ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུའུ།
ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ཝུའུ་ཧན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་བྱ་བར་གཙོ་གཉེར་བྱེད་པའི་འགན་ནུས་སྡེ་ཁག་ཅིག་དང་། ཝུའུ་ཧན་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཉེན་རྟོག་པའི་འགོ་ཁྲིད་དང་བཀོད་འདོམས་ལས་ཁུངས་ཤིག་ཡིན། ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་ཝུའུ་ཧན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཧུའུ་པེ་ཞིང་ཆེན་སྤྱི་བདེ་ཐིང་གི་འགོ་ཁྲིད་ཉིས་བརྩེགས་དང་ལེན་བྱེད་དགོས། རྫོང་སོ་སོར་སྤྱི་བདེ་རྫོང་ཡན་ལག་ཅུའུ་དང་། གྲོང་རྡལ་དང་སྲང་ལམ་ཁ་ཤས་སུ་མངགས་གཏོང་ཁང་བཙུགས་ཡོད། སྤྱི་བདེ་ཡན་ལག་རྫོང་ཅུའུ་དང་མངགས་གཏོང་ཁང་སོ་སོས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་དང་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་དང་ལེན་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武汉市公安局
ངོ་བོ།
སྤྱི་བདེ་ལས་ཁུངས།
ཕྱི་ཡིག་གི་མིང་།
Wuhan Municipal Public Security Bureau
གནས་ཡུལ།
ཝུའུ་ཧན་གྲོང་ཁྱེར་ཅང་ཧན་ཆུས་འཕེལ་རྒྱས་ལམ་ཆེན་ཨང188རུ་གནས།
བཙུགས་ལོ།
སྤྱི་ལོ1949ལོ།
1 བྱ་བའི་ལས་འགན།

གཅིག སྤྱི་བདེ་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དང་། ས་གནས་རང་བཞིན་གྱི་འབྲེལ་ཡོད་ཁྲིམས་སྲོལ་འཆར་ཟིན་འགོད་པ།གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་སྲུང་སྐྱོབ་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས།

གཉིས། གྲོང་ཁྱེར་ཡོངས་ཀྱིས་སྲིད་ཇུས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བ་དང་། རྒྱལ་ནང་གི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཁུང་དུ་ཆུད་པ་བྱས་ནས་འབྲེལ་ཡོད་ཐབས་ཇུས་བཟོ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་བྱེད་འགན་འཁུར་དགོས།

གསུམ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྔོན་འགོག་དང་། བཀག་འགོག མྱུལ་ཞིབ་བཅས་བྱེད་པ་དང་། བདེ་འཇགས་ལས་འཛོལ་དང་ཟིང་ཆ་ཐག་གཅོད་བྱེད་པ། བཅའ་ཁྲིམས་ལྟར་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་བྱེད་སྒོར་དོ་དམ་བྱེད་པ། དམིགས་བསལ་ལས་རིགས་དང་ཉེན་ཆེའི་དངོས་རྫས་དོ་དམ་བྱེད་པ་བཅས་ཡིན།

བཞི། འགྲིམ་འགྲུལ་བདེ་འཇགས་དང་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་དང་། འགྲིམ་འགྲུལ་བྱུར་ཉེས་ཐག་གཅོད་བྱེད་དགོས།

ལྔ། མེ་སྐྱོན་འགོག་གསོད་ཀྱི་ལས་ཀ་སྒྲུབ་པའི་སྒྲིག་འཛུགས་བྱ་རྒྱུ་དང་།མེ་སྐྱོན་འགོག་གསོད་ཀྱི་ལྟ་སྐུལ་བྱེད་དགོས།

དྲུག ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་དེ་བཞིན་ཕྱི་རྒྱལ་གྱི་སྐུ་མགྲོན་གལ་ཆེན་རྣམས་ཀྱི་བདེ་འཇགས་ཉེན་སྲུང་གི་ལས་ཀའི་འགན་འཁུར་དགོས།

བདུན། ཐེམ་ཐོ་དང་རྒྱལ་ཁུངས། རྒྱལ་མཚམས་ནས་འགྲོ་འོང་གི་ལས་དོན་དང་ཕྱི་རྒྱལ་བ་གྲོང་ཁྱེར་དེ་གར་སྡོད་པ་དང་ཡུལ་སྐོར་གྱི་འབྲེལ་ཡོད་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས།

