ཟིན་སྐོར་གྱི་སྙན་ཞུ》དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་ཁང་གི་ཙུང་ལི་ཀྲོའུ་ཨེན་ལའེ་ཡི《སྲིད་གཞུང་གི་ལས་དོན་སྙན་ཞུར》ཉན་པ་རེད། 《སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ》རུ “རང་རྒྱལ་གྱི་རླབས་ཆེ་བའི་མི་དམངས་གསར་བརྗེའི་རྩ་བའི་དམིགས་ཡུལ་ནི་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩའི་རིང་ལུགས་བཅས་ཀྱི་གཉའ་གནོན་འོག་ནས་ཐར་བ་དང་། རང་རྒྱལ་གྱི་ཐོན་སྐྱེད་ནུས་ཤུགས་དེ་མ་རྩ་རིང་ལུགས་ཀྱི་འཆིང་རྒྱ་དང་ཐོན་སྐྱེད་ཆུང་བའི་ཚོད་འཛིན་འོག་ནས་བཅིངས་འགྲོལ་བཏང་སྟེ། རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་དེ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེད་ནས་འཆར་གཞི་ལྡན་པ་དང་མགྱོགས་མྱུར་ལྡན་པའི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱས་ཏེ། མི་དམངས་ཀྱི་དངོས་པོའི་འཚོ་བ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་རང་རེའི་རྒྱལ་ཁབ་ཀྱི་རང་བཙན་དང་བདེ་འཇགས་སྲ་བརྟན་དུ་གཏོང་ཐུབ་པ་བྱ་དགོས”ཞེས་བཏོན་ཡོད།

གྲོས་ཚོགས་སྟེང་ཀྲུང་གོའི་ལོ་རྒྱུས་སྟེང་གི་མི་དམངས་ཀྱི་རྩ་ཁྲིམས་དང་པོ་སྟེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》གཏན་འབེབས་དང་ཁྱབ་བསྒྲགས་བྱས་ཤིང་། འདི་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་ཁྲིམས་དང་པོ་ཡིན་ལ། རྩ་ཁྲིམས་འདིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ངོ་བོ(བཟོ་བ་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ)དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་སྤྱིའི་དམིགས་ཡུལ་དང་གོམ་རིམ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཆབ་སྲིད་ལམ་ལུགས་དང་མི་དམངས་ཀྱི་ཁེ་དབང་དང་འོས་འགན་སོགས་གཏན་འབེབས་གསལ་བོ་བྱས་ཡོད།

གྲོས་ཚོགས་སྟེང《སྲིད་གཞུང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས》  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས》  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟ་ལག་ལེན་དུ་བསྟར་བཞིན་པའི་བཅའ་ཁྲིམས་དང་བཀའ་ཁྲིམས་མུ་མཐུད་ནུས་ལྡན་ཡིན་པའི་སྐོར་གྱི་གྲོས་ཆོད》བཅས་ལ་གྲོས་འཆམ་བྱུང་།

3 འདེམས་བསྐོའི་མཇུག་འབྲས།

གྲོས་ཚོགས་སྟེང་མའོ་ཙེ་ཏུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཏེ་ཀྲུའུ་ཞི་གཞོན་པར་འདེམས་བསྐོ་བྱས་པ་དང་། ལིའུ་ཧྲའོ་ཆི་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏུང་པི་ཝུའུ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཀྲང་ཏིན་ཁྲེང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་བཅས་ལ་བདམས། དེ་མིན་ཚོགས་ཆེན་སྟེང་ཀྲུའུ་ཞི་མའོ་ཙེ་ཏུང་གི་མིང་འདོན་ལྟར་ཀྲོའུ་ཨེན་ལའེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-06

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།