བརྒྱད། བཀག་སྡོམ་དང་། བཙན་ཉར་ལས་སྐུལ། ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ་བཅས་ཀྱི་ཁྲིམས་ཆད་ཕོག་པའི་ཉེས་ཅན་དང་བཙོན་ཁང་ཕྱི་ལ་ཁྲིམས་ཆད་ལག་ལེན་བསྟར་བའི་ཉེས་ཅན་ལ་ཉེས་ཆད་གཅོད་པ་དང་ ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཁྱབ་བསྒྲགས་བྱས་པའི་ཉེས་ཅན་ལ་ལྟ་སྐུལ་དང་རྟོག་ཞིབ་བྱེད་དགོས། ཉེས་ཅན་ལྟ་སྲུང་ཁང་དང་། བདེ་འཇགས་བཀག་སྐྱིལ་ཁང་། བཙན་ཐབས་དུག་གཅོད་ཁང་། བསྡུ་ཉར་སློབ་གསོ་ཁང་སོགས་ཀྱི་གནས་ཡུལ་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས།

དགུ། སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་ལས་དོན་ལ་འགན་འཁུར་དགོས།

བཅུ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། གཙོ་གནད་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་སྲུང་སྐྱོབ་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་རྒྱུ་དང་། བདེ་འཇགས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་སོགས་མང་ཚོགས་རང་བཞིན་གྱི་རྩ་འཛུགས་ཀྱི་བདེ་འཇགས་ཉེན་ཟོན་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

བཅུ་གཅིག བཅའ་ཁྲིམས་ལྟར་བསྡུ་ཉར་སློབ་སྐྱོང་དང་ངལ་རྩོལ་སློབ་གཅུན་གྱི་འབྲེལ་ཡོད་ལས་ཀ་བྱེད་འགན་འཁུར་དགོས།

བཅུ་གཉིས། སྤྱི་བདེའི་ཚན་རིག་ལག་རྩལ་གྱི་ལས་དོན་ལག་བསྟར་བྱས་ནས་སྤྱི་བདེའི་ཆ་འཕྲིན་ལག་རྩལ་དང་། ཉེས་དོན་ལག་རྩལ། བྱ་སྤྱོད་ལག་རྩལ་བཅས་འཛུགས་སྐྱོང་བྱེད་འགན་འཁུར་དགོས།

བཅུ་གསུམ། གྲོང་ཁྱེར་ཅུའུ་ཡི་ཐད་གཏོགས་དོ་དམ་སྡེ་ཁག་གི་སྤྱི་བདེ་སྒྲིག་ཆས་དང་། གྱོན་ཆས་དང་འགྲོ་གྲོན་སོགས་ཉེན་རྟོག་འགན་སྲུང་བྱ་བའི་འགན་འཁུར་རྒྱུ་དང་། སྤྱི་བདེ་ཡན་ལག་ཅུའུ་ཀྱི་སྒྲིག་ཆས་དང་ནོར་དོན་སོགས་ཉེན་རྟོག་འགན་སྲུང་བྱ་བར་མཛུབ་སྟོན་བྱེད་དགོས།

བཅུ་བཞི། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་ལག་བསྟར་བྱས་ཏེ་ཁྱོན་ཡོངས་ཀྱི་མི་དམངས་ཉེན་རྟོག་པར་སློབ་གསོ་དང་གསོ་སྦྱོང་དང་དེ་བཞིན་སྤྱི་བདེ་དྲིལ་བསྒྲགས་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱེད་པ་དང་། དབང་ཚད་ལྟར་ལས་བྱེད་པ་དང་ཉེན་རྟོག་པའི་གོ་རྟགས་དོ་དམ་བྱེད་པ། ཉེན་རྟོག་ལས་དོན་ལ་ལྟ་ཞིབ་བྱེད་པ། གྲོང་ཁྱེར་དེ་གའི་སྤྱི་བདེའི་དཔུང་ཁག་གི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་དགོས།

བཅོ་ལྔ། གྲོང་ཁྱེར་འདི་གའི་སྤྱི་བདེ་མེ་ཟོན་དང་ཉེན་སྲུང་དཔུང་སྡེར་འགོ་ཁྲིད་བྱས་ཏེ་དྲག་ཆས་ཉེན་རྟོག་དཔུང་སྡེས་སྤྱི་བདེའི་ལས་འགན་སྒྲུབ་པ་དང་འབྲེལ་ཡོད་ལས་སྒོ་འཛུགས་སྐྱོང་བྱེད་པར་འགོ་ཁྲིད་དང་བཀོད་འདོམས་བྱེད་དགོས།

བཅུ་དྲུག གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་། གྲོང་ཁྱེར་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱིས་སྤྲད་པའི་ལས་དོན་གཞན་དག་སྒྲུབ་འགན་འཁུར་དགོས།  

2 སྒྲིག་གཞིའི་འཛུགས་སྐྲུན། 

(གཅིག)ཉེན་རྟོག་བཀོད་འདོམས་པུའུ།

(གཉིས)ཆབ་སྲིད་པུའུ།

(གསུམ)ཉེན་རྟོག་ལས་དོན་འགན་སྲུང་པུའུ།

(བཞི)སྒྲིག་ཨུ།(གྲོང་ཁྱེར་ལྟ་ཞིབ་ཅུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཀྱི་ལྟ་ཞིབ་ཅུའུ)

(ལྔ)ཉེན་རྟོག་མཉམ་ལས་ཁྲུའུ།

(དྲུག)ཉེན་རྟོག་ལས་དོན་ལྟ་ཞིབ་ཉིང་ལག་རུ་ཁག

(བདུན)དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཉིང་ལག་རུ་ཁག(བཟའ་བཅའ་དང་སྨན་རྫས་ཉེས་གསོག་མྱུལ་ཞིབ་ཉིང་ལག་རུ་ཁག)

(བརྒྱད)བདེ་འཇགས་དོ་དམ་ཉིང་ལག་རུ་ཁག(བདེ་འཇགས་དོ་དམ་ཅུའུ)

(དགུ)ཉེས་དོན་མྱུལ་ཞིབ་ཡན་ལག་རུ་ཁག(ཉེས་དོན་མྱུལ་ཞིབ་ཅུའུ)

(བཅུ)དུག་འགོག་ཉིང་ལག་རུ་ཁག(གྲོང་ཁྱེར་དུག་འགོག་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང)

(བཅུ་གཅིག)རྒྱལ་མཚམས་ནས་འགྲོ་འོང་དོ་དམ་ཉིང་ལག་རུ་ཁག(རྒྱལ་མཚམས་ནས་འགྲོ་འོང་དོ་དམ་ཅུའུ)

(བཅུ་གཉིས)བརྙན་འཕྲིན་མྱུལ་ཞིབ་ཡན་ལག་རུ་ཁག

(བཅུ་གསུམ)བཙོན་ཁང་དོ་དམ་ཡན་ལག་རུ་ཁག

(བཅུ་བཞི)འགྲིམ་འགྲུལ་དོ་དམ་ཡན་ལག་རུ་ཁག(འགྲིམ་འགྲུལ་དོ་དམ་ཅུའུ)

(བཅོ་ལྔ)དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག

(བཅུ་དྲུག)ཁྲིམས་ལུགས་ཡན་ལག་རུ་ཁག

(བཅུ་བདུན)མེ་གསོད་མེ་འགོག་ཡན་ལག་རུ་ཁག(གྲོང་ཁྱེར་སྤྱི་བདེ་མེ་ཟོན་ཅུའུ་དང་དངོས་ཞབས་ཞུ་བ)

(བཅོ་བརྒྱད)ཉེན་སྲུང་ཁྲུའུ(དངོས་ཞབས་ཞུ་བ)

(བཅུ་དགུ)ཆུ་ཐོག་ཡན་ལག་ཅུའུ།

(ཉི་ཤུ)ལྕགས་ལམ་འགྲིམ་འགྲུལ་དོ་དམ་ཡན་ལག་ཅུའུ།

(ཉེར་གཅིག)གྲོང་ཁྱེར་མི་དམངས་ཉེན་རྟོག་པའི་གསོ་སྦྱོང་སློབ་གླིང་།

(ཉེར་གཉིས)ཅང་ཨན་ཁུལ་ཡན་ལག་ཅུའུ།

(ཉེར་གསུམ་པ)ཅང་ཧན་ཁུལ་ཡན་ལག་ཅུའུ།

(ཉེར་བཞི)ཡིའུ་ཁུའུ་ཁུལ་ཡན་ལག་ཅུའུ།

(ཉེར་ལྔ)ཧན་དབྱང་ཆུས་ཡན་ལག་ཅུའུ།

(ཉེར་དྲུག)ཝུའུ་ཁྲང་ཆུས་ཡན་ལག་ཅུའུ།

(ཉེར་བདུན)མཚོ་སྔོན་རི་ཁུལ་ཡན་ལག་ཅུའུ།

(ཉེར་བརྒྱད་པ)ཧུང་ཧྲན་རི་ཁུལ་ཡན་ལག་ཅུའུ།

(ཉེར་དགུ)ཏུང་ཞི་ཧུའུ་ཁུལ་ཡན་ལག་ཅུའུ།

(སུམ་ཅུ)ཧན་ལྷོ་ཁུལ་ཡན་ལག་ཅུའུ།

(སོ་གཅིག)ཚའེ་ཏེན་ཆུས་ཡན་ལག་ཅུའུ།

(སོ་གཉིས)ཅང་ཞ་ཆུས་ཡན་ལག་ཅུའུ།

(སོ་གསུམ)ཧོང་ཕི་ཆུས་ཡན་ལག་ཅུའུ།

(སོ་བཞི)ཞིན་ཀྲོའུ་ས་ཁུལ་ཡན་ལག་ཅུའུ།

(སོ་ལྔ)ཝུའུ་ཧན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཡན་ལག་ཅུའུ།

(སོ་དྲུག)ཝུའུ་ཧན་ཏུང་ཧུའུ་ལག་རྩལ་གསར་སྤེལ་ཁུལ་གྱི་ཡན་ལག་ཅུའུ།

(སོ་བདུན)ཝུའུ་ཧན་གྲོང་ཁྱེར་ཏུང་ཧུའུ་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡན་ལག་ཅུའུ།

(སོ་བརྒྱད)ཝུའུ་ཧན་རྫས་འགྱུར་བཟོ་ལས་ཁུལ་ཡན་ལག་ཅུའུ།

(སོ་དགུ)ནང་སྲུང་ཡན་ལག་རུ་ཁག  

3 ཆ་འཕྲིན་ཕྱོགས་སྟོན།

སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་བྱ་བ་སྔར་ལས་ལེགས་པར་སྤེལ་ནས་སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག(གཤམ་དུ་བསྡུས་མིང་ལ་ཁེ་དབང་སྤྱི་བསྒྲགས་བྱེད་མཁན་ཞེས་འབོད་རྒྱུ)ལ་སྲིད་གཞུང་ཆ་འཕྲིན་འཐོབ་པར་སྟབས་བདེ་ཡོང་ཆེད།《ཝུའུ་ཧན་གྲོང་ཁྱེར་སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་ཀྱི་གནས་སྐབས་ལག་བསྟར་གཏན་འབེབས》(གཤམ་དུ་བསྡུས་མིང་ལ《གནས་སྐབས་ལག་བསྟར་གཏན་འབེབས》ཞེས་འབོད་རྒྱུ)གཞིར་བཟུང་ནས། ཆེད་དུ་ཕྱོགས་སྟོན་འདི་བཟོས་པ་ཡིན།

3_1 གཅིག རང་འགུལ་གྱིས་སྤྱི་བསྒྲགས་བྱེད་པ།

(གཅིག) སྤྱི་བསྒྲགས་ཀྱི་ཁྱབ་ཁུངས།

སྤྱི་ཚོགས་ལ་རང་འགུལ་ངང་སྤྱི་བསྒྲགས་བྱེད་པའི་སྲིད་གཞུང་ཆ་འཕྲིན་གྱི་ཁྱབ་ཁུངས་དེ་ལས་ཁུངས་དེ་གས་བཟོས་པའི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་དཀར་ཆག་ལ་བལྟ་དགོས། སྤྱི་བསྒྲགས་ཁེ་དབང་འཛིན་མཁན་གྱིས་ཝུའུ་ཧན་སྲིད་དོན་དྲ་བའི་སྤྱི་བདེ་དྲ་ངོས་ཐོག་ནས་ལྟ་ཞིབ་བྱས་ཆོག་ལ། ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུའུ་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱ་བའི་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་དུ་སོང་ནས་དཀར་ཆག་དེ་བལྟས་ཀྱང་ཆོག

(གཉིས)ཡོངས་བསྒྲགས་བྱེད་སྟངས།

རང་འགུལ་གྱིས་སྤྱི་བསྒྲགས་བྱས་པའི་སྲིད་གཞུང་ཆ་འཕྲིན་ལ་གཙོ་བོ་གཤམ་གྱི་རྣམ་པ་སྤྱད་དེ་སྤྱི་བསྒྲགས་བྱ་དགོས་ཏེ། 1 .ཝུའུ་ཧན་སྲིད་དོན་དྲ་བའི་སྤྱི་བདེ་དྲ་ངོས་དང་། 2.ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཀྱི་ཆ་འཕྲིན་འདྲི་རྩད་མ་ལག(རེག་རེག་ཚུལ་གྱི་གློག་ཀླད) 3.གསར་འགྱུར་སྨྱན་སྦྱོར། 4.རྣམ་པ་གཞན་དག་བཅས་ཡིན།

(གསུམ) སྤྱི་བསྒྲགས་དུས་ཡུན།

རང་འགུལ་ངང་ཡོངས་བསྒྲགས་བྱེད་དགོས་པའི་སྲིད་གཞུང་གི་ཆ་འཕྲིན་སྣ་ཚོགས་གྲུབ་རྗེས་ཚན་པ་དེ་གས་དུས་ཐོག་ཏུ་ཡོངས་བསྒྲགས་བྱ་རྒྱུ་དང་། དམིགས་བསལ་རྒྱུ་རྐྱེན་གྱིས་རྐྱེན་པས་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་མི་ཐུབ་པའི་རིགས་ཡོངས་བསྒྲགས་བྱེད་པའི་དུས་ཚོད་དེ་ཆ་འཕྲིན་གྲུབ་རྗེས་ཀྱི་ལས་ཀའི་ཉིན15ལས་འགོར་གྱིན་མེད།

3_2 གཉིས། རེ་ཞུ་ལྟར་སྤྱི་བསྒྲགས་བྱེད་པ།

(གཅིག)བདག་སྤྲོད་ལས་ཁུངས།

ལས་ཁུངས་རང་གིས་སྤྱི་ལོ2004ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་རེ་ཞུ་དངོས་སུ་བདག་སྤྲོད་བྱས་པ་དང་། བདག་སྤྲོད་ལས་ཁུངས་ཏེ། ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུའུ་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་(གཤམ་དུ་གྲོང་ཁྱེར་ཅུའུ་ཀྱི་ཆེད་འཛིན་འཛིན་གྲྭ་ཞེས་བསྡུས་མིང་འབོད་རྒྱུ)དང་། གཞུང་ལས་ས་གནས། ཝུའུ་ཧན་གྲོང་ཁྱེར་ཅང་ཧན་ཁུལ་འཕེལ་རྒྱས་ལམ་ཆེན་ཨང188རུ་གནས། གཞུང་ལས་སྒྲུབ་ཡུན། གཟའ་ཟླ་བ་ནས་གཟའ་པ་སངས་བར་གྱི་སྔ་དྲོའི་ཆུ་ཚོད9:00:11:30 ཕྱི་དྲོའི་ཆུ་ཚོད2:40ནས5བར་ཡིན།

(གཉིས) སྤྱི་བསྒྲགས་ཁྱབ་ཁུངས།

སྤྱི་བསྒྲགས་ཁེ་དབང་ཅན་ལ་ལས་ཁུངས་དེས་རང་འགུལ་གྱིས་སྤྱི་བསྒྲགས་བྱེད་དགོས་པ་ལས《གནས་སྐབས་གཏན་འབེབས》ཀྱི་དོན་ཚན་བཅུ་བའི་ནང་དུ་སྤྱི་བསྒྲགས་མི་བྱེད་པའི་སྲིད་གཞུང་ཆ་འཕྲིན་གྱི་ཁུངས་སུ་མི་གཏོགས་ཚེ། ཐོབ་རྒྱུའི་རེ་ཞུ་བྱས་ཆོག

(གསུམ)ཡོངས་གྲགས་ཀྱི་གོ་རིམ།

1 རེ་འདུན་ཞུ་བ།

ཁེ་དབང་ཅན་གྱིས་རང་ལས་ཁུངས་ལ་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱེད་པའི་རེ་ཞུ་བྱེད་ན།《སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་རེ་ཞུ་རེའུ་མིག》འབྲི་དགོས།《རེ་ཞུའི་རེའུ་མིག》བསྐྱར་བཟོ་བྱས་ན་གོ་ཆོད་པས།བདག་སྤྲོད་བྱེད་ས་ནས་བླངས་ཆོག་ལ།གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་དྲ་ཚིགས་ནས་ཕབ་ལེན་བྱས་ཀྱང་ཆོག

ཐག་གཅོད་རེ་ཞུའི་ལས་ཆོད་མཐོར་འདེགས་གཏོང་ཆེད། ཁེ་དབང་ཅན་གྱིས་དགོས་ངེས་ཀྱི་ཆ་འཕྲིན་ཞིབ་བརྗོད་བྱེད་པར་གང་ཐུབ་ཀྱིས་ཞིབ་ཚགས་དང་། ཁ་གསལ། གལ་ཏེ་སྒྲུབ་ཐུབ་པ་བཅས་ཡིན་དགོས། ཆ་འཕྲིན་འདིའི་ཁ་བྱང་དང་ཁྱབ་བསྒྲགས་དུས་ཚོད། ཡིག་ཆ་གཏོང་བའི་ཡིག་ཨང་ངམ་ཡང་ན་ཆ་འཕྲིན་འདི་གསལ་བོར་བྱེད་པར་ཕན་པའི་གསལ་འདེབས་གཞན་དག་འདོན་སྤྲོད་བྱེད་དགོས།

རེ་ཞུ་བྱེད་སྟངས། (1)དྲ་སྦྲེལ་བརྒྱུད་ནས་རེ་ཞུ་བྱེད་པ། སྤྱི་བསྒྲགས་ཁེ་དབང་ཅན་གྱིས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་དྲ་ཚིགས་སྟེང་གློག་རྡུལ་པར་གཞི《རེ་ཞུའི་རེའུ་མིག》ཕབ་ལེན་བྱས་ཏེ།《རེ་ཞུའི་རེའུ་མིག》བྲིས་རྗེས་གློག་རྡུལ་སྦྲག་རྫས་བརྒྱུད་ནས་བསྐུར་ན་ཆོག (2)འཕྲིན་ཡིག་དང་གློག་འཕྲིན། བརྙན་སྐྱེལ་བཅས་ཀྱི་རེ་ཞུ།སྤྱི་བསྒྲགས་ཁེ་དབང་ཅན་གྱིས་འཕྲིན་ཡིག་གི་རྣམ་པས་རེ་ཞུ་བྱས་ཆོག་པ་མ་ཟད། འཕྲིན་ཡིག་གི་གཡོན་ཟུར་དུ“སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་རེ་ཞུ”ཞེས་པའི་ཡི་གེ་གསལ་བོར་འགོད་དགོས། སྤྱི་བསྒྲགས་ཁེ་དབང་ཅན་གྱིས་གློག་འཕྲིན་དང་བརྙན་སྐྱེལ་བྱེད་ཐབས་སྤྱད་ནས་རེ་ཞུ་བཏོན་རིགས། འོས་འཚམ་གྱི་གནས་སུ“སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་རེ་ཞུ”ཞེས་པའི་ཡི་གེ་གསལ་བོར་འགོད་དགོས། (3)ངག་ཐོག་ནས་རེ་འདུན་ཞུ་བ། སྤྱི་བསྒྲགས་ཁེ་དབང་འཛིན་མཁན་གྱིས་ངག་ཐོག་ནས་རེ་ཞུ་བཏོན་ཆོག་ལ། ལས་ཁུངས་དེ་གའི་བདག་སྤྲོད་ལས་ཁུངས་ཀྱིས་ཁེ་དབང་འཛིན་མཁན་གྱི་གཞི་རྩའི་གནས་ཚུལ(དཔེར་ན་ཁེ་དབང་འཛིན་མཁན་གྱི་མིང་དང་།བྱ་བའི་ལས་ཁུངས་སམ་ཡང་ན་ཁྱིམ་ཚང་གི་སྡོད་གནས།ལག་ཁྱེར་གྱི་མིང་དང་ཨང་གྲངས།འབྲེལ་གཏུག་བྱེད་སྟངས་སོགས)དང་རེ་ཞུའི་ནང་དོན་གཙོ་བོ་སྤྱི་བསྒྲགས་བྱས་ཏེ་ཟིན་བྲིས་སུ་འགོད་དགོས།

3_3 གསུམ། རེ་ཞུ་ཐག་གཅོད།

(1)ཞིབ་བཤེར།①གྲོང་ཁྱེར་ཅུའུ་ཡི་ཆེད་དོན་འཛིན་གྲྭར་རེ་ཞུ་འབྱོར་རྗེས་རེ་ཞུའི་རྣམ་པའི་ཆ་རྐྱེན་གལ་ཆེན་ཆ་ཚང་ཡིན་མིན་ལ་ཞིབ་བཤེར་བྱ་རྒྱུ་དང་། ཆ་རྐྱེན་གལ་ཆེན་ཆ་ཚང་མེད་རིགས་དུས་ཐོག་ཏུ་ཡོངས་བསྒྲགས་ཁེ་དབང་འཛིན་མཁན་ལ་ཁ་གསབ་བྱེད་དགོས་པའི་བརྡ་ཐོ་གཏོང་རྒྱུ་རེད།②སྤྱི་བསྒྲགས་ཁེ་དབང་ཅན་གྱི་ཡིག་ཆ་རྐྱང་པའི་ནང་དུས་མཉམ་དུ་རང་ཚུགས་ཀྱི་བླང་བྱ་འགའ་བཏོན་རིགས། བླང་བྱ་མི་འདྲ་བར་དམིགས་པའི་ལན་འདེབས་སྡེ་ཁག་མི་འདྲ་བར་གཞིགས་ནས།ཐག་གཅོད་ལས་ཆོད་མཐོར་འདེགས་གཏོང་ཆེད། ཡོངས་གྲགས་ཀྱི་ཁེ་དབང་འཛིན་མཁན་གྱིས་བླང་བྱ་མི་འདྲ་བར་གཞིགས་ནས་སོ་སོར་རེ་ཞུ་འདོན་རྒྱུའི་གྲོས་འགོ་འདོན་དགོས།

(2)ཐོ་འགོད།

《རེ་ཞུའི་རེའུ་མིག》གི་ཁ་སྐོང་ཆ་ཚང་བྱས་པ་མ་ཟད་ཡོངས་བསྒྲགས་ཁེ་དབང་འཛིན་མཁན་གྱིས་ནུས་ལྡན་གྱི་ཐོབ་ཐང་དཔང་ཡིག་འདོན་སྤྲོད་བྱས་པའི་རེ་ཞུ་དེ་དུས་ཐོག་ཏུ་ཐོ་འགོད་བྱེད་པ་མ་ཟད།རེ་ཞུ་འབྱོར་བའི་སྔ་གཞུག་གི་གོ་རིམ་ལྟར་ཐག་གཅོད་བྱ་དགོས།

(3)ལན་འདེབས།

སྡེ་ཚན་དེ་གའི་བདག་སྤྲོད་ལས་ཁུངས་ཀྱིས་རེ་འདུན་ཞུ་ཡིག་འབྱོར་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས15ནང་གཤམ་གསལ་གནས་ཚུལ་ལྟར་ལན་འདེབས་དགོས།(དམིགས་བསལ་གནས་ཚུལ་ལ་ཞིབ་མཆན་བཀོད་པ་བརྒྱུད་ལས་ཀའི་ཉིན་གྲངས15རིང་དུ་བཏང་ཆོག)

①ཡོངས་བསྒྲགས་བྱེད་ཆོག་པའི་སྲིད་གཞུང་གི་ཆ་འཕྲིན་ལ་གཏོགས་པ་དང་། ཡོངས་བསྒྲགས་ཁེ་དབང་འཛིན་མཁན་གྱིས་ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཀྱི་ལག་ཁྱེར་གཉེར་བའི་ཚོམས་ཆེན་ནས་ཁྱབ་བསྒྲགས་བྱས་པའི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་དཀར་ཆག་གམ་ཡང་ན་ཝུའུ་ཧན་སྲིད་དོན་དྲ་བའི་སྤྱི་བདེའི་ཤོག་ངོས་གཙོ་བོར་འགོད་ཆོག ②སྤྱི་བསྒྲགས་བྱས་པའི་སྲིད་གཞུང་ཆ་འཕྲིན་ལ་གཏོགས་ཏེ།སྤྱི་བསྒྲགས་ཀྱི་ཁེ་དབང་ཅན་གྱི་མི་ཁག་ཅིག་ལ་སྤྱི་བསྒྲགས་བྱེད་པའི་རྒྱུ་མཚན་བཤད་དགོས། ③སྤྱི་བསྒྲགས་མི་བྱེད་པའི་སྲིད་གཞུང་ཆ་འཕྲིན་ལ་གཏོགས་ཏེ།སྤྱི་བསྒྲགས་ཁེ་དབང་ཅན་གྱིས་སྤྱི་བསྒྲགས་མི་བྱེད་པའི་རྒྱུ་མཚན་ཤེས་སུ་འཇུག་དགོས། ④རང་ཚན་པའི་ཁུངས་སུ་མི་གཏོགས་པའི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཁེ་དབང་འཛིན་མཁན་ལ་སྲིད་གཞུང་ཆ་འཕྲིན་ཁུང་དུ་ཆུད་པའི་ལས་ཁུངས་དང་འབྲེལ་གཏུག་བྱེད་སྟངས་ཤེས་སུ་འཇུག་དགོས། ⑤རེ་ཞུ་སྤྱི་བསྒྲགས་བྱས་པའི་སྲིད་གཞུང་ཆ་འཕྲིན་མེད་རིགས།སྤྱི་བསྒྲགས་ཁེ་དབང་ཅན་གྱི་དངོས་ཡོད་གནས་ཚུལ་བཤད་དགོས།

གསུམ། ལྟ་སྐུལ་བྱེད་སྟངས།

ཡོངས་བསྒྲགས་ཁེ་དབང་ཡོད་མཁན་གྱིས་ཚན་པ་དེ་གའི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་ཐད་གྲོང་ཁྱེར་ཅུའུ་ཀྱི་ཆེད་དོན་འཛིན་གྲྭར་ཞུ་གཏུག་གམ་ཡང་ན་ཞུ་གཏུག་གཞུང་ལས་ས་གནས་ལ་ཞུ་གཏུག་བྱེད་ཆོག

ཝུའུ་ཧན་གྲོང་ཁྱེར་ཅང་ཧན་ཁུལ་འཕེལ་རྒྱས་ལམ་ཆེན་ཨང188པ་རུ་གནས།

ལྟ་ཞིབ་ལས་ཁུངས་ལ་ཐེར་འདོན་བྱས་ཀྱང་ཆོག་ལ། སྲིད་འཛིན་བསྐྱར་གྲོས་སམ་ཡང་ན་སྲིད་འཛིན་གཏུག་བཤེར་གྱི་བྱེད་ཐབས་སྤྱད་ནས་ཐག་གཅོད་བྱས་ཀྱང་ཆོག 

4 ལས་ཐོག་འགོ་ཁྲིད།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་ཏང་ཨུའི་ཧྲུའུ་ཅི་དང་ཅུའུ་ཀྲང་། ལི་དབྱི་ལུང་།

ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཅུའུ་ཀྲང་གཞོན་པ། ཞ་ཅན་ཀྲུང་།

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཅུའུ་ཀྲང་གཞོན་པ། ཞུང་པོ།

གྲོང་ཁྱེར་སྤྱི་བདེ་ཅུའུ་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་། ཡེ་ཞའོ་ཅུང་།

ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པ་དང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཅིག་ལྕོགས། ལིའུ་ནན་ཧྭ།

ཏང་ཨུའི་ཨུ་ཡོན་དང་། ཅུའུ་ཀྲང་གཞོན་པ། ལི་ཧྲུན་ཉན་དང་། ཀྲང་རུང་ཁྲེང་། ཞ་ཅུན། ཧྥང་ཡུང་།

ཏང་ཨུའི་ཨུ་ཡོན་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རེན། ཝང་ཡུན་ཆའོ།

ཏང་ཨུའི་ཨུ་ཡོན་དང་ཉེན་རྟོག་བཀོད་འདོམས་པུའུ་ཡི་ཀྲུའུ་རེན། ཕེང་ལེ།   

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ་བཅུ་གཉིས་པར་ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཆབ་སྲིད་པུའུ་ལ་ཧུའུ་པེ་ཞིང་ཆེན་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གིས“ཧུའུ་པེ་ཞིང་ཆེན་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་གྱི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།   

སྤྱི་ལོ2020ལོའི་ཟླ་དང་པོའི་ཚེས8ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུའུ་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི“རྨ་ཆུ་ལོག་སེལ”གྱི་སྔོན་ཐོན་མཉམ་སྡེབ་ཡོངས་བསྒྲགས་མིང་ཐོའི་ནང་ཚུད་པ(ཡོངས་བསྒྲགས་དུས་ཚོད་ནི་སྤྱི་ལོ2020ལོའི་ཟླ1པོའི་ཚེས8ནས་ཟླ1པོའི་ཚེས14ཉིན་བར) རེད།   

སྤྱི་ལོ2020ལོའི་ཟླ9པའི་ཚེས29ཉིན“གློ་ཚད་གསར་པའི་རིམས་ནད་འགོག་རྒོལ་བྱེད་པའི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་བདེ་ཅུའུ། ལས་ཁུངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-19

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།